《བོད་ཀྱི་དེང་རབས་རྩོམ་པ་པོའི་བརྩམས་སྒྲུང་དཔེ་ཚོགས》
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

《བོད་ཀྱི་དེང་རབས་རྩོམ་པ་པོའི་བརྩམས་སྒྲུང་དཔེ་ཚོགས》
སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་བོད་ཡིག་དཔེ་སྐྲུན་ལྟེ་གནས་ཀྱིས་བོད་ཀྱི་རྩོམ་རིག་འཕེལ་རྒྱས་དང་རིག་གནས་རྒྱུན་འཛིན། སྐད་ཡིག་གོང་འཕེལ་བཅས་ཀྱི་བྱ་བཞག་མང་པོར་བསམ་གཞིག་བཏང་སྟེ། དུས་རབས་ཉི་ཤུའི་ལོ་རབས་བརྒྱད་ཅུ་ནས་ད་ལྟའི་བར་བོད་ཁམས་ཡོངས་ནས་གསར་རྩོམ་གྱི་ཉམས་མྱོང་ཅུང་ཕུན་སུམ་ཚོགས་ཤིང་བོད་རྒྱ་གཉིས་ཀྱི་རྩོམ་རིག་གླེང་སྟེགས་སུའང་གོ་གནས་ངེས་ཅན་ལྡན་ལ། སྒོས་སུ་བོད་ཀྱི་རིག་གནས་དང་ཡུལ་སྲོལ། སྤྱི་ཚོགས་སོགས་ལས་རིགས་ཀུན་ལ་ཆ་རྒྱུས་ལྡན་པའི་རྨང་གཞིའི་ཐོག་བོད་ཡིག་གིས་གསར་རྩོམ་བྱེད་པའི་རྩོམ་པ་པོ་ཁོ་ན་བདམས་ཏེ། 《བོད་ཀྱི་དེང་རབས་རྩོམ་པ་པོའི་བརྩམས་སྒྲུང་དཔེ་ཚོགས》དང་།《བོད་ཀྱི་དེང་རབས་བུད་མེད་རྩོམ་པ་པོའི་དཔེ་ཚོགས》ཞེས་པ་ཁག་གཉིས་དཔེ་སྐྲུན་བྱས་པ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
《藏文原创小说系列》
ཁོངས་གཏོགས།
བརྩམས་སྒྲུང་།
དཔེ་སྐྲུན་ཁང་།
སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།
1 རྒྱས་འགྲེལ།​

སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་བོད་ཡིག་དཔེ་སྐྲུན་ལྟེ་གནས་ཀྱིས་བོད་ཀྱི་རྩོམ་རིག་འཕེལ་རྒྱས་དང་རིག་གནས་རྒྱུན་འཛིན། སྐད་ཡིག་གོང་འཕེལ་བཅས་ཀྱི་བྱ་བཞག་མང་པོར་བསམ་གཞིག་བཏང་སྟེ། དུས་རབས་ཉི་ཤུའི་ལོ་རབས་བརྒྱད་ཅུ་ནས་ད་ལྟའི་བར་བོད་ཁམས་ཡོངས་ནས་གསར་རྩོམ་གྱི་ཉམས་མྱོང་ཅུང་ཕུན་སུམ་ཚོགས་ཤིང་བོད་རྒྱ་གཉིས་ཀྱི་རྩོམ་རིག་གླེང་སྟེགས་སུའང་གོ་གནས་ངེས་ཅན་ལྡན་ལ། སྒོས་སུ་བོད་ཀྱི་རིག་གནས་དང་ཡུལ་སྲོལ། སྤྱི་ཚོགས་སོགས་ལས་རིགས་ཀུན་ལ་ཆ་རྒྱུས་ལྡན་པའི་རྨང་གཞིའི་ཐོག་བོད་ཡིག་གིས་གསར་རྩོམ་བྱེད་པའི་རྩོམ་པ་པོ་ཁོ་ན་བདམས་ཏེ། 《བོད་ཀྱི་དེང་རབས་རྩོམ་པ་པོའི་བརྩམས་སྒྲུང་དཔེ་ཚོགས》དང་།《བོད་ཀྱི་དེང་རབས་བུད་མེད་རྩོམ་པ་པོའི་དཔེ་ཚོགས》ཞེས་པ་ཁག་གཉིས་དཔེ་སྐྲུན་བྱས་པ་ཡིན། 

