དྷརྨ་ཀོ་ཥ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

དྷརྨ་ཀོ་ཥ་ནི་ལེགས་སྦྱར་སྐད་དེ། བོད་སྐད་དུ་ཆོས་ཀྱི་མཛོད་ཅེས་བྱ། ལོ་ཙཱ་བ་ཁོང་ཉིད་བོད་རྒྱལ་གདུང་རབས་སོ་གསུམ་པ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་དུས་སུ་བྱོན་པའི་བོད་ཀྱི་ལོ་ཙཱ་བ་ཞིག
གཞི་རྩའི་གནས་ཚུལ།

བོད་སྐད་དུ།
ཆོས་ཀྱི་མཛོད།
ལེགས་སྦྱར་སྐད་དུ།
དྷརྨ་་ཀོ་ཥ།
རྒྱ་སྐད་དུ།
法仓
དུས་རབས།
བདུན་པ།
1 ​ངོ་སྤྲོད།

དྷརྨ་ཀོ་ཥ་ནི་ལེགས་སྦྱར་སྐད་དེ། བོད་སྐད་དུ་ཆོས་ཀྱི་མཛོད་ཅེས་བྱ། ལོ་ཙཱ་བ་ཁོང་ཉིད་བོད་རྒྱལ་གདུང་རབས་སོ་གསུམ་པ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་དུས་སུ་བྱོན་པའི་བོད་ཀྱི་ལོ་ཙཱ་བ་ཞིག་སྟེ། ཁོང་དང་སློབ་དཔོན་ཐོན་མི་དང་། ལྷ་ལུང་རྡོ་རྗེ་དཔལ་སོགས་ཀྱིས་གསུང་རབ་བོད་དུ་བསྒྱུར་བའི་སྒྱུར་གྲྭ་ཐོག་མར་བཙུགས་པ་ཐོན་མིའི་ཞལ་ལུང་སོགས་སུ་གསལ། ཁོང་ཉིད་ལེགས་སྦྱར་གྱི་སྐད་ཙམ་མ་ཟད་རྒྱ་ནག་གི་སྐད་ལའང་བྱང་ཆ་ལྡན་པའི་མཁས་པ་ཞིག་ཡིན་པར་ངེས་ཏེ། ཁོང་གིས་རྒྱ་ནག་གི་སློབ་དཔོན་ཧྭ་ཤང་མ་ཧཱ་དེ་བ་ཚེ་དང་མཉམ་དུ་སྨན་དཔྱད་ཆེན་མོ་ཞེས་པའི་གསོ་རིག་གི་གཞུང་དེ་བོད་དུ་བསྒྱུར་པར་བཤད་པ་དང་། མཁས་པའི་དགའ་སྟོན་དུ། ལོ་ཙཱ་བ་ཐོན་མི་སམྦྷོ་ཊ་དང་། དེའི་མཆན་བུ་དྷརྨ་ཀོ་ཥ་དང་ལྷ་ལུང་རྡོ་རྗེ་དཔལ་སོགས་ཀྱིས་འདུས་པ་རིན་པོ་ཆེ་ཏོག་གི་གཟུངས། ཟླ་བ་སྒྲོན་མ། དཀོན་མཆོག་སྤྲིན་སོགས་བསྒྱུར་ཅིང་ཤེར་ཕྱིན་སྟོང་ཕྲག་བརྒྱ་པ་ཡང་བསྒྱུར་པར་གྲགས་ཞེས་ཤེར་ཕྱིན་སྟོང་ཕྲག་བརྒྱ་པའི་སྐོར་སོགས་མི་ཉུང་བ་བཞུགས་ཡོད།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-10-26

གསར་སྤེལ་མཁན། :བོན་སྐོར་པད་མ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།