གནས་སྐབས་གསུམ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

《གངས་ཅན་མཁས་དབང་རིམ་བྱོན་གྱི་རྩོམ་རིག་གསེར་གྱི་སྦྲམ་བུ》དང《བསྟན་འགྱུར་དབུ་མ་ར་པ》གཉིས་ལས་བྱུང་བའི་གནས་སྐབས་གསུམ་ལ་གོ་བ་ཡིན།
གཞི་རྩའི་གནས་ཚུལ།

འབྱུང་ཁུངས།
《གངས་ཅན་མཁས་དབང་རིམ་བྱོན་གྱི་རྩོམ་རིག་གསེར་གྱི་སྦྲམ་བུ》ཤོག་ངོས309《བསྟན་འགྱུར་དབུ་མ་ར་པ》ཤ313བ7ལས་བཏུས།
རིགས་དབྱེ།
ནང་དོན་རིག་པ།
1 རྣམ་གྲངས་འདྲེན་པ། 
1_1 ཁག་དང་པོ།

གནས་སྐབས་གསུམ། མ་དག་པ་དང་། དག་པ་དང་། ཤིན་ཏུ་རྣམ་དག་སྟེ་གསུམ། དེ་བཞིན་གཤེགས་པའི་སྙིང་པོ་དེ་ཉིད་གློ་བུར་གྱི་དྲི་མས་གཏན་ནས་མ་དག་པའི་ཚེ་སེམས་ཅན་དང་། མ་དག་པ་དང་དག་པ་གཉིས་ཀ་དང་ལྡན་པ་ལ་བྱང་ཆུབ་སེམས་དཔའ་ལམ་ལ་གནས་པ་ཞེས་བྱ། ཤིན་ཏུ་རྣམ་པར་དག་པའི་ཚེ་དེ་བཞིན་གཤེགས་པ་ཞེས་བྱའོ། ། དེ་ཡང་ལས་དང་ཉོན་མོངས་པས་བསྐྱེད་པའི་འཁོར་བ་དང་ལྡན་པའི་གནས་སྐབས་ནི་མ་དག་པའོ། ། ལས་དང་ཉོན་མོངས་པ་ལས་གྲོལ་ཡང་མ་རིག་བག་ཆགས་ཀྱིས་མ་གྲོལ་བའི་གནས་སྐབས་ནི་བྱང་ཆུབ་སེམས་དཔའ་དང་། དེ་ལས་ཀྱང་གྲོལ་བ་ན་དེ་བཞིན་གཤེགས་པའི་གནས་སྐབས་སོ། །

1_2 ཁག་གཉིས་པ། 

དབུ་མ་ལ་འཇུག་པའི་འགྲེལ་བཤད་ཅེས་བྱ་བ་ལས་བྱུང་བ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་ཞེས་བྱ་བ་སྟེ། 

1.གཞོན་ནུའི་གནས་སྐབས།

2.རྒྱལ་ཚབ་ཀྱི་གནས་སྐབས། 

3.རྒྱལ་པོར་དབང་བསྐུར་བའི་གནས་སྐབས་སོ༎ 

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2021-04-16

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།