ཀླད་ཁྲག་འཁར་བ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཀླད་ཁྲག་འཁར་བ།
ཀླད་པའི་ཁྲག་རྩའི་ནང་སྐྱིར་ནད་འགྱུར་བྱུང་ནས་ཁྲག་རྩའི་བུ་ག་དོག་པོར་གྱུར་པའམ་ཟུམ་པའི་རྐྱེན་གྱིས་ཁྲག་གི་རྒྱུ་བ་ཇེ་ཞན་དུ་སོང་ནས་ཀླད་པའི་གྲུབ་ཆར་ཁྲག་མ་འདང་བར་ཀླད་པར་སྐྱོན་ཤོར་ནས་གཞོགས་ཕྱེད་ཞ་བ་དང་སྦྲིད་པ་སོགས་དབང་རྩའི་ནད་རྟགས་སྟོན་པའི་ནད་ཅིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
脑血栓
ཕྱི་ཡིག་གི་མིང་།
cerebralthrombosis
རིགས་དབྱེ།
ཀླད་པ་དང་དབང་རྩའི་ནད་རིགས།
1 གོ་དོན།

ཀླད་ཁྲག་འཁར་བ་ཟེར་བ་ནི་ཀླད་པའི་ཁྲག་རྩའི་ནང་སྐྱིར་ནད་འགྱུར་བྱུང་ནས་ཁྲག་རྩའི་བུ་ག་དོག་པོར་གྱུར་པའམ་ཟུམ་པའི་རྐྱེན་གྱིས་ཁྲག་གི་རྒྱུ་བ་ཇེ་ཞན་དུ་སོང་ནས་ཀླད་པའི་གྲུབ་ཆར་ཁྲག་མ་འདང་བར་ཀླད་པར་སྐྱོན་ཤོར་ནས་གཞོགས་ཕྱེད་ཞ་བ་དང་སྦྲིད་པ་སོགས་དབང་རྩའི་ནད་རྟགས་སྟོན་པའི་ནད་ཅིག་ཡིན།

2 རྒྱུ་རྐྱེན།

ཀླད་ཁྲག་འཁར་བ་ཟེར་བ་ནི་ཀླད་པའི་ཁྲག་རྩའི་ནང་སྐྱིར་ནད་འགྱུར་བྱུང་ནས་ཁྲག་རྩའི་བུ་ག་དོག་པོར་གྱུར་པའམ་ཟུམ་པའི་རྐྱེན་གྱིས་ཁྲག་གི་རྒྱུ་བ་ཇེ་ཞན་དུ་སོང་ནས་ཀླད་པའི་གྲུབ་ཆར་ཁྲག་མ་འདང་བར་ཀླད་པར་སྐྱོན་ཤོར་ནས་གཞོགས་ཕྱེད་ཞ་བ་དང་སྦྲིད་པ་སོགས་དབང་རྩའི་ནད་རྟགས་སྟོན་པའི་ནད་ཅིག་ཡིན། སློང་རྐྱེན་གཙོ་བོ་ནི་ཀླད་དཀྱིལ་འཕར་རྩ་དང་སྐེའི་ནང་ངོས་ཀྱི་འཕར་རྩ། ཀླད་པའི་མཐིལ་ཞབས་ཀྱི་འཕར་རྩའི་དུམ་བུ་་དཀྱིལ་མ་དང་། གཤམ་མའི་མཚམས་བཅས་ཡིན་པ་དང་། ཁྲག་འཁར་བའི་ཆེས་རྒྱུན་མཐོང་གི་ནད་རྐྱེན་ནི་ཁྲག་རྩ་མཁྲེགས་པོར་ཆགས་པ་དང་། ཁྲག་གི་གནོན་ཤུགས་མཐོ་བ་དེ་ཡིན། དེ་ཡང་འཕར་རྩའི་ནང་སྐྱིར་ནད་འགྱུར་བྱུང་ནས་བུ་ག་དོག་པོར་གྱུར་རྗེས་ཟུར་ལག་འཁོར་རྒྱུན་བརྒྱུད་ནས་རང་བཞིན་གྱིས་སྙོམ་སྒྲིག་བྱེད་སྟབས་ཁྲག་རྩའི་ནང་རྐྱེན་ཇེ་ཆུང་དུ་འགྲོ་བ་དང་། ཁྲག་རྒྱུན་རྒྱུན་ལྡན་ལྟར་འཁོར་རྒྱུག་བྱེད་ཐུབ་པ་ཡིན། འོན་ཀྱང་སྙིང་ཤུགས་ཉམས་རྒུད་དུ་གྱུར་པ་དང་སྙིང་གི་ཤ་གྲིམ་གྱི་འཕར་རྩ་འགགས་པ། སྙིང་གི་འཕར་ལྡིང་རྒྱུན་ལྡན་མིན་པ། དྲན་མེད་དུ་བརྒྱལ་བ། ལུས་ཆུ་ཤོར་བ། བཙའ་རྗེས་ཁྲག་ཤོར་བ། ངལ་དུབ་བྱུང་བ་སོགས་རྐྱེན་པས་ཁྲག་ཤེད་ཇེ་དམའ་རུ་ཕྱིན་པ་དང་། ཁྲག་རྒྱུན་འཁོར་རྒྱུག་བྱེད་རྒྱུར་འགོར་འགྱངས་སུ་བཏང་སྟབས་ཁྲག་གི་ཚི་ཆེ་རུ་ཕྱིན་པ་དང་ངོ་བོ་ཇེ་གར་དུ་ཕྱིན་ནས་ཁྲག་གི་ཁེངས་ཤུགས་ཆེ་རུ་སོང་བར་བརྟེན་ནས་ནད་འདི་སློང་བ་ཡིན། དེ་མིན་ཀླད་པར་གཉན་ཁ་རྒྱས་པའི་ནད་རིགས་སྣ་ཚོགས་དང་། མགོ་སྐེར་རྨས་སྐྱོན་ཤོར་བ་བཅས་ཀྱིས་ཀྱང་སློང་བ་དང་། ལོ་ན་ཆུང་གྲས་ཀྱི་ནད་པའི་ནང་འཕར་རྩར་གཉན་ཁ་རྒྱས་པའི་རྐྱེན་གྱིས་བསླངས་པའང་འཕྲད་པ་མང་བ་ཡིན།

