སྲིད་བློན་སེང་གེ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ལོ་རྒྱུས་དེབ་ཐེར་དག་ལས་སེང་གེའམ་སེང་དགའ་རུ་འབོད་པ་ནི་གཞོང་ཐང(民和)གི་བཀའ་མ་ལོག་ཚོ་བར་འཁྲུངས། དེ་ནི་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་དུས་སྐབས་ཀྱི་ཐའོ་སུ་མ་ས་ཁུལ་ཡིན་ལ། དེང་གི་དུས་སུ་བཤད་ན་མཚོ་སྔོན་ཤར་རྒྱུད་ཡིན། རྗེས་ནས་ས་གནས་དེ་གའི་དམག་དཔུང་གི་གདུང་རྒྱུད་དུ་གྲགས། 《ཡོན་གྱི་ལོ་རྒྱུས》ཞེས་པའི་དེབ་ནང་དུ་ཡོན་རྒྱལ་རབས་ཀྱི་སྲིད་བློན་དང་གོང་མའི་དབུ་བླའི་སྲས་ཀྱང་ཡིན་པར་མ་ཟད། རྒྱལ་ཁབ་ཕན་ཚུན་བར་རིག་གནས་བརྗེ་རེས་དང་སྐད་རིགས་ཕན་ཚུན་ལོ་ཙཱ་བྱེད་པར་མཁས་པའི་མི་ཞིག་ཡིན།
གཞི་རྩའི་གནས་ཚུལ།

ཁོངས་གཏོགས།
ལོ་རྒྱུས་ཤེས་བྱ།
1 ངོ་སྤྲོད་མདོར་བསྡུས།

ལོ་རྒྱུས་དེབ་ཐེར་དག་ལས་སེང་གེའམ་སེང་དགའ་རུ་འབོད་པ་ནི་གཞོང་ཐང(民和)གི་བཀའ་མ་ལོག་ཚོ་བར་འཁྲུངས། དེ་ནི་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་དུས་སྐབས་ཀྱི་ཐའོ་སུ་མ་ས་ཁུལ་ཡིན་ལ། དེང་གི་དུས་སུ་བཤད་ན་མཚོ་སྔོན་ཤར་རྒྱུད་ཡིན། རྗེས་ནས་ས་གནས་དེ་གའི་དམག་དཔུང་གི་གདུང་རྒྱུད་དུ་གྲགས། 《ཡོན་གྱི་ལོ་རྒྱུས》ཞེས་པའི་དེབ་ནང་དུ་ཡོན་རྒྱལ་རབས་ཀྱི་སྲིད་བློན་དང་གོང་མའི་དབུ་བླའི་སྲས་ཀྱང་ཡིན་པར་མ་ཟད། རྒྱལ་ཁབ་ཕན་ཚུན་བར་རིག་གནས་བརྗེ་རེས་དང་སྐད་རིགས་ཕན་ཚུན་ལོ་ཙཱ་བྱེད་པར་མཁས་པའི་མི་ཞིག་ཡིན།

སེང་གེ་ཁོང་སྤྱི་ལོ1253ཙམ་ཞིག་ལ་འགྲོ་མགོན་འཕགས་པའི་མཐུན་རྐྱེན་འོག་ས་སྐྱར་འབྱོར་ཏེ། རྒྱ་ཡིག་དང་དེ་ལས་གཞན་པའི་ཡིག་རིགས་མང་པོ་བསླབས། རྗེས་སུ་བློ་ཁོག་ཡངས་ཤིང་རྒན་ལ་བཀུར་བསྟི་ཆེ་བས་སྲུང་དམག་གི་གོ་གནས་སྤྲད་དེ་མཐའ་བཞི་སྲུང་སྐྱོབ་ཀྱི་དོན་དུ་བྱས་རྗེས་གལ་ཆེན་བསྐྲུན་པར་མ་ཟད། ཕྱོགས་བཞིའི་རྒྱལ་ཁབ་དང་མི་རིགས་ཕན་ཚུན་བར་གྱི་རིག་གནས་བརྗེ་རེས་དང་། ཡིག་རིགས་ཕན་ཚུན་ལོ་ཙཱ་བྱས་ནས་རྒྱལ་ཁབ་ཀྱི་སྲིད་འབྱོར་རིག་གསུམ་གོང་འཕེལ་དུ་བཏང་། 

སྤྱི་ལོ1269ལོར་འགྲོ་མགོན་འཕགས་པ་དང་གོང་མ་གཉིས་དཔོན་དམག་བཅུ་གསུམ་གྱི་འགྲོ་རོགས་འོག་རྒྱལ་སར་བསྐྱོད་དེ་སོག་ཡིག་གསར་བཟོ་གནང་བར་མཐུན་རྐྱེན་སྣ་ཚོགས་བསྐྲུན། དེ་དུས་སེང་གེ་དཔོན་རོགས་བཅུ་གསུམ་པའི་ནང་དུ་འདུ། ཕྱིས་སུ་གོང་མས་བློན་ཆེན་སེང་གེ་ལ་དམག་འདུལ་དགོས་པའི་བཀའ་བགོས་ཏེ། དུས་ཐོག་དེར་སེང་གེ་ཡིས་སྤྱི་ཁྱབ་དཔོན་གླིང་གི་གླིང་གཙོའི་འགན་བཞེས། ཁོང་གིས་དམག་དྲངས་ཏེ་སྔ་གཞུག་ཏུ་ནུབ་རྒྱུད་ཀྱི་དེང་གི་ཁང་མ་རྫོང་མཁར་དང་། ཅང་རྩེ་རྫོང་མཁར་གཉིས་བླངས་ནས་ས་སྐྱར་སླེབས། དེ་ག་རུ་རྒྱའི་བཟོ་ལྟ་ལྟར་དགོན་པ་གསར་འདེབས་དང་ནུབ་རྒྱུད་དུ་དམག་སྒར་དང་སློང་ཚུགས་རེ་བསྐྲུན་པ་རེད། དེ་ནས་རྒྱལ་པོ་ཐུགས་དགའ་ཞིང་སེང་གེར་གཟེངས་བསྟོད་གང་མང་བྱས་ཏེ་གོ་གནས་ཀྱང་རིམ་བཞིན་ཇེ་མཐོར་ཕྱིན་པ་རེད། སྲིད་འཛིན་གྱི་འགན་བཞེས་སྐབས། ནོར་སྲིད་ཕྱོགས་ནས་ཁོང་གིས་གཅིག་གྱུར་མིན་པའི་རྒྱལ་ཁབ་ཀྱི་ཤོག་སྒོར་གཅིག་གྱུར་མཛད་པ་དང་། རྐུན་ཇག་ལ་བཀག་འགོག་བྱས་ནས་འབངས་ཀྱི་འཚོ་བར་དུས་གཏན་དུ་རྒྱབ་སྐྱོར་བྱེད་པ་རེད། འོན་ཀྱང་ལས་བསམ་སར་མི་འགྲོ་གསེག་སར་འགྲོ་ཞེས་པའི་དཔེ་ལྟར། ཕྱིས་སུ་དཔོན་ཆེན་སེང་གེར་རྒྱུ་ནོར་ཧམ་གསོག་གི་ཉེས་མིང་བཀལ་ནས་བཙོན་འཇུག་བྱས་ཏེ་གཤེགས་སོ། །

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-11-13

གསར་སྤེལ་མཁན། :.ཉི་མ་འཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།