བེེ་ཤཱ་ལཱིའི་ཡུལ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཙནྡྟུའི་ཡུལ་དེ་ནས་བྱང་ཤར་མཚམས་སུ་གངྒཱ་བརྒྱུད་དེ་རྒྱང་གྲགས་བརྒྱ་ཕྲག་གཅིག་དང་བཅུ་ཕྲག་བཞི་ལྔ་ཙམ་ཕྱིན་པ་ན་ཡངས་པ་ཅན་གྱི་ཡུལ་ལོ།། བེེ་ཤཱ་ལཱི་སྟེ་ཡུལ་ཡངས་པ་ཅན་ནི། མཐའ་སྐོར་རྒྱང་གྲགས་སྟོང་ཕྲག་ལྔ་ལྷགས་ཙམ་དང་ས་གཞི་ཤིན་ཏུ་གཤིན་པ། ཤིང་ཏོག་ཨ་མྲ་བུར་ཤིང་ལ་སོགས་པའི་བཟའ་ཤིང་ཡོད་པ། ལོ་ཏོག་སྣ་ཚོགས་འདེབས་རུང་བ། གྲོང་ཁྱེར་གྱི་ནང་མཁར་ན་རྒྱང་གྲགས་བཞི་ལྔ་ཙམ་ཡོད་པ་དང་། གྲོང་ཁྱེར་ནས་ནུབ་བྱང་མཚམས་ལེ་དབར་ལྔ་དྲུག་ཙམ་གྱི་སར་གཙུག་ལག་ཁང་ཞིག་ལ་གནས་བརྟན་སྡེ་བའི་དགེ་འདུན་ཉུང་ཤས་བཞུགས་སོ།།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
吠舍厘国
ཁོངས་གཏོགས་རྒྱལ་ཁབ།
རྒྱ་གར།
རིགས་དབྱེ།
གནའ་བོའི་རྒྱལ་ཁབ།
1 ​ངོ་སྤྲོད།

ཙནྡྟུའི་ཡུལ་དེ་ནས་བྱང་ཤར་མཚམས་སུ་གངྒཱ་བརྒྱུད་དེ་རྒྱང་གྲགས་བརྒྱ་ཕྲག་གཅིག་དང་བཅུ་ཕྲག་བཞི་ལྔ་ཙམ་ཕྱིན་པ་ན་ཡངས་པ་ཅན་གྱི་ཡུལ་ལོ།། བེེ་ཤཱ་ལཱི་སྟེ་ཡུལ་ཡངས་པ་ཅན་ནི། མཐའ་སྐོར་རྒྱང་གྲགས་སྟོང་ཕྲག་ལྔ་ལྷགས་ཙམ་དང་ས་གཞི་ཤིན་ཏུ་གཤིན་པ། ཤིང་ཏོག་ཨ་མྲ་བུར་ཤིང་ལ་སོགས་པའི་བཟའ་ཤིང་ཡོད་པ། ལོ་ཏོག་སྣ་ཚོགས་འདེབས་རུང་བ། གྲོང་ཁྱེར་གྱི་ནང་མཁར་ན་རྒྱང་གྲགས་བཞི་ལྔ་ཙམ་ཡོད་པ་དང་། གྲོང་ཁྱེར་ནས་ནུབ་བྱང་མཚམས་ལེ་དབར་ལྔ་དྲུག་ཙམ་གྱི་སར་གཙུག་ལག་ཁང་ཞིག་ལ་གནས་བརྟན་སྡེ་བའི་དགེ་འདུན་ཉུང་ཤས་བཞུགས་སོ།།

2 ཆོས་གསུངས་སའི་གནས།

དེའི་ལོགས་ཤིག་ན་མཆོད་རྟེན་ཞིག་ཡོད་པ་ནི། སྔོན་སྟོན་པས་མདོ་སྡེ་དྲི་མེད་གྲགས་པའི་བསྟན་པ་གསུངས་ཤིང་། ཁྱིམ་བདག་དེའི་བུ་ཁྱེའུ་རིན་ཆེན་བརྩིགས་ཀྱིས་རིན་པོ་ཆེའི་གདུགས་དབུལ་བའི་གནས་སོ།། དེའི་ཤར་འདབས་སུ་མཆོད་རྟེན་ཞིག་ཡོད་པ་ནི། འཕགས་པ་ཤཱ་རིའི་བུས་མི་སློབ་པའི་འབྲས་བུ་ཐོབ་པའི་གནས་སོ།།

