ཨུཛྫ་ནའི་ཡུལ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཨུད་ད་ཀ་ཧན་ཋའི་གྲོང་ཁྱེར་ནས་བྱང་ཕྱོགས་སུ་རི་དུ་མ་དང་ཀླུང་དུ་མ་བརྒལ་ཞིང་རྒྱང་གྲགས་དྲུག་བརྒྱ་ཕྱིན་པ་ན་ཨུཛྫ་ནའི་ཡུལ་ལོ། དེའི་མཐའ་སྐོར་དུ་ལེ་དབར་ལྔ་སྟོང་ལྷག་ཙམ་ཡོད། རི་ཀླུང་དང་འབབ་ཆུ་ཐང་སྙོམ་བཅས་འདྲེས་མར་གནས་པ་དང་ཝ་འབྲུ་མང་ཡང་འདེབས་རུང་བའི་ས་ཆ་ཞིག་ཡིན་པ་དང་། ཞིང་ས་གཤིན་པོ་མེད་པ་དང་དགུན་འབྲུམ་དང་མོད་བུར་ཤིང་ཉུང་ཞིང་ལྕགས་དང་གསེར་འབྱུང་ངོ་།། གུར་གུམ་དང་ལྗོན་ཤིང། ཤིང་ཏོག་དང་མེ་ཏོག་གི་རིགས་མང་། དྲོད་གྲང་སྙོམས་པ་དང་དྲོད་ཤས་ཅུང་ཟད་ཆེ་བ། མིའི་རང་བཞིན་ཕལ་ཆེར་སེམས་སྡར་མ། གཡོ་སྒྱུ་ཁྲམ་གསུམ་ལ་གོམས་པ་བཅས་སློབ་གཉེར་ལ་དགའ་བ་ཙམ་ཡིན་ཀྱང་མཐར་ཕྱིན་པ་དཀོན་ཞིང་། རིག་སྔགས་དང་ཐབས་ཕྲན་ཚེགས་ལ་སློབ་པར་བྱེད། རས་རྐྱང་དཀར་པོ་གྱོན་ཞིང་གོས་གཞན་མི་གྱོན། སྐད་རིགས་ཅུང་ཟད་ཟུར་ཆག་པས་མི་འདྲ་བ་ཙམ་མ་གཏོགས་རྒྱ་གར་དང་འདྲ། ཡིག་རིགས་དང་སྤྱོད་ལམ་ཕལ་ཆེར་རྒྱ་གར་དང་མཐུན་ནོ།།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
乌仗那
ཕྱི་ཡིག་གི་མིང་།
Uddiyana
ཁོངས་གཏོགས་ཡུལ།
ཡ་གླིང་།
དད་མོས།
སངས་རྒྱས་ཆོས་ལུགས།
རིགས་དབྱེ།
གནའ་བོའི་རྒྱལ་ཁབ།
གནས་ཡུལ།
ཕ་ཁི་སི་ཐན་གྱི་མངའ་ཁོངས་སུ་ཡོད།
1 ངོ་སྤྲོད།

ཨུད་ད་ཀ་ཧན་ཋའི་གྲོང་ཁྱེར་ནས་བྱང་ཕྱོགས་སུ་རི་དུ་མ་དང་ཀླུང་དུ་མ་བརྒལ་ཞིང་རྒྱང་གྲགས་དྲུག་བརྒྱ་ཕྱིན་པ་ན་ཨུཛྫ་ནའི་ཡུལ་ལོ། དེའི་མཐའ་སྐོར་དུ་ལེ་དབར་ལྔ་སྟོང་ལྷག་ཙམ་ཡོད། རི་ཀླུང་དང་འབབ་ཆུ་ཐང་སྙོམ་བཅས་འདྲེས་མར་གནས་པ་དང་ཝ་འབྲུ་མང་ཡང་འདེབས་རུང་བའི་ས་ཆ་ཞིག་ཡིན་པ་དང་།  ཞིང་ས་གཤིན་པོ་མེད་པ་དང་དགུན་འབྲུམ་དང་མོད་བུར་ཤིང་ཉུང་ཞིང་ལྕགས་དང་གསེར་འབྱུང་ངོ་།། གུར་གུམ་དང་ལྗོན་ཤིང། ཤིང་ཏོག་དང་མེ་ཏོག་གི་རིགས་མང་། དྲོད་གྲང་སྙོམས་པ་དང་དྲོད་ཤས་ཅུང་ཟད་ཆེ་བ། མིའི་རང་བཞིན་ཕལ་ཆེར་སེམས་སྡར་མ། གཡོ་སྒྱུ་ཁྲམ་གསུམ་ལ་གོམས་པ་བཅས་སློབ་གཉེར་ལ་དགའ་བ་ཙམ་ཡིན་ཀྱང་མཐར་ཕྱིན་པ་དཀོན་ཞིང་། རིག་སྔགས་དང་ཐབས་ཕྲན་ཚེགས་ལ་སློབ་པར་བྱེད། རས་རྐྱང་དཀར་པོ་གྱོན་ཞིང་གོས་གཞན་མི་གྱོན། སྐད་རིགས་ཅུང་ཟད་ཟུར་ཆག་པས་མི་འདྲ་བ་ཙམ་མ་གཏོགས་རྒྱ་གར་དང་འདྲ། ཡིག་རིགས་དང་སྤྱོད་ལམ་ཕལ་ཆེར་རྒྱ་གར་དང་མཐུན་ནོ།། བླ་མར་བཀུར་བ་དང་ཐེག་ཆེན་ལ་སྤྱོད་པ། སྭ་བྷ་ཝ་ཙ་ཊའི་ཀླུང་ཚུན་ཆད་ནས་གཙུག་ལག་ཁང་སྟོང་དང་བཞི་བརྒྱ་ཡོད་པ་ཕལ་ཆེར་ཞིག་རལ་ཏུ་སོང་བ་མང་ལ། དེར་གནས་པའི་དགེ་འདུན་སྡོམ་པར་དགེ་འདུན་ཁྲི་བརྒྱད་སྟོང་བཞུགས་ཀྱང་ཕལ་ཆེར་འགྲིབ་པས་ཐེག་པ་ཆེ་ཆུང་གི་གྲུབ་མཐའ་ལ་ཞུགས་པ་འདྲེས་མར་གནས་ཤིང་། བསམ་གཏན་ལ་དགའ་ཞིང་གསང་སྔགས་ལ་དགག་བྱ་ཆེ་བ་དང་འདུལ་བའི་སྤྱོད་པ་གཙང་། ཆོས་སྲུང་། ས་སྲུང་། ཉེ་སྲུང་། ཐམས་ཅད་ཡོད་སྨྲ། ཕལ་ཆེར་སྡེ་པ་སྟེ་སྡེ་ལྔའི་ཉན་ཐོས་པ་དག་གནས་སོ། དེའི་རྒྱལ་པོའི་ཚུལ་དང་ལྡན་པ་ཞིག་སྟེ་གྲོང་ཁྱེར་མརྒ་ལར་གནས་སོ།། གྲོང་ཁྱེར་དེའི་མཐའ་སྐོར་དུ་ལེ་དབར་བཅུ་ཕྲག་གཅིག་དང་དྲུག་བདུན་ཙམ་ཡོད་པ་དང་མི་ཁྱིམ་མང་པོས་གང་བའོ།།

