སྣང་བའི་དཔེ་ཆར་ཤར་བའི་ཞལ་གདམས་མགུར་དབྱངས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

འདིའི་བརྗོད་དོན་གྱི་སྙིང་བོ་ནི། མི་གཙང་བའི་རྫས་ལ་སྦྲང་བུ་མང་པོ་ཟ་ཟིར་འདུ་བ་དང་། མེ་ཏོག་གཅིག་ནས་གཅིག་འདོར་ལེན་བྱེད་པ། ཕྱི་ལུས་ཀྱི་ཁ་དོག་ཡག་ཀྱང་ནང་ངན་སྐྱུགས་ཟོས་པས་བཙོག་པ། སྐད་ཟ་ཟིའི་སྙན་པ་འབྱིན་ཡང་དོན་གྱིས་སྟོང་བ། རེ་ཞིག་གི་དགའ་མགུའི་འཕུར་ལྡིང་ལ་རོལ་ཡང་རླུང་ནག་གི་འཇོམས་པ་ལ་མངོན་དུ་ཕྱོགས་པ། མེ་ཏོག་གཞོན་ནུའི་བཅུད་ལ་རོལ་རྗེས་ཁྲེལ་མེད་དུ་དོར་ཏེ་འགྲོ་བ་སོགས་མཐོང་སྣང་སྣ་ཚོགས་དཔེ་རུ་འཆར་བ་ནི། ཚེ་འདིའི་མནོག་ཆུང་གི་ཕུན་ཚོགས་ལ་བློ་ཅོལ་ཆུང་རྣམས་ཀྱིས་ཧུར་གྱིས་འཚོལ་བ་ནི་སྙིང་བོས་དབེན་པ། སྙིགས་དུས་ཀྱི་སྐྱེ་བོ་རྣམས་ཀྱིས་དགྲ་གཉེན་གྱི་རི་མོ་སྣ་ཚོགས་ངེས་མེད་དུ་འབྲི་བ་དོན་གྱིས་སྟོང་བ། ཁུ་ཁྲག་གི་ཕུང་བོ་འདི་ལ་གང་གཅེས་གང་བཟང་བྱེད་པ་རྨོངས་པ་ཡིན་པ་སོགས་བསྟན་ཡོད།
གཞི་རྩའི་གནས་ཚུལ།

མཛད་པ་པོ།
རྒྱལ་མཆོག་བདུན་པ་བསྐལ་བཟང་རྒྱ་མཚོ།
འཁྲུངས་ཡུལ།
མདོ་ཁམས་ལི་ཐང་།
ཡབ།
བསོད་ནམས་དར་རྒྱས།
ཡུམ།
བསོད་ནམས་ཆོས་མཚོ།
འཁྲུངས་ལོ།
སྤྱི་ལོ1708ལོར།
འདས་ལོ།
སྤྱི་ལོ1757ལོར།
1 ​རྩོམ་པའི་དུས་བབ།

སྣང་བ་དཔེ་ཆར་ཤར་བའི་ཞལ་གདམས་མགུར་དབྱངས་སུ་གནང་བ་འདི་ནི། རྗེ་ཉིད་དགུང་ལོ་སོ་བརྒྱད་པ་མེ་ཕོ་སྟག་གི་སྤྱི་ལོ1746ལོར་ཕྱོགས་ཡར་མར་གྱི་དད་ལྡན་ལ་མཇལ་ཁ་གནང་བ་དང་། སེར་སྨད་དགེ་བཤེས་རིན་ཆེན་རྒྱལ་མཚན་ཞིང་གཞན་དུ་གཤེགས་པའི་སྐྱབས་འཇུག་ཞུ་རྟེན་ཕུལ་བར་རྗེས་འཛིན་གྱི་ལྗགས་བསྔོ་སྐྱབས་འཇུག་དང་རྣམ་དཀར་སྒྲུབ་ཐེབས་རྒྱ་ཆེར་གནང་བ་དང་། དྲེའུ་ལྷས་ཆོས་བཟང་ནས་རྒྱུད་བཞིའི་རྒྱུགས་ཕུལ་བར་གནང་སྦྱིན་དང་། ར་ཉག་སྤྲུལ་སྐུ་ཕྱིར་ལོག་ཐོག་བཤད་སྒྲུབ་ཀྱི་སྒོ་ནས་བསྟན་པའི་ཞལ་འདེགས་སུ་འགྱུར་བར་བྱེད་པའི་ཞལ་ཏའང་མཛད་པ་སོགས། འདི་དག་སྐབས་ཉི་མའི་དགུང་ཙམ་གྱི་དུས་སུ་དམར་སེར་གྱི་པདྨོ་རྣམ་པར་བཞད་པ་ལ་བུང་བ་མང་པོ་ལང་ལོང་གི་ཟློས་གར་རྩེ་བ་ཞིག་གཟིགས་པའི་རྐྱེན་བྱས་སྣང་བ་དཔེ་ཆར་ཤར་བའི་ཞལ་གདམས་མགུར་དབྱངས་སུ་གནང་པའོ། །

