སྣང་བརྙན་གྱི་བསམ་གཞིགས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྣང་བརྙན་གྱི་བསམ་གཞིགས་ནི་རྩོམ་རིག་གསར་རྩོམ་གྱི་སྒྱུ་རྩལ་བསམ་གཞིགས་ཡིན་ལ། དེར་བརྟེན་དེ་ལ་སྒྱུ་རྩལ་གྱི་བསམ་གཞིགས་ཀྱང་ཟེར། རྩོམ་རིག་སྒྱུ་རྩལ་གྱི་རྩ་བའི་ཁྱད་ཆོས་ནི་སྐད་ཆའམ་ངག་གི་སྦྱོར་བ་ལ་བརྟེན་ནས་གསོན་ཉམས་ལྡན་པའི་སྣང་བརྙན་ཕུན་སུམ་ཚོགས་པར་བསྐྲུན་པའི་སྒོ་ནས་བརྗོད་བྱ་སྤྱི་ཚོགས་འཚོ་བའི་མི་དོན་རྣམས་མངོན་སུམ་བཞིན་མཚོན་ཞིང་རྩོམ་པ་པོ་རང་གི་ནང་སེམས་ཀྱི་ཆགས་པ་དང་སྡང་བའི་འགྱུར་བ་མངོན་པར་མཚོན་པའི་ངག་གི་སྒྱུ་རྩལ་ཐུན་མོང་མ་ཡིན་པ་ཞིག་ཡིན། སྐད་ཆའི་སྦྱོར་བ་ལ་བརྟེན་ནས་སྒྱུ་རྩལ་སྣང་བརྙན་གསོན་ཉམས་ལྡན་པར་སྐྲུན་ཚེ་ཐོག་མར་བརྗོད་བྱའི་དངོས་རྣམ་བྱེ་བྲག་རང་མཚན་དང་བཅས་པར་ནང་སེམས་སུ་སྣང་ཞིང་ཡིད་ཀྱི་རྣམ་པར་ཤེས་པས་ཡིད་བཟོ་སྒྲོ་འདོགས་ཀྱི་རིག་པའི་ལས་སྣོན་སྣ་ཚོགས་བྱེད་པར་སྣང་བརྙན་བསམ་གཞིགས་ཞེས་བརྗོད་དོ། །
1 ངོ་སྤྲོད་མདོར་བསྡུས།

སྣང་བརྙན་བསམ་གཞིགས་ཚད་འབྲིང་རིམ་དུ་གནས་པའི་ཚུལ་ནི་སྤྱི་ཚོགས་འཚོ་བའི་ལག་ལེན་གྱི་བག་ཆགས་ཀྱི་ཤུགས་རྐྱེན་ལས་རང་རྟོགས་མ་ཡིན་པའི་སྣང་བརྙན་བསམ་གཞིགས་ཀྱི་རིག་པ་རང་ཤུགས་སུ་སྐྱེས་ཤིང་ཐོན་པ་སྟེ། ཕྱི་དངོས་པོའི་སྣང་ཚུལ་སྣ་ཚོགས་ཀྱིས་སེམས་བྱུང་གི་སྤྲོ་པ་རྣམ་པར་བསླངས་ཏེ་སྣང་བརྙན་བསམ་གཞིགས་ཀྱི་འཆར་སྒོ་ཕུན་སུམ་ཚོགས་པར་སྐྱེས་ཤིང་གསོན་ལྡན་པའི་སྣང་བརྙན་བློ་བཟོ་དང་གསར་སྐྲུན་བྱེད་པའོ། །

དེ་ཡང་མཐོ་རིམ་གྱི་སྣང་བརྙན་བསམ་གཞིགས་ནི་མཛེས་རྟོག་ཕུགས་བསམ་གྱི་གསར་སྐྲུན་རང་བཞིན་གྱི་རིག་པའི་སྟོབས་ཀྱིས་དྲངས་པའི་གསོན་ཉམས་ལྡན་པའི་སྒྱུ་རྩལ་གསར་སྐྲུན་གྱི་སྣང་བརྙན་བསམ་གཞིགས་ཕུན་སུམ་ཚོགས་པར་སྤེལ་བ་དེའོ། །

2 ཁྱད་ཆོས།

1.རྣམ་པ་ལ་བརྟེན་ནས་ངོ་བོ་མཚོན་པ། 

2.ཕྱི་དངོས་པོའི་སྣང་ཚུལ་ལ་བརྟེན་ནས་ནང་སེམས་ཀྱི་འགྱུར་བ་སྤེལ་བ། 

3.ཆགས་སྡང་གི་སེམས་བྱུང་རྣམ་པར་མཚོན་པ། 

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-11-07

གསར་སྤེལ་མཁན། :.ཉི་མ་འཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།