བྷུ་རི་ཤིའི་ཡུལ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

བེེ་ཤཱ་ལཱིའི་ཡུལ་དེ་ནས་བྱང་ཤར་མཚམས་སུ་རྒྱང་གྲགས་ལྔ་བརྒྱ་ལྷག་ཙམ་ཕྱིན་པ་ན་བྷུ་རི་ཤིའི་ཡུལ་ལོ།། དེའི་ཐ་གྲུར་རྒྱང་གྲགས་བཞི་སྟོང་ལྷག་དང་། ས་གཞི་བསིལ་དྲོད་སྙོམས་ལ་བསིལ་ཤས་ཆེ་བ། གཤིན་པ་མེ་ཏོག་དང་ཤིང་ཏོག་གི་རིགས་ཡོད་པ། འབྲུ་སྣ་ཚོགས་ཅི་ཡང་རྨོད་རུང་བ།དབུས་ཀྱི་མཁར་ཆེན་གྱི་མིང་ལ་ཊན་ཥུ་ན་ཐ་ཟེརབ་དང་མི་ཁྱིམ་སུམ་སྟོང་ལྷག་ཡོད་པ་གྲོང་མ་ལྗོངས་ཤིག་གོ། ཆུ་ཀླུང་ཆེན་པོའི་བྱང་ཤར་མཚམས་སུ་གཙུག་ལག་ཁང་ཞིག་ལ་དགེ་འདུན་ཉུང་ཙམ་བཞུགས་ཀྱང་སྤྱོད་ལམ་གཙང་ཞིང་འདུལ་ཁྲིམས་གཙང་མ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
弗栗特国
རིགས་དབྱེ།
རྒྱ་གར།
རིགས་དབྱེ།
གནའ་བོའི་རྒྱལ་བ།
1 ​ངོ་སྤྲོད།

བེེ་ཤཱ་ལཱིའི་ཡུལ་དེ་ནས་བྱང་ཤར་མཚམས་སུ་རྒྱང་གྲགས་ལྔ་བརྒྱ་ལྷག་ཙམ་ཕྱིན་པ་ན་བྷུ་རི་ཤིའི་ཡུལ་ལོ།། དེའི་ཐ་གྲུར་རྒྱང་གྲགས་བཞི་སྟོང་ལྷག་དང་།  ས་གཞི་བསིལ་དྲོད་སྙོམས་ལ་བསིལ་ཤས་ཆེ་བ། གཤིན་པ་མེ་ཏོག་དང་ཤིང་ཏོག་གི་རིགས་ཡོད་པ། འབྲུ་སྣ་ཚོགས་ཅི་ཡང་རྨོད་རུང་བ།དབུས་ཀྱི་མཁར་ཆེན་གྱི་མིང་ལ་ཊན་ཥུ་ན་ཐ་ཟེརབ་དང་མི་ཁྱིམ་སུམ་སྟོང་ལྷག་ཡོད་པ་གྲོང་མ་ལྗོངས་ཤིག་གོ། ཆུ་ཀླུང་ཆེན་པོའི་བྱང་ཤར་མཚམས་སུ་གཙུག་ལག་ཁང་ཞིག་ལ་དགེ་འདུན་ཉུང་ཙམ་བཞུགས་ཀྱང་སྤྱོད་ལམ་གཙང་ཞིང་འདུལ་ཁྲིམས་གཙང་མ་ཡིན།