3 ནད་རྟགས།

ནད་དེ་མང་ཆེ་བ་ལོ་ན་ལྔ་བཅུ་ཡན་ཆད་ལ་སོན་པའི་སྐྱེས་པའི་ནང་ཅུང་ཕོག་མང་བ་ཡོད། ནད་ཐོག་མར་ཕོག་དུས་རྟག་པར་ངལ་གསོ་བརྒྱག་པའི་སྐབས་དང་། ལྷིང་འཇགས་སུ་སྡོད་པའི་སྐབས། གཉིད་ཁུག་པའི་སྐབས་བཅས་སུ་ནད་ཕོག་ནས་ནད་རྟགས་སྟོན་པ་དང་། རྒྱུ་བ་ཅུང་མགྱོགས་པ། ཁྲག་གི་གནོན་ཤུགས་ཕལ་ཆེར་མཐོན་པོ་མེད་པ་སོགས་ཀྱི་མངོན་ཚུལ་འབྱུང་བ་ཡིན།

ཀླད་ཁྲག་འཁར་བའི་ནད་པ་མང་ཆེ་བར་ནད་ཕོག་ནས་ཉིན་ཤས་རིང་ནད་གཞི་ལྷིང་པོར་སྡོད་པ་ནས་གཟའ་འཁོར་གཉིས་གསུམ་ཕྱིན་རྗེས། ཁྲག་རྩའི་ཡལ་འདབ་བརྒྱུད་ནས་་ཁྲག་རྒྱུན་བསྐྱར་གསོ་བྱུང་སྟབས་ནད་རྟགས་རྣམས་རིམ་བཞིན་ཇེ་ཡང་དུ་འགྲོ་བ་ཡིན། དེར་བརྟེན་ལོ་ན་མཐོ་ཞིང་ཁྲག་ཤེད་མཐོ་བའི་ནད་པའི་ནང་ཉིན་གཅིག་ནས་གཉིས་ནང་རིམ་བཞིན་ཞ་སྦྲིད་ཆགས་ནས་འདུ་ཤེས་ལ་སྐྱོན་མེད་མཁན་རྣམས། ཕལ་ཆེར་ཀླད་ཁྲག་འཁར་བའི་ནད་ཡིན་པར་བསམ་གཞིག་བྱེད་ཆོག

4 སྔོན་འགོག

ཀླད་ཁྲག་འཁར་བའི་ནད་མང་ཆེ་བ་ཁྲག་རྩ་མཁྲེགས་པོར་ཆགས་པའི་ནད་པར་ཕོག་པས། ཧུར་བརྩོན་ཆེན་པོས་ཁྲག་རྩ་མཁྲེགས་པོར་ཆགས་པ་དེ་གསོ་བཅོས་བཟང་བོ་བྱེད་དགོས་ལ། ཁྲག་རྩ་མཁྲེགས་པོར་ཆགས་པའི་ནད་ཡོད་ཕྱིན་ཁྲག་གི་གནོན་ཤུགས་གཅོག་པ་དང་། ཀླད་པའི་ཁྲག་རྒྱུན་ཇེ་དལ་དུ་གཏོང་བ། ཁྲག་ཚི་ཆེ་རུ་འགྲོ་བ། ཁྲག་གིས་ཁེངས་ཤུགས་ཆེ་རུ་འགྲོ་བའི་རིགས་བཅས་ཀྱི་རྒྱུ་རྐྱེན་སྣ་ཚོགས་དེ་རྣམས་གཡོལ་ཐབས་དང་ཡོ་བསྲང་བྱེད་དགོས།

5 གསོ་ཐབས།

1.ནད་ཕོག་ནས་ཛ་དྲག་གི་དུས་དང་བསྐྱར་གསོའི་དུས་ཀྱི་གཉེན་པོ་སྤྱོད་སྟངས་དེ་ཀླད་ཁྲག་ཤོར་བའི་སྐབས་ཀྱི་འབྲེལ་ཡོད་ནང་དོན་ལྟར་བྱེད་ཆོག

2.བོད་ལུགས་གསོ་རིག་ལྟར་ན། ཁོང་སྨན་ལ་བསམ་འཕེལ་ནོར་བུ་དང་། བདུད་རྩི་བཅུ་གཅིག ཨ་གར་བརྒྱད་པ། བྱང་ཆོས་སོ་བདུན། འབྲོང་ཁྲག་བརྒྱད་པ། ཨ་གར་ཉི་ཤུ། ཨ་གར་སོ་ལྔ་སོགས་འབྲེལ་ཡོད་སྨན་སྦྱོར་རྣམས་གང་འཚམ་ལྟར་བསྟེན་དགོས།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-10-26

གསར་སྤེལ་མཁན། :བོན་སྐོར་པད་མ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།