2 རྗེས་ཤུལ།

དེའི་ཤར་ཕྱོགས་སུ་རྒྱང་གྲགས་བཞི་ལྔ་ཙམ་ན་མཆོད་རྟེན་བྱིན་རླབས་ཆེ་བ་ཞིག་ཡོད་པ་དེ་ནི་སྔོན་སྟོན་པ་དྲང་སྲོང་བཟོད་པར་སྨྲ་བ་ཞེས་བྱ་བར་གྱུར་བའི་ཚེ་ཡན་ལག་དང་ཉིང་ལག་ཀ་ལིང་ཀའི་རྒྱལ་པོས་བཅད་པའི་གནས་སོ།།


3 རི་བོ་ཧེ་རུ།

གྲོང་ཁྱེར་མངྒ་ལའི་ལྷོ་ངོས་སུ་རྒྱང་གྲགས་བཞི་བརྒྱ་ཙམ་ན་རི་བོ་ཧེ་རུ་ཟེར་བ་ཞིག་ཡོད། དེའི་ཆུ་བོ་ཐམས་ཅད་ནུབ་ཀྱི་ཕྱོགས་སུ་འབབ་ཅིང་སྟེང་དུ་མེ་ཏོག་སྣ་ཚོགས་དང་མཚན་པའི་ཤིང་ཏོག་དང་། རྡོའི་མཉིྫ་ཁྲུ་གང་བ་ཞིག་འདུག་གོ སྐབས་སྐབས་སུ་ཆ་མེད་པར་གཏམ་གླེང་བ་དང་རོལ་མོའི་སྒྲ་ཐོས་པ་ཡོད་པ་དང་། སྔོན་སྟོན་པས་བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱད་པ་ཚེ་ཆོས་ཚིག་བཅད་ཕྱེད་ཀྱི་ཕྱིར་ཏུ་ལུས་མཆོད་སྦྱིན་དུ་བཏང་བའི་ས་ཡིན་སྐད་དོ།།

4 གཙུག་ལག་ཁང་།

གྲོང་ཁྱེར་མངྒ་ལ་ནས་ལྷོར་རྒྱང་གྲགས་ཉིས་བརྒྱ་ཙམ་སོང་བ་ན། རི་ཆེན་པོ་ཅིག་ཡོད་པའི་ལོགས་སུ་མ་ཧཱ་བ་ན་སྟེ་ནགས་ཆེན་པོ་ཞིག་བྱ་བའི་གཙུག་ལག་ཁང་ཞིག་ཡོད་དེ། སྔོན་བདག་ཅག་གི་སྟོན་པས་བྱང་ཆུབ་སེམས་དཔེའི་སྤྱོད་པ་སྤྱད་དུས་སརྦ་ད་ད་སྟེ་ཐམས་ཅད་གཏོར་བ་ཞེས་པའི་རྒྱལ་པོར་གྱུར་སྐབས་ཕས་རྒོལ་གྱིས་ཕམ་སྟེ་རྒྱལ་སྲིད་སྟོར་བས་གསང་སྟབས་ཀྱིས་ཡུལ་འདིར་བྱོན་པ་དང་། བྲམ་ཟེ་དབུལ་ལོ་ཞིག་དང་ཕྲད་དེ་སློང་མོ་པ་ལ་སྟེར་རྒྱུ་མེད་ཅིང་ཕྱིར་ལྡོག་མི་ནུས་པར་གྱུར་བར་གཞན་གྱིས་བཟུང་བ་དང་། ཕ་རོལ་པོས་སླར་ལ་བྱམས་པར་གྱུར་ཏེ་ནོར་མང་པོ་བྱིན་པས་སླར་ཡང་སྦྱིན་པ་པོར་གྱུར་ཏོ།།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-12-11

གསར་སྤེལ་མཁན། :སེང་ལྡེང་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།