བེ་ན་བྷ་ཐནཱའི་ཡུལ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཧེ་ཊུངྒི་རིའི་ཡུལ་དེ་ནས་ཤར་ཕྱོགས་སུ་གངྒཱ་བརྒལ་ཏེ་འགྲམ་བརྒྱུད་དེ་རྒྱང་གྲགས་དྲུག་བརྒྱ་ལྷག་ཙམ་ཕྱིན་པ་ན་བེ་ན་བྷ་ཐནཱའི་ཡུལ་ལོ།། དེའི་ཐ་གྲུར་རྒྱང་གྲགས་སྟོང་ཕྲག་བཞི་ཙམ་དང་། ལྟེ་བའི་མཁར་ཆེན་པོའི་ཐ་གྲུ་རྒྱང་གྲགས་སུམ་ཅུ་ལྷག་ཙམ། མི་ཁྱིམ་རབ་ཏུ་མང་པོའི་མེ་ཏོག་གི་ཤིང་དང་བཟའ་ཤིང་གི་རྭ་བ་དག་གིས་གཏམས་པ། སྲ་ན་ས་ཟེར་པའི་ཤིང་ཏོག་ཤིན་ཏུ་མོད་ཅིང་རིན་ཆེ་བ། མིའི་རང་བཞིན་འཇམ་ལ་སློབ་གཉེར་ལ་བརྩོན་པ་ཆེ་བ། གཙུག་ལག་ཁང་ཉི་ཤུ་ལ་དགེ་འདུན་སྟོང་ཕྲག་གསུམ་ལྷག་ཡོད་པ་ཚང་མ་ཐེག་པ་ཆེ་ཆུང་སྦྲགས་མར་སྤྱོད་པ་དང་། ཕྱི་རོལ་པའི་ལྷ་ཁང་བརྒྱ་ཕྲག་གཅིག་ལ་གཅེར་བུ་པ་དང་གྲངས་ཅན་པ་འདྲེས་མར་གནས་སོ།།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
奔那伐弹那国
ཕྱི་ཡིག་གི་མིང་།
Pundavardhana
རིགས་དབྱེ།
གནའ་བོའི་རྒྱལ་ཁབ།
1 ངོ་སྤྲོད།

ཧེ་ཊུངྒི་རིའི་ཡུལ་དེ་ནས་ཤར་ཕྱོགས་སུ་གངྒཱ་བརྒལ་ཏེ་འགྲམ་བརྒྱུད་དེ་རྒྱང་གྲགས་དྲུག་བརྒྱ་ལྷག་ཙམ་ཕྱིན་པ་ན་བེ་ན་བྷ་ཐནཱའི་ཡུལ་ལོ།། དེའི་ཐ་གྲུར་རྒྱང་གྲགས་སྟོང་ཕྲག་བཞི་ཙམ་དང་། ལྟེ་བའི་མཁར་ཆེན་པོའི་ཐ་གྲུ་རྒྱང་གྲགས་སུམ་ཅུ་ལྷག་ཙམ། མི་ཁྱིམ་རབ་ཏུ་མང་པོའི་མེ་ཏོག་གི་ཤིང་དང་བཟའ་ཤིང་གི་རྭ་བ་དག་གིས་གཏམས་པ། སྲ་ན་ས་ཟེར་པའི་ཤིང་ཏོག་ཤིན་ཏུ་མོད་ཅིང་རིན་ཆེ་བ། མིའི་རང་བཞིན་འཇམ་ལ་སློབ་གཉེར་ལ་བརྩོན་པ་ཆེ་བ། གཙུག་ལག་ཁང་ཉི་ཤུ་ལ་དགེ་འདུན་སྟོང་ཕྲག་གསུམ་ལྷག་ཡོད་པ་ཚང་མ་ཐེག་པ་ཆེ་ཆུང་སྦྲགས་མར་སྤྱོད་པ་དང་། ཕྱི་རོལ་པའི་ལྷ་ཁང་བརྒྱ་ཕྲག་གཅིག་ལ་གཅེར་བུ་པ་དང་གྲངས་ཅན་པ་འདྲེས་མར་གནས་སོ།།

2 གཙུག་ལག་ཁང་།

གྲོང་ཁྱེར་གྱི་ནུབ་ཕྱོགས་ཀྱི་རྒྱང་གྲགས་ཉི་ཤུ་ལྷག་ན་བ་ཤི་བའི་གཙུག་ལག་ཁང་ཡོད་པ་དང་།  དེར་དགེ་འདུན་བདུན་བརྒྱ་ལྷག་བཞུགས་པ་ཐེག་ཆེན་པ་ཁོ་ནའོ།། རྒྱ་གར་ཤར་ཕྱོགས་སུ་རིག་གནས་ལ་མཁས་པར་གྲགས་པ་དང་རྟོགས་པ་མཐོ་བར་གྲགས་པའི་བཙུན་པ་ཕལ་ཆེར་འདིར་གནས་ཡོད། དེའི་ལོགས་སུ་ཨ་ཤོ་ཀས་མཆོད་རྟེན་ཞིག་བཞེངས་ཡོད་པ་དེ་ནི་སྟོན་པ་གནས་འདིར་ཟླ་བ་གསུམ་བཞུགས་ཏེ་ལྷ་མི་རྣམས་ལ་ཆོས་གསུངས་པའི་གནས་སོ།། གསོ་སྦྱོང་གི་ཉིན་ལ་བབས་པ་ན་སྒྲོན་མེ་སྒྲོན་པ་ཞིག་གོ། དེ་དང་ཉེ་བར་འདས་སངས་རྒྱས་བཞི་ཀའི་བཞུགས་ཁྲི་དང་མཛད་རྗེས་ཡོད་དོ།། ཡང་དེའི་ལོགས་སུ་གཙུག་ལག་ཁང་ཞིག་ཡོད་པའི་ནང་དུ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྐུ་བརྙན་ཞིག་ཡོད་པ་དང་། དེར་བྱིན་རླབས་ཤིན་ཏུ་ཆེ་བས་ཐག་ཉེ་རིང་ན་གནས་པ་ཐམས་ཅད་ཀྱིས་ཐུན་མོང་ལ་གྲགས་པས་སྨྱུང་བར་གནས་ཏེ་དངོས་སུ་མཐོང་བར་གསོལ་བ་བཏབ་པས་ཕལ་ཆེར་འདོད་པ་བཞིན་འབྱུང་ངོ་།།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-12-12

གསར་སྤེལ་མཁན། :སེང་ལྡེང་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།