འཇའ་ཚོན། ནི་མིང་གཅིག་དོན་མང་ལ་འཇུག་སྟེ། དེར་དོན་གྱི་འཇུག་ཚུལ2ཡོད།

འཇའ་ཚོན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།
(དག་ཡིག )

བཀྲག་མདངས་ཅན་གྱི་འཇའ།
1 ལོ་ཙཱ།

རྒྱ་ཡིག 虹,彩虹

དབྱིན་ཡིག rainbow

2 རྒྱས་འགྲེལ།

1.དག་ཡིག་གསར་བསྒྲིགས་ལས།  བཀྲག་མདངས་ཅན་གྱི་འཇའ།

2.བརྡ་དག་མིང་ཚིག་གསལ་བ་ལས།  ཆར་པའི་ཆུ་རྡུལ་ཕྲ་མོ་ནམ་མཁར་ཐོར་བའི་ཚེ་ཉི་འོད་ཕོགས་པ་ན་འཇའ་གཟུགས་པའོ་མཇའ་ཚོན་ཡང་། 虹,下雨时水气散于空中,被日光照耀,即成虹,亦作མཇའ་ཚོན། 【增】虹的彩色。﹝达﹞(同)འཇའ་རིས།

3.བོད་རྒྱ་ཚིག་མཛོད་ཆེན་མོ་ལས།  ཁ་དོག་མཚར་བའི་འཇའ། 虹,彩虹: འཇའ་ཚོན་ཤར་བ། 出虹。འཇའ་ཚོན་ཡལ་བ། 彩虹消散。མིང་གི་རྣམ་གྲངས་ལ་རྒན་པོའི་ཐིག་དང༌། བརྒྱ་བྱིན་གཞུ། འཇའ་རིས། དྲང་འཁྱོག་དབང་པོའི་མཚོན་ཆ། དབང་པོའི་ཤིང་བལ། དབང་གཞུ། གཞའ་ཚོན། འོད་ལྔ་པ། རླུང་གི་རྒྱལ་མཚན། རླུང་གི་བལ། རླུང་གི་འབྲས་བུ། སོས་ཀ་བཞད། ལྷ་རྒྱལ་མཚོན་ཆ། ལྷ་ཡི་ཚོན་རིས་བཅས་སོ། །

4.སྨོན་ལམ་ཚིག་མཛོད་ཆེན་མོ་ལས།  མིང་ཚིག ཉི་འོད་རླངས་པ་དང་སྤྲིན་པར་ཕོག་ནས་ཤར་བའི་མདངས་སམ། ཁ་དོག་མཚར་བའི་འཇའ་སྟེ། དཔེར་ན། ནམ་མཁའ་ལ་འཇའ་ཚོན་ཤར་བ་ཞེས་པ་ལྟ་བུ།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-10-17

གསར་སྤེལ་མཁན། :ཆོས་དབྱིངས།འཕགས་མོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།