གྲུམ་ནད།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གྲུམ་ནད།
རང་བཞིན་གི་ས་བབ་མཐོ་ལ་ས་ཁམས་འཁོར་ཡུག་ཞན་པ་དང་། གནམ་གཤིས་མི་ལེགས་པས་གྲུམ་ནད་འབྱུང་སླ། གྲུམ་ནད་ནི་ཚ་གྲུམ་བྱུང་རྗེས་ཀྱི་ནད་འགྱུར་ཞིག་སྟེ། རྒྱུན་མཐོང་ཅན་དང་ཡང་ཡང་འཕར་བའི་མྱུར་ལངས་སམ་དལ་ལངས་རང་བཞིན་གྱི་ལུས་ཡོངས་ལ་འབྲེལ་བའི་ཕུང་གྲུབ་ཀྱི་གཉན་ཚད་ཅིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
类风湿关节炎
ཕྱི་ཡིག་གི་མིང་།
arthritis
1 གོ་དོན།

རང་བཞིན་གི་ས་བབ་མཐོ་ལ་ས་ཁམས་འཁོར་ཡུག་ཞན་པ་དང་།གནམ་གཤིས་མི་ལེགས་པས་གྲུམ་ནད་འབྱུང་སླ། གྲུམ་ནད་ནི་ཚ་གྲུམ་བྱུང་རྗེས་ཀྱི་ནད་འགྱུར་ཞིག་སྟེ། རྒྱུན་མཐོང་ཅན་དང་ཡང་ཡང་འཕར་བའི་མྱུར་ལངས་སམ་དལ་ལངས་རང་བཞིན་གྱི་ལུས་ཡོངས་ལ་འབྲེལ་བའི་ཕུང་གྲུབ་ཀྱི་གཉན་ཚད་ཅིག་ཡིན། ནད་ཐོག་མངོན་ཚུལ་ནི་སྙིང་རྩའི་གཉན་ཚད་དང་གྲུམ་བུའི་གཉན་ཚད་གཙོ་བོ་ཡིན་པ་དང་། ཚ་ལངས་པ་དང་ཁྲག་དུག་པགས་འབྲུམ། པགས་འོག་རྩ་རྡོག་འཁྲབ་ནད་སོགས་དང་འདྲེས།

2 ནད་ཐོག་མངོན་ཚུལ།

.jpg

སྙིང་རྩའི་གཉན་ཚད། སྙིང་ཁམས་མི་བདེ་བའམ་ན་གཟེར་ལངས་པ། སྙིང་འཕར་བ། ཁྲག་རྒྱས་རང་བཞིན་གྱི་སྙིང་ནུས་ཉམས་པ་སོགས་ཀྱི་ནད་རྟགས་ཡོད། རྒྱུན་མཐོང་གི་ནད་ཐོག་མངོན་ཚུལ་ལ། སྙིང་གི་འཕར་ཚད་མགྱོགས་དྲགས་པ་དང་སྙིང་ཇེ་ཆེར་འགྱུར་བ། སྙིང་ལྡིང་བའི་སྒྲ་འགྱུར་བ། སྒྲ་ལྷད་པ། སྙིང་གི་འཕར་ཚད་མི་སྙོམས་པ། སྙིང་ཤུགས་ཉམས་པ་བཅས་ཡོད། སྙིང་གི་ནང་སྐྱིའི་གཉན་ཚད། ནད་ཐོག་མངོན་ཚུལ་ཐད། སྙིང་རྩེའི་ཁག་ཅུང་སྐུམ་པའི་དུས་སུ་སྒྲ་ལྷད་པ་ཡིན་པས་ནུས་པའི་རང་བཞིན་ལ་གཏོགས་ཤིང་། སྙིང་རྩའི་ནད་འགྱུར་རམ་ཚ་ལངས་པ་དང་ཁྲག་ཤེད་ཉམས་པ་སོགས་འབྱུང་སྲིད་པའི་རྒྱུན་རྐྱེན་ཡིན། སྙིང་ཤུན་གཉན་ཚད། ནད་པར་སྙིང་ཁམས་གཟེར་བའི་སྣང་བ་སྐྱེས་ལ།ཉན་བརྟག་བྱས་ཚེ་རྒྱུན་དུ་སྙིང་ཤུན་རྡར་སྒྲ་ཡོད་པ་དང་། Xའཕྲོ་ཐིག་གིས་ཞིབ་བཤེར་བྱས་ཚེ་སྙིང་གི་ཕྱི་མཐའ་དྲང་སྙོམས་ཡིན་པ་དང་། སྙིང་གི་འོག་ཕྱོགས་ཆེ་བར་མངོན།

3 སྔོན་འགོག་བྱེད་ཐབས།

(1)ཐོག་མར་ཚ་གྲུམ་འབྱུང་བ་སྔོན་འགོག་བྱེད་པར་མཐོང་ཆེན་བྱེད་དགོས་ཤིང་། དེའི་གནད་འགག་ནི་དུག་སྲིན་ཟླུམ་ཕྲེང་ཅན་གྱིས་བསླངས་པའི་དབུགས་ལམ་སྟོད་མའི་གཉན་ཚད་དང་གྲེ་བའི་གཉན་ཚད། ལྐོག་རྨེན་གཉན་ཚད་ཅན་འགོག་བཅོས་བྱེད་དགོས།

(2) ངལ་རྩོལ་དང་ངལ་གསོ་མཉམ་འབྲེལ་ངང་ལུས་རྩལ་སྦྱོང་བརྡར་འོས་འཚམ་བྱེས་ཏེ། རིམས་འགོག་ནུས་པ་ཇེ་མཐོར་གཏོང་དགོས།

(3) བཟའ་བཏུང་འོས་འཚམ་ཡིན་དགོས་པ་དང་།ཚྭ་དང་ཆུ་ལ་ཚོད་འཛིན་འོས་འཚམ་བྱེད་དགོས།

(4) རང་གིས་རང་ལ་བདག་སྐྱོང་བཟང་བོ་བྱས་ཏེ་ནད་ཇེ་སྡུག་ཏུ་འགྲོ་བ་འགོག་པ་དང་། དུས་ཐོག་ཏུ་ནད་ཚུལ་འགྱུར་བ་ཤེས་དགོས།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-11-06

གསར་སྤེལ་མཁན། :བོན་སྐོར་པད་མ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།