སྟན་ལ་འདུག
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྟན་ལ་འདུག་ཞེས་པ་ནི། ད་ལྟ་སྨན་པའམ་བཤེས་གཉེན་ཅན་ཀུན་ལ། སྟན་ལ་འདུག་ནས་མང་ཡུལ་ལྡོན་ཟེར་བ་སྐད་དུ། འོ་སྐོལ་བསོད་ནམས་བསགས་པའི་བློ་རེ་རང་སྐྱེས་ན། བསོད་ནམས་བསགས་པ་ལ་ཚེགས་མེད། ད་ལྟ་འོ་སྐོལ་ལོངས་སྤྱོད་ལ་བརྟུགས་པ་སྐད་ཟེར་ཏེ། མ་བརྟུགས། དད་པ་ལ་བརྡུགས་པ་ཡིན། གཞན་ཅི་ཡང་མེད་ཀྱང་། དངོས་པོ་ཆུ་གཅིག་པུའི་སྒོ་ནས་བསམ་པ་རྒྱ་ཆེ་ཞིང་དག་པའི་སྒོ་ནས། མཆོད་སྦྱིན་བྱས་ན། བསོད་ནམས་དེ་གཅིག་པུས་ཆོག མདོ་ལས། སྦྱིན་པའི་དངོས་པོ་ཆུང་ཡང་བསམ་པ་རྒྱ་ཆེན་པོ་ནི་མཆོག་ཡིན་ནོ། །
1 ངོ་སྤྲོད་མདོར་བསྡུས། 

སྟན་ལ་འདུག་ཞེས་པ་ནི། གདན་ལ་འདུག་ཚུལ་ཞིག་སྟེ། ད་ལྟ་སྨན་པའམ་བཤེས་གཉེན་ཅན་ཀུན་ལ། སྟན་ལ་འདུག་ནས་མང་ཡུལ་ལྡོན་ཟེར་བ་སྐད་དུ། འོ་སྐོལ་བསོད་ནམས་བསགས་པའི་བློ་རེ་རང་སྐྱེས་ན། བསོད་ནམས་བསགས་པ་ལ་ཚེགས་མེད། ད་ལྟ་འོ་སྐོལ་ལོངས་སྤྱོད་ལ་བརྟུགས་པ་སྐད་ཟེར་ཏེ། མ་བརྟུགས། དད་པ་ལ་བརྡུགས་པ་ཡིན། གཞན་ཅི་ཡང་མེད་ཀྱང་། དངོས་པོ་ཆུ་གཅིག་པུའི་སྒོ་ནས་བསམ་པ་རྒྱ་ཆེ་ཞིང་དག་པའི་སྒོ་ནས། མཆོད་སྦྱིན་བྱས་ན། བསོད་ནམས་དེ་གཅིག་པུས་ཆོག མདོ་ལས། སྦྱིན་པའི་དངོས་པོ་ཆུང་ཡང་བསམ་པ་རྒྱ་ཆེན་པོ་ནི་མཆོག་ཡིན་ནོ། ། ཅེས་སོ། ། དེ་ཡང་མེད་ན་གཞན་གྱི་དགེ་བ་ལ་རྗེས་སུ་ཡི་རང་གཅིག་པུ་སྒོམས་ཀྱང་སྟན་ལ་འདུག་ནས་མང་ཡུལ་ལྡོན་ཏེ་གསུང་། དེ་སྐད་དུ་ཡང་། སྟོང་གསུམ་རི་རབ་སྲང་ལ་གཞལ་བས་ཚད་བཟུང་རུང་། ། རྗེས་སུ་ཡི་རང་དགེ་པ་དེ་ནི་དེ་ལྟ་མིན། ། ཅེས་སོ། ། དེ་ལྟར་ཞིང་དག་པ། དངོས་པོ་དག་པ། བསམ་པ་དག་པའི་སྒོ་ནས། བསོད་ནམས་ཅི་ཙམ་བསགས་པ་དེ(88བ)དག མཐར་བསྔོ་བ་དག་པ། དགེ་བའི་རྩ་བ་མཛད་ཅིང་། གོང་ནས་གོང་དུ་སྤེལ་བ་ནི། དགེ་བའི་རྩ་བ་ཅི་དང་ཅི་བསགས་པ་དེ་དག་ཚེ་འདིའི་རྐྱེན་བཟློག་པའམ། ལྷ་མིའི་བདེ་འབྱོར་རམ། ཉན་ཐོས་དང་རང་སངས་རྒྱས་ཀྱི་བྱང་ཆུབ་ཏུ་མི་བསྔོ་བར། སེམས་ཅན་གྱི་དོན་དུ་རྫོགས་པའི་སངས་རྒྱས་ཐོབ་པར་བྱ་བའི་ཕྱིར་བསྔོ་བ་ནི། བསྔོ་བ་དག་པ་ཡིན་ཏེ། སངས་རྒྱས་མ་ཐོབ་པ། མི་ཟད་པ་རྒྱ་ཆེན་པོ་འབྱུང་བར་གསུངས་པས། བསྔོ་བའི་དོན་རྒྱས་པར་འོག་ནས་སྟོན་ཏོ། ། དེ་ཡན་ཆད་ཀྱིས་བསོད་ནམས་བསགས་པའི་མཐུན་པའི་ཕྱོགས་བཤད་པའོ། །

བརྡ་འགྲེལ་གདོང་འཛར།

བཤེས་གཉེན། དགེ་བ། སྨན་པ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-11-16

གསར་སྤེལ་མཁན། :.ཉི་མ་འཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།