ཞུ་ཡིག་བསོད་ནམས་ཉི་མ་སྟོང་འབར། ནི་མིང་གཅིག་དོན་མང་ལ་འཇུག་སྟེ། དེར་དོན་གྱི་འཇུག་ཚུལ2ཡོད།

ཞུ་ཡིག་བསོད་ནམས་ཉི་མ་སྟོང་འབར།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།
(རྩོམ་པའི་དུས་བབ། ནང་དོན་གནད་བསྡུས། སྒྱུ་རྩལ་གྱི་ཁྱད་ཆོས། )

འཇམ་དབྱངས་གོང་མ་ཆེན་པོ་ལ། བསོད་ནམས་རྒྱ་ཆེར་འདུ་བ། འཇིག་རྟེན་བདེ་ལ་འགོད་པ། ཉི་མ་བཞིན་དུ་གཟི་བརྗིད་ཆེ་བ། ལྷ་དབང་བཞིན་དུ་ལྷུན་ཆགས་པ། ཚངས་པ་བཞིན་དུ་ཐུགས་ཡངས་པ་སོགས་རྒྱ་ཆེ་བའི་ཡོན་ཏན་དུ་མས་བསྔགས་པར་མཛད་ཅིང་། བློ་གྲོས་གསལ་ཞིང་ཡངས་པ། ལུགས་ཀྱི་སྲོལ་ཁ་རྣམ་པར་དག་པ། འཁོར་འབངས་བརྩེ་བས་སྐྱོང་བ། ལོག་སྤྱོད་ཁྲིམས་ཀྱིས་གཅོད་པ་སོགས་སྒོ་དུ་མ་ནས་བསྐུལ་བར་མཛད་པ་དང་། སྒོས་སུ་ཐུབ་པའི་བསྟན་པ་རིན་པོ་ཆེ་ཕྱོགས་ཐམས་ཅད་དུ་འཕེལ་ཞིང་རྒྱས་པ། ཁྱད་པར་དུ་བསྟན་པའི་ཡང་སྙིང་འཇམ་མགོན་ཙོང་ཁ་པའི་རིང་ལུགས་དྲི་མ་མེད་པ་འདི་ཉིད་ལ་སྲུང་སྤེལ་ཐུགས་བསྐྱེད་ཀྱི་སྲི་ཞུར་ལྷུར་ལེན་པར་གསོལ་བ་སོགས་ཆོས་སྲིད་ཀྱི་གལ་གནད་མ་ཚང་བ་མེད་པར་བསྟན་པ་དང་། མཐར་གོང་མའི་ཞབས་པད་བསྐལ་བརྒྱར་བརྟན་པའི་ཐུགས་སྨོན་རྒྱ་ཆེར་གནང་བའོ། །
གཞི་རྩའི་གནས་ཚུལ།

མཛད་པ་པོ།
རྒྱལ་དབང་ལྔ་བ་ངག་དབང་བློ་བཟང་རྒྱ་མཚོ།
འཁྲུངས་ཡུལ།
འཕྱོང་རྒྱས་འཕྱིང་བ་སྟག་རྩེ།
ཡབ།
ཧོར་བདུད་འདུལ་རབ་བརྟན།
ཡུམ།
ཁྲི་ལྕམ་ཀུན་དགའ་ལྷ་མཛེས།
འཁྲུངས་ལོ།
སྤྱི་ལོ1617ལོར།
འདས་ལོ།
སྤྱི་ལོ1682ལོར།
གསུང་རྩོམ།
《བྱང་ཆུབ་ལམ་གྱི་རིམ་པའི་འཁྲིད་ཡིག་འཇམ་དཔལ་ཞལ་ལུང》དང《ཕར་ཕྱིན་བློ་བཟང་དགོངས་རྒྱན>> 《དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས》དང《སྙན་འགྲེལ་དབྱངས་ཅན་དགྱེས་གླུ》 《རང་རྣམ་དུ་ཀཱུ་ལའི་གོས་བཟང》
1 ​རྩོམ་པའི་དུས་བབ།

ངོ་མཚར་རྨད་དུ་བྱུང་བའི་སྙན་ངག་རིན་པོ་ཆེའི་རླབས་ཀྱིས་འཁྱུད་པའི་ཞུ་ཡིག་འདི་ནི། ཀུན་མཁྱེན་ལྔ་བ་ཆེན་མོ་དགུང་ལོ་སོ་བརྒྱད་པ་རབ་བྱུང་བཅུ་གཅིག་པའི་ཤིང་ལུག(སྤྱི་ལོ1655)ལོར་གོང་མ་ཤུན་ཊི་རྒྱལ་པོའི་གསེར་ཡིག་པ་ཏཱ་དབེན་མཉྫུ་ཤྲཱི། ཏཱ་དབེན་ནོར་བུ་རྒྱ་མཚོ། ཚུལ་ཁྲིམས་ཁཱ་རྣམས་གནང་སྦྱིན་བཀའ་ཤོག་སྐྱེལ་བར་འོངས་པ་ལོག་པ་དང་ལྷན་ཅིག་པར་ཟུང་ཇུ་རབ་འབྱམས་པ་དངོས་གྲུབ་ཡོན་ཏན་དང་འཕྱོངས་རྒྱས་ལྐོག་གྲོང་པ་མི་སྣར་བཏང་བའི་དུས་རྒྱལ་པོར་ཞུ་ཡིག་ཏུ་ཕུལ་བ་ཡིན། ཞུ་ཡིག་འདིས་མཚོན་པའི་རྒྱ་བོད་ཧོར་སོག་གི་ཡུལ་མཆོག་དམན་བར་མ་དུ་མ་ལ་འཕྲིན་ཡིག་སྙན་ངག་ཏུ་བཀོད་པ་བགྲང་གིས་མི་ལང་སྟེ་ཆོས་སྲིད་གཉིས་ཀྱི་ཆ་བརྗོད་དོན་དུ་དྲངས་ཏེ་བཅད་ལྷུལ་སྤེལ་མ་ཅི་རིགས་ཀྱི་ལུས་སུ་མཛད།