2 ནང་དོན་གནད་བསྡུས།

འདིའི་བརྗོད་དོན་གྱི་སྙིང་བོ་ནི། མི་གཙང་བའི་རྫས་ལ་སྦྲང་བུ་མང་པོ་ཟ་ཟིར་འདུ་བ་དང་། མེ་ཏོག་གཅིག་ནས་གཅིག་འདོར་ལེན་བྱེད་པ། ཕྱི་ལུས་ཀྱི་ཁ་དོག་ཡག་ཀྱང་ནང་ངན་སྐྱུགས་ཟོས་པས་བཙོག་པ། སྐད་ཟ་ཟིའི་སྙན་པ་འབྱིན་ཡང་དོན་གྱིས་སྟོང་བ། རེ་ཞིག་གི་དགའ་མགུའི་འཕུར་ལྡིང་ལ་རོལ་ཡང་རླུང་ནག་གི་འཇོམས་པ་ལ་མངོན་དུ་ཕྱོགས་པ། མེ་ཏོག་གཞོན་ནུའི་བཅུད་ལ་རོལ་རྗེས་ཁྲེལ་མེད་དུ་དོར་ཏེ་འགྲོ་བ་སོགས་མཐོང་སྣང་སྣ་ཚོགས་དཔེ་རུ་འཆར་བ་ནི། ཚེ་འདིའི་མནོག་ཆུང་གི་ཕུན་ཚོགས་ལ་བློ་ཅོལ་ཆུང་རྣམས་ཀྱིས་ཧུར་གྱིས་འཚོལ་བ་ནི་སྙིང་བོས་དབེན་པ། སྙིགས་དུས་ཀྱི་སྐྱེ་བོ་རྣམས་ཀྱིས་དགྲ་གཉེན་གྱི་རི་མོ་སྣ་ཚོགས་ངེས་མེད་དུ་འབྲི་བ་དོན་གྱིས་སྟོང་བ། ཁུ་ཁྲག་གི་ཕུང་བོ་འདི་ལ་གང་གཅེས་གང་བཟང་བྱེད་པ་རྨོངས་པ་ཡིན་པ། ངོ་བསྟོད་དང་གྲགས་སྐམ་གྱི་འབྲུག་སྒྲའི་ཤུལ་རྗེས་གཉེར་བ་སྡུག་ལས་ཡིན་པ། འཇོ་སྒེག་ལང་ཚོས་རྒྱགས་ཀྱང་ནམ་ཞིག་དབང་མེད་དུ་ཉམས་ཏེ་འཆི་ངེས་པ། ངན་གཡོའི་ནོར་ཅན་ལ་བྱོལ་ཅིང་གཟུར་གནས་ཀྱི་དམ་པ་ལ་ཕྱོགས་དགོས་པ། བསླུ་མེད་ཀྱི་གྲོགས་བཟང་ལ་བྱས་ཤེས་ཀྱིས་དྲིན་དུ་གཟོ་བ། ཡུལ་གྱི་འདོད་ཡོན་ལ་ཞེན་པས་མ་བཅིངས་པར་གནས་དབེན་པའི་ཚལ་དུ་ཐོས་བསམ་སྒོམ་སྒྲུབ་ལ་གཞོལ་བ་བཅས་སོ། །

3 སྒྱུ་རྩལ་གྱི་ཁྱད་ཆོས།

འདིའི་སྒྱུ་རྩལ་གྱི་ཁྱད་ཆོས་ནི། མཐུན་སྣང་བརྡ་རུ་འཆར་བ་དང་སྣང་བ་དཔེ་རུ་ཤར་བའི་མགུར་དབྱངས་ཤིག་སྟེ། དཔེ་དོན་འབྱོར་ཞིང་གནད་དུ་འཁེལ་བ། ཚིག་རིས་གཉོམ་ཞིང་འཇམ་ཤ་ཐོན་པ། ཁ་ལ་ལེན་བདེ་ཞིང་དབྱངས་འགྲོས་ཀྱིས་ཕྱུག་པའི་ཕུན་སུམ་ཚོགས་པའི་ཁྱད་ཆོས་དུ་མ་དང་ལྡན་ནོ། ། 


བརྡ་འགྲེལ་གདོང་འཛར།

ཞལ་གདམས། མགུར་དབྱངས།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-11-25

གསར་སྤེལ་མཁན། :དཔལ་ཚེ་རྡོར

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།