འགོས་ལོ་ཙཱ་བ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གཙང་གི་སློབ་མ་རྣམས་ཀྱི་གཙོ་བོ་རྗེ་འགོས་ལོ་ཙཱ་བ་ནི། རྟ་ནག་ཕུའི་ཁུག་པ་ཞེས་བྱ་བའི་སའི་ཆར་ཡུམ་སྒྲོལ་མའི་སྤྲུལ་པ་ཡིན་ཟེར་བ་ཞིག་ལ་འཁྲུངས། མཚན་ནི་ལྷས་བཙས་ཏེ་ལྷས་སྐྱབས་ཞེས་བྱ་བ་ཡིན།
གཞི་རྩའི་གནས་ཚུལ།

འཁྲུངས་ཡུལ།
རྟ་ནག་ཕུའི་ཁུག་པ།
ཡུམ།
སྒྲོལ་མའི་སྤྲུལ་པ།
མཚན་གཞན།
ལྷས་སྐྱབས།
རིགས་དབྱེ།
ལོ་ཙཱ་བ།
1 ངོ་སྤྲོད།

གཙང་གི་སློབ་མ་རྣམས་ཀྱི་གཙོ་བོ་རྗེ་འགོས་ལོ་ཙཱ་བ་ནི། རྟ་ནག་ཕུའི་ཁུག་པ་ཞེས་བྱ་བའི་སའི་ཆར་ཡུམ་སྒྲོལ་མའི་སྤྲུལ་པ་ཡིན་ཟེར་བ་ཞིག་ལ་འཁྲུངས། མཚན་ནི་ལྷས་བཙས་ཏེ་ལྷས་སྐྱབས་ཞེས་བྱ་བ་ཡིན་ལ། དང་པོར་ཟུར་པའི་སར་སློབ་གཉེར་ལ་བྱོན་པས་ལས་ཁོ་ན་བཅོལ་བས་འབྲོག་མིའི་ཐད་དུ་བྱོན། ཆོས་འབྲེལ་ཙམ་གནང་ཡང་རྒྱུད་ཉན་པར་འདོད་པ་གསེར་ཁྱེར་ཤོག་གསུངས་ནས་མ་གནང་བས། རང་གི་སྤོབས་པ་བསྐྱེད་དེ་རྒྱ་གར་དུ་ཕྱིན་ལ་ཁོང་འདྲ་བ་ཞིག་བྱ་སྙམ་ནས། གྱི་ཇོ་ཟླ་བའི་འོད་ཟེར་དང་འགྲོགས་ཏེ་རྒྱ་གར་དུ་བྱོན། པཎྜི་ཏ་རྣམས་ཀྱི་ཐད་དུ་ཆོས་གསན་པའི་ཚེ་ན་བརྩོན་འགྲུས་མ་བསྐྱེད་ན་འབྲོག་འདོམ་དེ་ལ་ངོ་ཚ་བར་ཡོད་གསུངས་ནས་སྙིང་རུས་བསྐྱེད་དེ་སློབ་གཉེར་ལ་འབད་པ་ཆེན་པོ་མཛད།

2 མཛད་རྗེས།

ཁོང་ལ་བལ་པོ་ཕན་ཆད་ན་པཎྜི་ཏའི་བླ་མ་བདུན་ཅུ་དང༌། མཁའ་འགྲོ་མའི་བླ་མ་གཉིས་ཏེ་བདུན་ཅུ་རྩ་གཉིས་ཡོད་པར་གྲགས། གསང་བ་འདུས་པ་གསན་པའི་གཙོ་བོ་ནི་བྷཾ་ག་ལའི་མངོན་ཤེས་ཅན། ཟ་ཧོར་གྱི་བཙུན་མོ་ཅན། ཀོང་ཀ་ནའི་རྒྱལ་བུ་སྤྲིན་གྱིས་ཤུགས་ཅན། རྡོ་རྗེ་གདན་གྱི་ནག་པོ་དམ་ཚིག་རྡོ་རྗེ། ཇོ་བོ་རྗེ། ཁ་ཆེ་གྲིབ་སྟན་གྱི་མཁས་པ་ཙཎྜ་རཱ་ཧུ་ལ། རྒྱལ་པོའི་ཁབ་ཀྱི་ཞི་བ་བཟང་པོ། ཡི་རང་གི་བལ་པོ་ཐུགས་རྗེ་ཆེན་པོ། བལ་པོ་རྫོང་གི་ན་བ་ཀུ་དཱི་བ། ནཱ་རོ་པའི་སློབ་མ་ཁ་ཆེ་ཛྙཱ་ན་ཨཱ་ཀ་ར་རྣམས་བསྟེན་ནས་གསང་བ་འདུས་པའི་རྒྱུད་འགྲེལ་པ་ཆ་ལག་དང་བཅས་པ་མཁས་པར་བསླབས་ནས་བཤད་པ་མཛད་པས་འཕྲིན་ལས་ཀྱི་དར་རྒྱས་ཤིན་ཏུ་ཆེ། རྒྱུད་འགྲེལ་པ་དང་བཅས་པ་ལ་འགྱུར་བཅོས་ཀྱང་ལན་གཉིས་སུ་མཛད། གཞན་ཡང་འགྱུར་མང་དུ་མཛད། ལྷག་པར་གསང་བ་འདུས་པ་འཕགས་ལུགས་ལ་འཕྲིན་ལས་ཀྱི་བཀའ་བབ་པས་བོད་དུ་འདུས་པའི་བཤད་སྲོལ་རྒྱ་ཆེར་སྤེལ་ལོ།། ཆོས་རྗེ་བུ་སྟོན་རིན་པོ་ཆེ་དང་རྗེ་བདག་ཉིད་ཆེན་པོ་ཡབ་སྲས་རྣམས་ཀྱིས་རྗེ་འགོས་ཀྱི་འདུས་པའི་བཤད་སྲོལ་ཉིད་རྩལ་དུ་བཏོན་ནས་སྤེལ་བས་དེང་སང་གི་བར་དུ་བཤད་སྲོལ་རྒྱུན་མ་ཆད་པར་ཡོད་པ་འདི་བྱུང་བ་ཡིན་པས་བཀའ་དྲིན་ཤིན་དུ་ཆེ་བ་ཞིག་གོ །


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-10-29

གསར་སྤེལ་མཁན། :སེང་ལྡེང་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།