3 མཆོད་རྟེན་གྱི་རྗེས་ཤུལ།

དེའི་ཡང་ཤར་ལྷོའི་མཚམས་སུ་མཆོད་རྟེན་ཞིག་ཡོད་པ་ཡངས་པ་ཅན་གྱི་རྒྱལ་པོས་བཞེངས་པ་དཀར་ཆག་ན་མཆོད་རྟེན་དེའི་ནང་དུ་སྔོན་གྱི་དེ་བའི་རིང་བསྲེལ་བྲེའོ་ཆེ་གང་བཞུགས་པ། རྒྱལ་པོ་ཨ་ཤོ་ཀས་བྲེ་ཆུང་དགུ་ཕྱོགས་གཞན་དུ་ཁྱེར་ནས་བྲེ་ཆུང་གང་ཙམ་ལུས་ཟེར་རོ།། ཡུལ་གྱི་རྒྱལ་པོས་སླར་ཡང་ལེན་པར་འདོད་ནས་ལས་མགོ་བརྩམས་པ་ན་ས་གཡོས་པས་འཇིགས་ཏེ་མ་ལེན་ཟེར་རོ།། དེའི་ནུབ་མཚམས་སུ་མཆོད་རྟེན་གཅིག་རྒྱལ་པོ་ཨ་ཤོ་ཀས་བཞེངས་པ་ཟུར་བཞིར་རྡོའི་ཀ་བ་ཟུར་བཞི་པ། སྲིད་དུ་ཁྲུ་བཅུ་ཕྲག་ལྔ་དྲུག་ཙམ་སེང་གེའི་ཏོག་ཅན་དུ་སྣང་ངོ་།། དེའི་མདུན་རོལ་ན་སྤྲེའུའི་ཚོགས་ཀྱིས་ས་བྲུས་ནས་ཆུ་བཏོན་ཏེ་སྟོན་པ་ལ་སྐྱེམས་སུ་ཕུལ་བའི་རྫིང་བུ་ཡོད་དོ།། རྫིང་བུའི་ནུབ་རོལ་ན་མཆོད་རྟེན་ཞིག་ཡོད་པ་ནི། སྔོན་སྟོན་པ་འདིར་བཞུགས་པའི་སྐབས་སུ་སྤྲེའུ་ཞིག་སྟོན་པའི་བཞེས་ལྷུང་ཁྱེར་ཏེ་ཤིང་ལ་འཛེགས་ཏེ་སྦྲང་རྩི་བླངས་ནས་ཕུལ་བའི་གནས་སོ།། དེ་ནས་ནུབ་བྱང་མཚམས་སུ་གཙུག་ལག་ཁང་ཞིག་གི་ནང་དུ་སྤྲེའུ་དག་གི་གཟུགས་བརྙན་སྣང་ངོ་།།

4 སྟོན་པའི་རྗེས་ཤུལ།

གྲོང་ཁྱེར་ཆེན་པོའི་ནུབ་ཕྱོགས་སུ་རྒྱང་གྲགས་བཅུ་ཕྲག་ལྔ་དྲུག་ཙམ་གྱི་སར་མཆོད་རྟེན་ཆེན་པོ་ཞིག་ཡོད་པ་ནི། ལི་ཙ་བིའི་རིགས་ཐམས་ཅད་ཀྱིས་བཅོང་ལྡན་འདས་བསྐྱལ་ནས་སྨྲེ་སྔགས་ཆེན་པོ་ཕྱུང་སྟེ་གཏན་བྲལ་བྱས་པའི་གནས་སོ།། དེར་བཅོམ་ལྡན་འདས་ཀྱིས་ཐུགས་བརྩེ་བ་ཆེན་པོས་ཆུ་ཀླུང་རབས་མེད་པ་ཞིག་སྤྲུལ་ནས། ཆུ་རྒྱུན་སྟེང་དུ་གསོལ་ལྷུང་བཞག་སྟེ་རྒྱུན་ཕྱོགས་སུ་བསྐུར་བ་ལི་བི་རྣམས་ཀྱིས་དྲན་རྟེན་དུ་འཇོག་པར་མཛད་དོ།།

5 གཙུག་ལག་ཁང་།

དེའི་ལྷོ་ཕྱོགས་སུ་རྒྱང་གྲགས་དགུ་བརྒྱད་འདས་པའི་སར། ཤི་བེ་ཏ་བྷུ་རའི་གཙུག་ལག་ཁང་ཞེས་བྱ་བ་སྟེགས་བུ་ཁང་བརྩིགས་རིག་པ་དུ་མས་བརྒྱན་པ་ཞིག་ཡོད་པ་དེར་དགེ་འདུན་ཐེག་ཆེན་པོ་སྤྱོད་ལམ་ཤིན་ཏུ་གཙང་མ་དམ་པ་དག་གནས་སོ།། དེའི་ལོགས་ཤིག་ན་འདས་སངས་རྒྱས་བཞི་ཀའི་རྡོའི་བཞུགས་ཁྲི་མཛད་ཤུལ་རྣམས་ཡོད་དོ།། དེ་དང་མི་རིང་བར་རྒྱལ་པོ་ཨ་ཤོ་ཀས་བཞེངས་པའི་མཆོད་རྟེན་ཡོད་པ་ནི། སྔོན་སྟོན་པ་ཡུལ་དབུས་མ་གྷ་ཏར་ཕེབས་པ་ན། ལམ་བར་ཡངས་པ་ཅན་ལ་ཕྱི་སྤྱན་གཟིགས་ནས་འཆག་པ་མཛད་པའི་གནས་སོ།།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-12-13

གསར་སྤེལ་མཁན། :སེང་ལྡེང་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།