ཨུ་ཤུའི་ཡུལ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ག་རུ་ཎ་ས་ཝརྞའི་ཡུལ་དེ་ནས་ལྷོ་ནུབ་ཏུ་རྒྱང་གྲགས་བདུན་བརྒྱ་ཙམ་བགྲོད་པ་ན་ཨུ་ཤུའི་ཡུལ་ལོ།། དེའི་ཐ་གྲུར་རྒྱང་གྲགས་བདུན་སྟོང་ཙམ་དང་། དཀྱིལ་མཁར་ཆེ་བའི་མཐའ་བསྐོར་དུ་རྒྱང་གྲགས་ཉི་ཤུ་ཙམ། ས་གཞི་ཤིན་ཏུ་གཤིན་ཞིང་གནམ་གཤིས་དྲོ་ཞིང་འཇམ་པ་འབྲུ་ཐམས་ཅད་འདེབས་ཤིང་། མེ་ཏོག་དང་ཤིང་ཏོག་གི་རིགས་ཤིན་ཏུ་མང་ཞིང་ཤིང་ཏོག་ཤིང་འབྲས་རྣམས་ཡུལ་གཞན་གྱི་ཤིང་འབྲས་ལས་ཤིན་ཏུ་ཆེའོ།། གཙུག་ལག་ཁང་བརྒྱ་ལྷག་པ་དགེ་འདུན་ཆིག་ཁྲི་ལྷག་ཡོད་པ་དང་ཚང་མ་ཐེག་ཆེན་པ་དང་། མུ་སྟེགས་པའི་ལྷ་ཁང་ལྔ་བཅུ་ལྷག་པར་ཕྱི་པ་རིགས་མི་གཅིག་པ་འདྲེས་ཏེ་གནས་སོ།། རྒྱལ་པོ་ཨ་ཤོས་ཀས་བཞེངས་པའི་མཆོད་རྟེན་བཅུ་ཕྲག་ཡོད་པ་ནི་ཐམས་ཅད་སྟོན་པས་ཆོས་གསུངས་པའི་གནས་སོ།།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
烏茶国
ཁོངས་གཏོགས་རྒྱལ་ཁབ།
རྒྱ་གར།
རིགས་དབྱེ།
གནའ་བོའི་རྒྱལ་ཁབ།
1 ངོ་སྤྲོད།

ག་རུ་ཎ་ས་ཝརྞའི་ཡུལ་དེ་ནས་ལྷོ་ནུབ་ཏུ་རྒྱང་གྲགས་བདུན་བརྒྱ་ཙམ་བགྲོད་པ་ན་ཨུ་ཤུའི་ཡུལ་ལོ།། དེའི་ཐ་གྲུར་རྒྱང་གྲགས་བདུན་སྟོང་ཙམ་དང་། དཀྱིལ་མཁར་ཆེ་བའི་མཐའ་བསྐོར་དུ་རྒྱང་གྲགས་ཉི་ཤུ་ཙམ། ས་གཞི་ཤིན་ཏུ་གཤིན་ཞིང་གནམ་གཤིས་དྲོ་ཞིང་འཇམ་པ་འབྲུ་ཐམས་ཅད་འདེབས་ཤིང་། མེ་ཏོག་དང་ཤིང་ཏོག་གི་རིགས་ཤིན་ཏུ་མང་ཞིང་ཤིང་ཏོག་ཤིང་འབྲས་རྣམས་ཡུལ་གཞན་གྱི་ཤིང་འབྲས་ལས་ཤིན་ཏུ་ཆེའོ།། གཙུག་ལག་ཁང་བརྒྱ་ལྷག་པ་དགེ་འདུན་ཆིག་ཁྲི་ལྷག་ཡོད་པ་དང་ཚང་མ་ཐེག་ཆེན་པ་དང་། མུ་སྟེགས་པའི་ལྷ་ཁང་ལྔ་བཅུ་ལྷག་པར་ཕྱི་པ་རིགས་མི་གཅིག་པ་འདྲེས་ཏེ་གནས་སོ།། རྒྱལ་པོ་ཨ་ཤོས་ཀས་བཞེངས་པའི་མཆོད་རྟེན་བཅུ་ཕྲག་ཡོད་པ་ནི་ཐམས་ཅད་སྟོན་པས་ཆོས་གསུངས་པའི་གནས་སོ།།

2 གཙུག་ལག་ཁང་།

ཡུལ་དེའི་ལྷོ་ནུབ་མཚམས་སུ་པུ་ཥྤེ་ཏྲིའི་གཙུག་ལག་ཁང་ཞིག་ཡོད་པ་དང་དེར་རྡོའི་མཆོད་རྟེན་མང་པོ་ཡོད་པ་བྱིན་རླབས་ཤིན་ཏུ་ཆེ་བར་སྣང་ངོ་།། གསོ་སྦྱོང་གི་ཉིན་སྒྲོན་མེ་སྒྲོན་པ། དེའི་རྒྱུ་མཚན་ནི་ས་ཐག་ཉེ་རིང་གི་མི་རྣམས་ལམ་གྱི་ངལ་དུབ་ཁྱད་དུ་བསད་ནས་ཕྱག་མཆོད་དང་སྐོར་བའི་དོན་དུ་རྒྱུན་པར་འདུ་ཞིང་ཚོགས་པའོ།།

3 ཙ་རྱ་རྟ་དྲེའི་གྲོང་ཁྱེར།

ཡུལ་དེའི་ཤར་ལྷོའི་མཚམས་སུ་རྒྱ་མཚོའི་འགྲམ་དང་ཉེ་བར་ཙ་རྱ་རྟ་དྲེའི་གྲོང་ཁྱེར་སྟེ། རྒྱ་མཚོར་ཚོང་ལ་འགྲོ་བའི་དེད་དཔོན་འགྲོན་པོ་རྣམས་ངལ་གསོ་བའི་གནས་ཏེ་ཐ་གྲུར་རྒྱང་གྲགས་ཉི་ཤུ་ཙམ་ཡོད་དོ།། མི་རྣམས་ཤིན་ཏུ་དཔའ་ཞིང་བརྟན་པ་དང་། ལྷོ་ཕྱོགས་སིངྒྷ་ལའི་ཡུལ་དང་རྒྱང་གྲགས་ཉི་ཁྲི་ཙམ་གྱི་བར་ཐག་ཡོད་ཀྱང་སིངྒྷ་ལའི་ཡུལ་གྱི་རྒྱལ་བའི་ཚེམས་བཞུགས་པའི་མཆོད་རྟེན་གྱི་ཏོག་གི་རྡོ་རྗེ་ཕ་ལམ་སྐར་ཆེན་ནམ་མཁར་ཤར་བ་ལྟར་མཚན་མོ་འོད་འབར་བ་མཐོང་ངོ་།།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-12-12

གསར་སྤེལ་མཁན། :སེང་ལྡེང་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།