རྨ་ཤཱཀྱ་འོད།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རྨ་ཤཱཀྱ་འོད།
སྤྱི་ལོའི་དུས་རབས་བརྒྱད་པའི་དུས་སྟོད་ཙམ་དུ་སྐུ་འཁྲུངས་ཤིང་། བཙན་པོ་ཁྲི་སྲོང་ལྡེ་བཙན་སྐབས་ཀྱི་ལོ་ཙཱ་བ་སྙན་གྲགས་ཅན་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
马.释迦光
ལས་རིགས།
ལོ་ཙཱ་བ།
དུས་རབས།
བརྒྱད་པ།
1 ངོ་སྤྲོད།

སྤྱི་ལོའི་དུས་རབས་བརྒྱད་པའི་དུས་སྟོད་ཙམ་དུ་སྐུ་འཁྲུངས་ཤིང་། བཙན་པོ་ཁྲི་སྲོང་ལྡེ་བཙན་སྐབས་ཀྱི་ལོ་ཙཱ་བ་སྙན་གྲགས་ཅན་ཞིག་ཡིན། ཁོང་གི་འགྱུར་ལ། བསྟན་འགྱུར་ལས། བསྟོད་ཚོགས་པོད(ཀ)པར། ལོ་ཙཱ་བ་དགེ་སློང་དཔལ་གྱི་གོ་ཆས་མཛད་པའི་དེ་ཁོ་ན་ཉིད་ལ་བསྟོད་པ།(62-63) དབུ་མ(ཧ)པོད་དུ། སྣང་བའི་ཕྲེང་བ་ཞེས་བྱ་བའི་རབ་ཏུ་བྱེད་པ་དགེ་སློབ་དཔོན་ཀམྤ་ལས་མཛད་པ(51-62)སྣང་བའི་ཕྲེང་བའི་འགྲེལ་པ་ཡིད་དགའ་བ་བསྐྱེད་པ་ཞེས་བྱ་བ་བཙུན་པ་ངོ་བོ་ཉིད་མེད་པས་མཛད།(62-108) སྤྲིངས་ཡིག(གེ)པོད་དུ། མི་ཁོམ་པ་བརྒྱད་ཀྱི་གཏམ་སློབ་དཔོན་རྟ་དབྱངས་ཀྱིས་མཛད་པ།(175-178) ལེགས་པར་བཤད་པ་རིན་པོ་ཆེའི་ཟ་མ་ཏོག་ལྟ་བུའི་གཏམ་སློབ་དཔོན་དཔའ་བོས་མཛད་པ། (178-189)རྩོད་པའི་དུས་ཀྱི་གཏམ་སློབ་དཔོན་མ་ཏི་ཙི་ཊས་མཛད་པ(192-193)པོད(ངེ)པར། ཆོས་སྨྲ་བ་དང་དམ་པའི་ཆོས་ཉན་པ་ལ་གུས་པར་བྱ་བའི་གཏམ་སློབ་དཔོན་ས་འཚོ་བྱིན་གྱིས་མཛད་པ།(1-4) མི་དགེ་བ་བཅུའི་ལས་ཀྱི་ལམ་སྟོན་པ་སློབ་དཔོན་རྟ་དབྱངས་ཀྱིས་མཛད་པ། (34-35) པོད(ཞེ)པར། རྒྱུ་དང་འབྲས་བུའི་ངོ་བོ་གྲུབ་པ་ཞེས་བྱ་བ་མཁས་པ་ཆེན་པོ་ཛྙཱ་ན་ཤྲཱི་མི་ཏྲའི་ཞལ་སྔ་ནས་མཛད་པ། (303-306)ནང་གི་ཁྱབ་པ་སློབ་དཔོན་མཁས་པ་དཔལ་རིན་ཆེན་འབྱུང་གནས་ཞི་བའི་ཞལ་སྔ་ནས་མཛད་པ་དང་།(309-314)གཏན་ཚིགས་ཀྱི་དེ་ཁོ་ན་ཉིད་བསྟན་པ་མཁས་པ་ཆེན་པོ་ཛེ་ཏྭ་རིའི་ཞལ་སྔ་ནས་མཛད་པ(314-321)སོགས་འགྱུར་ཆོས་མང་དུ་བཞུགས་སོ།།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-10-26

གསར་སྤེལ་མཁན། :བོན་སྐོར་པད་མ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།