ཀ་མ་རུ་པའི་ཡུལ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

བེ་ན་བྷ་ཐནཱའི་ཡུལ་དེ་ནས་ཤར་ཕྱོགས་སུ་རྒྱང་གྲགས་དགུ་བརྒྱ་བགྲོད་ནས་ཆུ་ཀླུང་ཆེན་པོ་ཞིག་བརྒལ་བ་ན། ཀ་མ་རུ་པའི་ཡུལ་དེའི་ཐ་གྲུ་རྒྱང་གྲགས་ཁྲི་ཚོ་གཅིག་ཡོད་དོ།། གཞུང་མཁར་ཁོར་ཡུག་ཏུ་རྒྱང་གྲགས་སུམ་ཅུ་ལྷག་ཡོད་པ། ས་གཞི་དྲོ་ལ་གཤེར་བའི་འབྲུ་གང་ཡང་འདེབས་ཤིང་། ལྷག་པར་ཤིང་ཏོག་སྲ་ན་ས་དང་ན་ར་ཀི་ར་མོད་པ་དང་ཤིང་ཏོག་དེ་དག་གི་རིན་ཆེའོ།། མིའི་རང་བཞིན་སྡུར་མ་ལུས་བོངས་ཆུང་བ་གདོང་ནག་པ། ཆུ་ཀླུང་རིགས་དང་མཚོ་རྫིང་འདྲེས་མར་གནས་པ། གྲོང་དང་ལྗོངས་ཀྱང་ཆལ་མར་གདལ་བ། སྐད་རིགས་མ་གྷ་ཏ་པ་ལས་ཅུང་མི་མཐུན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
迦摩缕波国
ཕྱི་ཡིག་གི་མིང་།
Kamarupa
ཁོངས་གཏོགས་རྒྱལ་ཁབ།
ཨེ་ཤེ་ཡ་ལྷ་མ།
རིགས་དབྱེ།
གནའ་བོའི་རྒྱལ་ཁབ།
1 ​ངོ་སྤྲོད།

བེ་ན་བྷ་ཐནཱའི་ཡུལ་དེ་ནས་ཤར་ཕྱོགས་སུ་རྒྱང་གྲགས་དགུ་བརྒྱ་བགྲོད་ནས་ཆུ་ཀླུང་ཆེན་པོ་ཞིག་བརྒལ་བ་ན། ཀ་མ་རུ་པའི་ཡུལ་དེའི་ཐ་གྲུ་རྒྱང་གྲགས་ཁྲི་ཚོ་གཅིག་ཡོད་དོ།། གཞུང་མཁར་ཁོར་ཡུག་ཏུ་རྒྱང་གྲགས་སུམ་ཅུ་ལྷག་ཡོད་པ། ས་གཞི་དྲོ་ལ་གཤེར་བའི་འབྲུ་གང་ཡང་འདེབས་ཤིང་། ལྷག་པར་ཤིང་ཏོག་སྲ་ན་ས་དང་ན་ར་ཀི་ར་མོད་པ་དང་ཤིང་ཏོག་དེ་དག་གི་རིན་ཆེའོ།། མིའི་རང་བཞིན་སྡུར་མ་ལུས་བོངས་ཆུང་བ་གདོང་ནག་པ། ཆུ་ཀླུང་རིགས་དང་མཚོ་རྫིང་འདྲེས་མར་གནས་པ། གྲོང་དང་ལྗོངས་ཀྱང་ཆལ་མར་གདལ་བ། སྐད་རིགས་མ་གྷ་ཏ་པ་ལས་ཅུང་མི་མཐུན།

2 ལྷ་སྲེད་མེད་རྒྱལ་པོ།

རྒྱལ་པོ་ནི་ལྷ་སེད་མེད་ཀྱི་བུ་ལས་མཆེད་པའི་བྲམ་ཟེའི་རིགས་པ་པ་པྲ་ཀ་ན་ཟེར་རོ་ཡུལ་མི་དམངས་ཀུན་མཆོག་ལ་དད་པ་མེད་ཅིང་གཙོ་བོ་གསུམ་གྱིས་གཙོས་འཇིག་རྟེན་པའི་ལྷ་ཁོ་ན་ལ་བརྟེན་ནོ།། དཀོན་མཆོག་ལ་མོས་པ་རེ་གཉིས་ཙམ་ཡོད་པ་ནི། གཟུངས་སྔགས་དང་ཡིད་ཀྱིས་གསོལ་བ་བཏབ་པ་ཙམ་ཡིན། མུ་སྟེགས་པའི་ལྷ་ཁང་བརྒྱ་ཕྲག་དུ་མ་ཡོད་པར་ཕྱི་རོལ་པ་ཁྲི་ཕྲག་དུ་མ་གནས་སོ།། རྒྱལ་པོ་ཡང་མི་རབས་སྟོང་དུ་དབུ་རྨོག་བཙན་པར་གནས་སོ།། སློབ་གཉེར་ལ་འགྲུས་པ་ཡོན་ཏན་ལ་དགའ་བ་ཕྱི་ནང་གི་ཕྱོགས་སུ་མ་གཏོགས་ཀྱང་། རིས་མེད་ཀྱི་མཁས་པ་ལ་བཀུར་སྟི་ཆེ་བ་ཞིག་ཡིན།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-12-12

གསར་སྤེལ་མཁན། :སེང་ལྡེང་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།