བྱེ་གླིང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

བྱེ་གླིང་།
བྱེ་མའི་གླིང་ཕྲན་ཞིག་ཡིན་ཏེ། མདའ་བཞི་རྫོང་གི་ནུབ་ཕྱོགས་དང་། མཚོ་སྔོན་པོའི་མཚོ་འགྲམ་གྱི་ཤར་བྱང་དུ་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
沙岛
སྲིད་འཛིན་ཁོངས་གཏོགས།
མཚོ་བྱང་ཁུལ་མདའ་བཞི་རྫོང་།
རིགས་དབྱེ།
བྱེ་མའི་གླིང་ཕྲན།
རྒྱ་ཁྱོན།
མུའུ39000ཡོད།
མཚོ་འཕགས།
སྨི3251ཡོད།
གནས་ཡུལ།
མདའ་བཞིའི་རྫོང་གི་ནུབ་ཕྱོགས་དང་། མཚོ་སྔོན་པོའི་མཚོ་འགྲམ་གྱི་ཤར་བྱང་དུ་ཡོད།
1 ​ངོ་སྤྲོད།

བྱེ་གླིང་ནི་མདའ་བཞིའི་རྫོང་གི་ནུབ་ཕྱོགས་དང་། མཚོ་སྔོན་པོའི་མཚོ་འགྲམ་གྱི་ཤར་བྱང་དུ་ཡོད་ལ། གནའ་མཁར་ཟི་ལིང་ནས་ལམ་ལ་ཆས་ཏེ་སོང་ན་སྤྱི་ལེ120ཡོད། འདིའི་ཤར་བྱང་བྱེ་མ་རྔ་རྡུང་དང་ཕན་ཚུན་འབྲེལ་ཞིང་། དབྱིབས་ཚེས་རིས་ཀྱི་རྣམ་པར་མངོན། རིང་ཚད་ལ་སྤྱི་ལེ13དང་། ཞེང་ལ་སྤྱི་ལེ2ཡོད། རྒྱ་ཁྱོན་ལ་མུའུ39000ཡོད། གླིང་དེ་ཆུ་ངོས་ལས་མཐོ་ཚད་སྨི56ཡོད། འཕྲེད་ཐིག་ཤར་མ36°0′63〞~ 37°0′46〞དང་། གཞུང་ཐིག་བྱང་མ100°0′49〞~ 101°0′45〞ལ་གནས་ཡོད་པ་དང་། མཚོ་འཕགས་ལ་སྨི3251ཡོད།  མཚོ་སྔོན་པོའི་ཆུ་གནས་ལོ་རེར་ཇེ་དམའ་རུ་ཕྱིན་པ་དང་། མཚོ་ནང་གི་བྱེ་སྒང་ཆུ་ངོས་ལས་བུད་དེ་བྱེ་མའི་གླིང་ཚོམས་ཆགས་པ་ཡིན། གནམ་གཤིས་ཐན་སྐམ་ཆེ་ཞིང་རླུང་ཤུགས་དྲག  བྱེ་མར་སྤོ་འགུལ་སྣང་ཚུལ་ལྡན་ཞིང་ཉེ་འབྲེལ་རྩྭ་རར་བྱེ་མས་ཟིན་ནས་འགྲོ་བཞིན་མཆིས་ལ།  ད་ལྟ་བྱེ་གླིང་མཛེས་ལྗོངས་སུ་གསར་སྤེལ་བྱས་ཡོད་ལ།  མཛེས་ལྗོངས་འདིའི་ཤར་ནུབ་ཀྱི་རིང་ཚད་ལ་སྤྱི་ལེ36དང་ལྷོ་བྱང་གི་ཞེང་ལ་སྤྱི་ལེ3ཡོད་པ་དང་། མཛེས་ལྗོངས་ཁུལ་གྱི་ལམ་ཁ་ནས་མཚོ་སྔོན་པོའི་མཚོ་འགྲམ་དུ་སྤྱི་ལེ7ཡོད། གནས་སྐོར་དུས་ཚིགས་སུ་ཕྱོགས་མཚམས་བརྒྱད་ཀྱི་གནས་སྐོར་བ་མང་པོ་འཛོམས་ཤིང་། བརྗིད་ཆགས་པའི་བྱེ་གླིང་དང་ཡིད་དུ་འོང་བའི་མཚོ་སྔོན་པོ་སོགས་ཀྱི་ལྐོག་གྱུར་གྱི་རང་བྱུང་མཛེས་སྡུག་ལ་ཉམས་སུ་མྱོང་བཞིན་ཡོད།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-10-22

གསར་སྤེལ་མཁན། :སེང་ལྡེང་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།