ཧཱ་པ་ལ་གྲོས་འདེབས་པ་བདུད་རྩིའི་ཐིགས་པ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རྗེ་གྲགས་པ་རྒྱ་མཚོ་མཆོག་གིས་ཆོས་པ་དགས་དཀོར་ཟས་འབའ་ཞིག་དོན་དུ་གཉེར་ཞིང་། ཟ་འཐུང་གང་བྱས་བུ་ལོན་གྱི་ཚུལ་དུ་སོང་བ། ཉམས་ལེན་སོགས་ལ་མི་གཞོལ་བ་མཐོང་སྣང་དུ་གྱུར་པ་གཟིགས་ནས། འདོད་ཆུང་ཆོག་ཤེས་ངང་སྲིད་པར་ཞེན་ལོག་གིས་བསླབ་གསུམ་གྱི་ཉམས་ལེན་རྣལ་མ་ཞིག་བྱེད་པར་གདམས་ཡོད།
གཞི་རྩའི་གནས་ཚུལ།

མཛད་པ་པོ།
རྗེ་གྲགས་པ་རྒྱ་མཚོ།
འཁྲུངས་ཡུལ།
བྷན་ད་ཧོར།
འཁྲུངས་འདས་ལོ་ཚིགས།
སྤྱི་ལོ(1868-1958)ལོར།
1 མཛད་པ་པོ།

རྗེ་གྲགས་པ་རྒྱ་མཚོའམ་གྲགས་པ་དར་རྒྱས་ལགས་ནི། མདོ་སྨད་ཀྱི་བྱང་མཐའ། བྷན་ད་ཧོར་གྱི་ཡུལ་དུ་བོད་ཀྱི་རུས་སུ་རབ་བྱུང་བཅོ་ལྔ་བའི་ས་འབྲུག་སྟེ་སྤྱི་ལོ1868ལོར་སྐུ་འཁྲུངས། རྗེ་ཞྭ་དམར་པཎྜི་ཏ་དགེ་འདུན་བསྟན་འཛིན་རྒྱ་མཚོ་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་བསྟེན་ཏེ་ཆོས་བཀའ་གང་གནང་མ་གསན་པ་མེད་པས་དབང་ལུང་མན་ངག་གི་གཏེར་མཛོད་ཆེན་པོར་གྱུར། གཞན་དགེ་བའི་བཤེས་གཉེན་ངག་དབང་བློ་གསལ་དང་རྗེ་འཇིགས་མེད་འཕྲིན་ལས་རྒྱ་མཚོ་ལས་ཀྱང་དབང་ལུང་མན་ངག་མང་དུ་གསན་པ་དང་། མཁས་དབང་དུ་མ་ལས་རིག་གནས་ཆེ་ཆུང་ཀུན་ལ་ཡང་སྦྱངས་པ་མཐིལ་ཕྱིན་གནང་སྟེ་ལྔ་རིག་སྨྲ་བའི་དབང་བོར་གྱུར། 《རྗེ་ཞྭ་དམར་པཎྜི་ཏའི་རྣམ་ཐར》སོགས་གསུང་པོད་ལྔ་མཛད། དགུང་ལོ་བརྒྱད་ཅུ་གྱ་གཅིག་ཏུ་སོན་པ་རབ་བྱུང་བཅུ་དྲུག་པའི་ས་བྱི་སྟེ་སྤྱི་ལོ1958ལོར་དཔལ་ལྡན་བཀྲ་ཤིས་ཆོས་སྡིངས་སུ་སྐུ་གཤེགས།

2 འཁོར་བུ་སློབ་བསྐྱངས་པའི་ཚུལ།

གསུང་ལས་སྐྱེས་པའི་བུ་སློབ་ལ་དཔལ་ཆོས་མཁན་ཆེན་རིན་པོ་ཆེ་དང་། རྗེ་ལྷ་རི་བ་བློ་བཟང་ཚུལ་ཁྲིམས་རྒྱ་མཚོ། སྐུ་ཞབས་མི་ཉག་རིན་པོ་ཆེ་སོགས་བསྟན་འཛིན་གྱི་བུ་སློབ་མང་དུ་བསྐྱངས།

3 བརྗོད་དོན་གནད་བསྡུས།

ཀ་རྩོམ་འདིའི་བསྡུས་དོན་ནི། དུས་ཀྱི་ཆོས་བར་རློམ་པ་འགའ་ཞིག་གིས། དད་པ་དང་འདུན་པས་སེམས་རྒྱུད་མ་ཐུལ་བར། དཀོར་ཟས་ལ་སྤྱོད་པ། ཟ་འཐུང་གང་བྱས་བུ་ལོན་དུ་སོང་བ། ཁ་བཤད་དང་ལག་ལེན་འགལ་བ། དགེ་སྦྱོར་གནད་དུ་མི་འགྲོ་བ། ཆོས་པར་བསྙད་བཏགས་ནས་ཆོས་མིན་སྒྲུབ་པ་སོགས་ཆོས་འགལ་གྱི་ལས་ལ་ཞུགས་པ་དག་སུན་ཕྱུངས་བྱས་ཏེ་ཆོས་བརྒྱད་ཀྱི་ཉེས་དམིགས་ངོས་ཟིན་པར་བྱས་ཏེ་འདོད་ཆུང་ཆོག་ཤེས་ལ་གནས་པ་དང་། སྲིད་པར་ཞེན་ལོག་གིས་བསླབ་གསུམ་གྱི་ཉམས་ལེན་རྣལ་མ་མི་བྱེད་པར་དངོས་ཤུགས་ཅི་རིགས་ནས་བསྐུལ་བའོ། །

4 སྒྱུ་རྩལ་གྱི་ཁྱད་ཆོས།

འདི་ལ་ཚིག་སྦྱོར་ལྷོད་ཆགས་པ། དོན་གྱི་གནད་འདུ་བ། གོ་སླ་ཞིང་འཛིན་བདེ་བ། རྒྱུད་འཁུལ་ཞིང་དང་བ་འདྲེན་པ་སོགས་ཚིག་དོན་གྱི་ཁྱད་ཆོས་མངོན་པར་གསལ་ལོ། །


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-11-19

གསར་སྤེལ་མཁན། :ཚེ་དོན།577

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།