2 སྒྱུ་རྩལ་གྱི་ཁྱད་ཆོས།

སྤྱིར་རྗེ་འདིའི་བཀའ་རྩོམ་གྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ནི། བཅད་ལྷུག་སྤེལ་མ་གང་མཛད་ཀྱང་ཚིག་གི་སྦྱོར་བ་བརླིང་ཞིང་གཞུང་ཁོག་ཡངས་པ། རླབས་ཆེ་ཞིང་སྒེག་ཉམས་ཐོན་པ། ཆོས་སྲིད་གང་འབྲེལ་དེའི་རྩ་བ་སྡུད་པའི་ལེགས་བཤད་ཁོ་ནར་ངེས་པ་ཡིན་ནོ། །

3 རྩོམ་པའི་ཕྲིན་ལས།

རྗེ་འདིའི་རྒྱ་བོད་ཧོར་སོག་གི་མཆོག་དམན་བར་མ་རྣམས་ལ་མཛད་པའི་འཕྲིན་ཡིག གཞན་སྙན་འགྲེལ་དབྱངས་ཅན་དགྱེས་གླུ་སོགས་ཀྱིས་མཚོན་པའི་གསུང་རབ་རྣམས་ནི་ཚིག་དོན་གཉིས་ཆར་གྱི་ཉམས་ཆེས་ཆེར་དུ་རྫོགས་པའི་སྙན་ངག་གི་ཡང་རྩེ་ཁོ་ན་ཉིད་དུ་གྲུབ་པས། སྙན་ངག་གི་ལྷ་མོ་བསྟེན་པ་རྣམས་ཀྱིས་འདི་ཡི་རྣམ་དཀར་དགེ་ལེགས་ཀྱི་འཕྲིན་ལས་བཟང་པོའི་འོད་བརྒྱའི་དཔུང་ལ་བརྟེན་ཏེ་ཚིག་དོན་གྱི་ཞུན་བརྡར་ཆེན་མོའི་གཞུང་ལམ་དུ་བསྙེགས་པའོ། །

4 ནང་དོན་གནད་བསྡུས།

འཇམ་དབྱངས་གོང་མ་ཆེན་པོ་ལ། བསོད་ནམས་རྒྱ་ཆེར་འདུ་བ། འཇིག་རྟེན་བདེ་ལ་འགོད་པ། ཉི་མ་བཞིན་དུ་གཟི་བརྗིད་ཆེ་བ། ལྷ་དབང་བཞིན་དུ་ལྷུན་ཆགས་པ། ཚངས་པ་བཞིན་དུ་ཐུགས་ཡངས་པ་སོགས་རྒྱ་ཆེ་བའི་ཡོན་ཏན་དུ་མས་བསྔགས་པར་མཛད་ཅིང་། བློ་གྲོས་གསལ་ཞིང་ཡངས་པ། ལུགས་ཀྱི་སྲོལ་ཁ་རྣམ་པར་དག་པ། འཁོར་འབངས་བརྩེ་བས་སྐྱོང་བ། ལོག་སྤྱོད་ཁྲིམས་ཀྱིས་གཅོད་པ་སོགས་སྒོ་དུ་མ་ནས་བསྐུལ་བར་མཛད་པ་དང་། སྒོས་སུ་ཐུབ་པའི་བསྟན་པ་རིན་པོ་ཆེ་ཕྱོགས་ཐམས་ཅད་དུ་འཕེལ་ཞིང་རྒྱས་པ། ཁྱད་པར་དུ་བསྟན་པའི་ཡང་སྙིང་འཇམ་མགོན་ཙོང་ཁ་པའི་རིང་ལུགས་དྲི་མ་མེད་པ་འདི་ཉིད་ལ་སྲུང་སྤེལ་ཐུགས་བསྐྱེད་ཀྱི་སྲི་ཞུར་ལྷུར་ལེན་པར་གསོལ་བ་སོགས་ཆོས་སྲིད་ཀྱི་གལ་གནད་མ་ཚང་བ་མེད་པར་བསྟན་པ་དང་། མཐར་གོང་མའི་ཞབས་པད་བསྐལ་བརྒྱར་བརྟན་པའི་ཐུགས་སྨོན་རྒྱ་ཆེར་གནང་བའོ། ། 


བརྡ་འགྲེལ་གདོང་འཛར།

ཞུ་ཡིག བསོད་ནམས། སྟོང་འབར། པཎ་ཆེན།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-11-25

གསར་སྤེལ་མཁན། :དཔལ་ཚེ་རྡོར

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།