2 རྗེས་ཤུལ།

དེ་ནས་ནུབ་ཀླུང་འགྲམ་ན་མཆོད་རྟེན་སྲིད་དུ་འདོམ་དྲུག་ལྷག་ཡོད་པ་ནི། སྟོན་པ་ཐུགས་རྗེ་ཆེན་པོ་དང་ལྡན་པས་ཉ་དང་ཉ་པའི་ཚོགས་བཏུལ་པའི་གནས་སོ།། དེའི་ལོ་རྒྱུས་ནི། སྔོན་སྟོན་པ་བཞུགས་པའི་སྐབས་ཤིག་ན་ཉ་པའི་ཚོགས་ཀྱི་རྒྱ་བརྐྱངས་ཏེ་ཉ་ཆེན་པོ་གཅིག་བཟུང་བར་གྱུར་ཏོ།། ཉ་དེ་ལ་མགོ་མི་འདྲ་བ་བཅོ་བརྒྱད་ཡོད་པ་དང་མགོ་རེ་རེ་ལ་མིག་ཟུང་རེ་ཡོད་པ་ཉ་པ་ལྔ་བརྒྱས་གསོད་པར་བརྩམས་པ་ན། སྟོན་པ་ཡངས་པ་ཅན་ནས་འཁོར་བཅས་ནམ་མཁར་འཕགས་ཏེ་དེར་སོང་ནས་སྲོག་བསྐྱབས་ནས་གསོད་པ་བཀག་སྟེ། ཉ་པ་ཆེ་ལ་བཀའ་བསྩལ་བ། ཁྱོད་ཀྱིས་སྐྱེ་བ་སྔ་མས་གནས་ཚུལ་གྱི་རྒྱུ་འབྲས་སྨྲོས་ཤིག་གསུངས་པས། ཉ་པ་ཆེས་མིའི་སྐད་དུ་གསོལ་བ། བཅོམ་ལྡན་འདས་སྐྱབས་སུ་མཆིའི་མཁྱེན་པར་མཛོད་ཅིག བདག་སྐྱེ་བ་སྔ་མར་བྲམ་ཟེ་ཆེན་པོ་ཞིག་ལགས་ཏེ་རིག་པ་དང་ལྡན་ཞིང་རིགས་རུས་ལོངས་སྤྱོད་ཀྱིས་བསྙེམས་པས་འཕགས་པའི་དགེ་འདུན་ལ་སྐུར་བ་བཏབས་པས་ད་ལྟ་རྔ་མོང་བུང་བུ་གླང་པོ་ཆེ་རྟ་ལ་སོགས་པ་དུད་འགྲོ་མི་འདྲ་བའི་མགོ་བཅོ་བརྒྱད་ཡོད་པའི་ཉ་ཆེན་པོར་སྐྱེས་བ་ཡིན་ལ། ཞེས་གསོལ་བས། སྟོན་པས་ཉ་དང་ཉ་པའི་བློ་དང་མཚམས་པའི་ཆོས་གསུངས་ཤིང་བྱིན་གྱིས་བརླབས་པས། ཉ་ཆེན་པོ་དེ་དེ་ཉིད་དུ་ཚེ་འཕོས་ཏེ་སུམ་ཅུ་རྩ་གསུམ་པའི་ལྷར་སྐྱེས་སོ།། ཉ་པ་དེ་དག་ཀྱང་ཆོས་ཀྱིས་ཚིམ་སྟེ་རྒྱུད་གྲོལ་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ནས་བདེན་པར་མཐོང་ངོ་།། དེ་ནས་དེ་དག་གིས་ཉ་རྒྱ་བཀྲོལ་ནས་གྲུ་ཡང་མེས་བསྲེགས་སོ། ཉ་ཆེན་པོ་ལྷར་སྐྱེས་པ་དེ་ཡང་ལྷའི་བུའི་ཚོགས་མང་པོའི་འཁོར་གྱིས་བསྐོར་ནས་འོངས་ཏེ། བཅོམ་ལྡན་འདས་ལ་ཕྱག་སྐོར་དང་མཆོད་པ་སྣ་ཚོགས་འབུལ་ཞིང་བཟོ་བའི་ཚུལ་བྱས་སོ།།

3 གྲོང་རྙིང་།

དེ་ནས་བྱང་ཤར་མཚམས་སུ་ལེ་དབར་བརྒྱ་ལྷག་ཙམ་སོང་བ་ན་གྲོང་ཁྱེར་རྙིང་པ་ཞིག་དང་། དེའི་ནུབ་ཕྱོགས་སུ་རྒྱལ་པོ་མྱ་ངན་མེད་ཀྱིས་བཞེངས་པའི་མཆོད་རྟེན་ཞིག་ཡོད་པ་ནི། སྟོན་པ་དེར་ཟླ་བ་དྲུག་བཞུགས་ཏེ་ལྷ་དང་མི་ལ་ཆོས་གསུངས་པའི་གནས་སོ།། དེ་ནས་བྱང་ཕྱོགས་སུ་གོམ་པ་བཅུ་ཕྲག་བཞི་ལྔ་ཙམ་གྱི་སར་མཆོད་རྟེན་ཆུང་ངུ་ཞིག་ཡོད་པ་ནི། སྔོན་སྟོན་པ་ཞལ་བཞུགས་པའི་དུས་སུ་དགེ་སློང་རྣམས་ལ་བསླབ་གཞི་བཅའ་བའི་གནས་སོ།། ཡང་དེའི་གཡས་ངོས་སུ་མི་རིང་བའི་སར་སྟོན་པའི་དབུ་ལོ་དང་ཕྱག་སེན་བཞུགས་པའི་མཆོད་རྟེན་ཡོད་དོ།། དེ་ནི་སྟོན་པ་ཞལ་བཞུགས་པའི་དུས་ནས་བཟུང་ས་ཕྱོགས་ཉེ་བ་དང་རིང་བ་ནས་སྐྱེས་པོ་མང་པོས་ལམ་གྱི་དཀའ་ཚེགས་ལ་མ་འཛེམས་པར་འོངས་ནས་འཁོར་ལོ་འཁོར་བ་བཞིན་དུ་རྒྱུན་མ་ཆད་པར་ཕྱག་བསྐོར་མཆོད་པ་བྱེད་པ་ཞིག་གོ།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-12-13

གསར་སྤེལ་མཁན། :སེང་ལྡེང་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།