དོར་ཞི་དགོན་དགའ་ལྡན་ནོར་བུ་གླིང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

དོར་ཞི་དགོན་དགའ་ལྡན་ནོར་བུ་གླིང་།
དོར་ཞི་དགོན་དགའ་ལྡན་ནོར་བུ་གླིང(དགེ་ལྡན་ཆོས་གླིང)ནི། སྔོན་ཆད་ལང་ཇུས་ལ་གཏོགས་པ་དང་། ད་ལྟ་ཀན་སུའུ་ཞིང་ཆེན་ཝུའུ་ཝེ་ས་ཁུལ་དཔའ་རིས་བོད་རིགས་རང་སྐྱོང་རྫོང་གི་ཁོངས་སུ་ཡོད། མཚོ་འཕགས་ལ་སྨི1460ཡས་མས་དང་། རྫོང་སྲིད་གཞུང་གི་གནས་ཡུལ་རབ་རྒྱས་དགོན་བར་སྤྱི་ལེ་སོ་བརྒྱད་ཡོད། དགོན་པ་འདི་ནི་རབ་བྱུང་བཅུ་གཉིས་པའི་མེ་སྟག(སྤྱི་ལོ1646)ལོར་རྒྱལ་དབང་ལྔ་བ་ཆེན་པོའི་དངོས་སློབ་དོར་ཞིའམ་རབ་འབྱམས་པ་དམ་ཆོས་རྒྱལ་མཚན་གྱིས་ཕྱག་འདེབས་གནང་བའི་དགེ་ལུགས་པའི་དགོན་པ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

མཚན་གཞན།
དགེ་ལྡན་ཆོས་གླིང་།
རིགས།
དགོན་པ།
ཆགས་ཡུལ།
ཀན་སུའུ་ཞིང་ཆེན་ཝུའུ་ཝེ་ས་ཁུལ་དཔའ་རིས་བོད་རིགས་རང་སྐྱོང་རྫོང་གི་ཁོངས་སུ་ཡོད།
བཞེངས་དུས།
སྤྱི་ལོ1646ལོར།
བཞེངས་མཁན།
དམ་ཆོས་རྒྱལ་མཚན།
གྲུབ་མཐའ།
དགེ་ལུགས་པ།
ཆོས་སྐྱོང་།
དམག་ཟོར་མ།
1 ​ངོ་སྤྲོད་མདོར་བསྡུས།

དོར་ཞི་དགོན་དགའ་ལྡན་ནོར་བུ་གླིང(དགེ་ལྡན་ཆོས་གླིང)ནི། སྔོན་ཆད་ལང་ཇུས་ལ་གཏོགས་པ་དང་། ད་ལྟ་ཀན་སུའུ་ཞིང་ཆེན་ཝུའུ་ཝེ་ས་ཁུལ་དཔའ་རིས་བོད་རིགས་རང་སྐྱོང་རྫོང་གི་ཁོངས་སུ་ཡོད། མཚོ་འཕགས་ལ་སྨི1460ཡས་མས་དང་། རྫོང་སྲིད་གཞུང་གི་གནས་ཡུལ་རབ་རྒྱས་དགོན་བར་སྤྱི་ལེ་སོ་བརྒྱད་ཡོད། དགོན་འདི་རབ་བྱང་བཅུ་གཉིས་པའི་མེ་སྟག(སྤྱི་ལོ1646)ལོར་རྒྱལ་དབང་ལྔ་བ་ཆེན་པོའི་དངོས་སློབ་དོར་ཞིའམ་རབ་འབྱམས་པ་དམ་ཆོས་རྒྱལ་མཚན་གྱིས་ཕྱག་འདེབས་གནང་བའི་དགེ་ལུགས་པའི་དགོན་པ་ཞིག་ཡིན། ཆོས་སྐྱོང་དམག་ཟོར་མ་བསྟེན་ཅིང་། དགོན་ཧ་ཅང་རྒྱས་པའི་དུས་སུ་བླ་སྤྲུལ་གཅིག་སེར་མོ་བ་སུམ་བརྒྱ་ལྷག་འདུས། དགོན་བདག་བླ་མ་དོར་ཞི་བ་སྐུ་ཕྲེང་དྲུག་ཕེབས་བྱོན་ཟེར་ཡང་སྐུ་གོང་མ་རིམ་བྱོན་གྱི་རྣམ་ཐར་གྱི་ཡིག་རིགས་དཀོན་པས་འགོད་མ་ནུས། ད་ལྟའི་བླ་མ་དོར་ཞི་གདོང་དྲུག་སྙེམས་བློའི་གནས་ཚུལ་དཔའ་རིས་ཡར་ལུང་དགོན་པའི་ལོ་རྒྱུས་སུ་གསལ། 

2 ལོ་རྒྱུས་ཆགས་འཇིག

དགོན་འདི་རབ་བྱུང་བཅུ་བཞི་བའི་མེ་སྟག(སྤྱི་ལོ1866)ལོར་ཧའེ་དམག་གིས་བཅོམ་ཚར། དེའི་སྔོན་དུ་དགོན་པར་གཙུག་ལག་ཁང་དང་ལྷ་ཁང་། འདུ་ཁང་། གྲྭ་ཚང་། གྲྭ་ཤག་སོགས་ག་ཚོད་བཞེངས་པ་དང་སྐུ་གསུང་ཐུགས་རྟེན་སོགས་བྱིན་ཅན་དཀོན་པོ་ཤིན་ཏུ་མང་བར་གྲགས། རབ་བྱུང་བཅུ་དྲུག་པའི་མེ་ཡོས(སྤྱི་ལོ1927)ལོར་དགོན་བདག་བླ་མ་དོར་ཞི་ཤེས་རབ་དར་རྒྱས་ཀྱིས་ཉམས་གསོ་མཛད་དེ་འདུ་ཁང་ཁང་མིག་སུམ་ཅུ་ཅན་བཞེངས། ད་དུང་བླ་བྲང་གཅིག་དང་གྲྭ་ཤག་མི་ཉུང་བ་ཕུབ། སྐབས་དེར་བཙུན་པ་བཅུ་ལྷག་བཞུགས། དམངས་གཙོ་བཅོས་བསྒྱུར་གྱི་ཡར་སྔོན་ལ་དགོན་པས་ནོར་ལུག་བརྒྱ་ཕྲག ས་ཞིང་དང་ནགས་ཚལ་ཉུང་ཉུང་གཉེར། དོར་ཞི་བླ་མ་འཚོ་བཞུགས་སྐབས་མཆོད་གཞིས་དོར་ཞི་ཚོ་བས་བྱེད་ཀྱིན་ཡོད། རབ་རྒྱལ་ས་ཁྱི(སྤྱི་ལོ1958)ལོར་དགོན་པའི་རྟེན་དང་གཞུང་སོགས་རྩ་གཏོར་བྱས། ད་ལྟ་སླར་གསོ་བྱས་ཡོད་པ་དང་བཙུན་པ་བརྒྱད་ཙམ་བཞུགས།



སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-11-22

གསར་སྤེལ་མཁན། :བླ་མ་གཡང་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།