རས་ཞྭ་ནག་པོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རས་ཞྭ་ནག་པོ།
ཞྭ་འདི་ནི་མདོ་སྨད་ཐེ་བོ་ཕྱོགས་ཀྱི་བུད་མེད་ཚོའི་ཞྭ་མོ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
黑布帽
རྒྱུ་ཆ།
རས་ནག
ས་ཁུལ།
མདོ་སྨད་ཐེ་བོ།
འབྱུང་ཁུངས།
བཙན་པོའི་དམག་ཆས་ལས་བྱུང་བ།
1 ངོ་སྤྲོད།

ཞྭ་འདི་ནི་མདོ་སྨད་ཐེ་བོ་ཕྱོགས་ཀྱི་བུད་མེད་ཚོའི་ཞྭ་མོ་ཞིག་ཡིན། མདོ་སྨད་ཐེ་བོ་ཞེས་པའི་ས་ཁུལ་དེ་ནི་དེང་སང་ཀན་སུའུ་ཞིང་ཆེན་ཁོངས་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ལྷོ་ཕྱོགས་དང་། ཀླུ་ཆུའི་སྟོད་རྒྱུད་དུ་ཡོད། ས་ཁུལ་དེར་གནས་བའི་མི་རྣམས་ནི་སྔར་བོད་ཀྱི་བཙན་པོ་རིམ་བྱོན་སྐབས་མཐའ་མཚམས་ཁག་ལ་མངགས་པའི་བོད་དམག་གི་རྒྱུད་པ་ཡིན་ཞེས་པ་དང་། སྔར་གྱི་དམག་ཆས་རྣམས་ཕྱིས་སུ་ཡུལ་དེའི་བུད་མེད་ཚོའི་རྒྱན་ཆར་གྱུར་ཡོད་བ་མ་ཟད། ཡུལ་མི་ཚོའི་གཤིས་ཀ་དང་། སྒྲིག་འཛུགས་སོགས་ཀྱང་སྐབས་དེའི་བོད་དམག་ཚོ་དང་གཅིག་མཚུངས་ཡིན་པའི་སྐོར་ཀྱང་གླེང་། ཐེ་བོ་བུད་མེད་ཀྱི་ཞྭ་རས་ནག་པོ་དེའི་གྱོན་སྟངས་ནི། རས་ནག་ལྟེབས་རྩེགས་མང་པོ་བརྒྱབ་ནས་མགོ་བོའི་སྟེང་གྱོན་རྗེས། ཚོན་མདོག་སྣ་ཚོགས་ཀྱི་སི་ཤན་ལས་ཁེལ་འཐག་བྱས་པའི་མགོ་འཆིང་གིས་ཞྭ་རས་མ་ཟགས་པའི་ཆེད་དུ་བཅིངས་པ་དང་། དེའི་སེང་དུ་བུ་མོ་ན་ཆུང་ཚོས་རང་འདོད་ལྟར་ཚོན་མདངས་བཀྲ་བའི་མེ་ཏོག་སྣ་ཚོགས་ཀྱིས་བརྒྱན་སྲོལ་ཡོད་པ་བཅས་སོ།།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-10-30

གསར་སྤེལ་མཁན། :བོན་སྐོར་པད་མ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།