དེ་ལས《བོད་ཀྱི་དེང་རབས་རྩོམ་པ་པོའི་བརྩམས་སྒྲུང་དཔེ་ཚོགས》ཞེས་པའི་ཁག་དང་པོ་ད་ལྟ་དངོས་སུ་དཔེ་སྐྲུན་ལེགས་འགྲུབ་བྱུང་ནས་སྤྱི་ཚོགས་སུ་བཀྲམ་ཟིན། ཐེངས་འདིའི་དཔེ་ཚོགས་ནང་རེབ་གོང་རྡོ་རྗེ་མཁར་གྱི《རྨི་ལམ།》དང་། བསྟན་པ་ཡར་རྒྱས་ཀྱི《ལྷབ་ལྷུབ་ཏུ་འཕུར་བའི་ཤོག་བྱ།》སྟག་འབུམ་རྒྱལ་གྱི《བགྲེས་པོ་དང་ནོར་ཁྱུ།》  བཀྲ་བྷའི《བྱ་ལེན་མ།》 པདྨ་ཚེ་བརྟན་གྱི《གངས།》ཚེ་རིང་དོན་གྲུབ་ཀྱི《སྨུག་པ།》 མོག་ཆུང་ཕུར་ཁོའི《འབྲོང་ཚ།》 ཅོ་ནེ་ཡུམ་ཚེ་རིང་གི《གཟན་ཤམ་གྱོན་པའི་གཡག་རྭ།》 སྒོ་མེ་ཚེ་རིང་བཀྲ་ཤིས་ཀྱི《བྱ་ཞིག་ཡིན་ན་བསམས་བྱུང་།》 ཨ་སྐྱབས་དར་རྒྱས་ཀྱི《མཆོད་མེ》བཅས་ཉེ་ཆར་གསར་དུ་བྲིས་པའི་བརྩམས་སྒྲུང་དེབ་བཅུ་བདམས་ཡོད།

བོད་ཀྱི་དེང་རབས་རྩོམ་རིག་དང་སྒོས་སུ་བརྩམས་སྒྲུང་གི་ལོ་ན་དང་བསྟུན་ནས་སྨྲས་ཚེ། ཁོང་རྣམས་ནི་ཕུ་ནུས་ཕྱེས་ན་ཨ་ཁུ་དང་གྲལ་གྱིས་དེད་ན་མགོ་རུ་བཞུགས་ཆོག་པའི་རྩོམ་པ་པོའི་དཔུང་ཚོགས་ཤིག་ཡིན་པར་མ་ཟད། སྤྱི་ཚོགས་ལས་རིགས་ཀྱི་ཆ་ནས་ཀྱང་རིག་གཞུང་ཆེད་མཁས་པ་དང་། སློབ་གྲྭ་ཆེན་མོའི་དགེ་རྒན། སྤྱི་ཚོགས་སློབ་གསོ་བ། བོད་ཡིག་རྩོམ་སྒྲིག་པ། བོད་སྐད་གློག་བརྙན་གྱི་འཁྲབ་ཁྲིད་པ། ཀྲུང་གོའི་རྩོམ་པ་པོའི་མཐུན་ཚོགས་ཀྱི་རྩོམ་པ་པོ་བཅས་ཡོད། ལྷག་པར་ལོ་ངོ་དུ་མའི་རིང་ལ་ཕ་སྐད་ཀྱི་ལམ་ནས་གསར་རྩོམ་བྱེད་པ་གཙུགས་སུ་བཟུང་སྟེ་འཚོ་བར་ཟབ་ཞུགས་དང་གསར་རྩོམ་གྱི་ཉམས་མྱོང་བསགས་པས། བོད་ཡིག་དཔེ་སྐྲུན་ལྟེ་གནས་ཀྱི་འགོ་ཁྲིད་དང་ལས་མི་རྣམས་ཀྱིས་ཀྱང་འདི་ལྟ་བུའི་ཆ་རྐྱེན་དང་པོར་བཞག་སྟེ། བོད་ཀྱི་རིག་གནས་དང་སྐད་ཡིག་སོགས་ཕྱོགས་གང་ཐད་ནས་ཕན་པའི་ལེགས་ཚོགས་ཀྱི་རྒྱུར་འགྱུར་ཆེད། ད་རེས་དེའི་ཁྲོད་ཀྱི་ཁག་དང་པོ་དཔེ་སྐྲུན་བྱས་པ་ཡིན། ཁོང་རྣམས་ལས་ཁག་ཅིག་གི་བརྩམས་ཆོས་དེ་སྔོན་དབྱིན་ཇི་དང་ཧྥ་རན་སི། འཇར་མན། ཉི་ཧོང་བཅས་ཀྱི་སྐད་ཡིག་ལ་བསྒྱུར་མྱོང་བར་མ་ཟད། སྤྱི་ཚོགས་ལས་རིགས་སོ་སོ་ནས་ངོས་ལེན་དང་དགའ་བསུ་ཐོབ་པའི་འབྲས་རྟགས་ལ“ཇོ་མོ་གླང་མའི་རྩོམ་རིག་བྱ་དགའ”དང་། “གྲངས་ཉུང་མི་རིགས་རྩོམ་རིག་གསར་རྩོམ་གྱི་རྟ་མཆོག་བྱ་དགའ།” “སྦྲང་ཆར་རྩོམ་རིག་བྱ་དགའ།” “རྒྱལ་ཡོངས་གངས་རྒྱན་རྟགས་མའི་རྩོམ་རིག་བྱ་དགའ།” “ཧྲང་ཧེ་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་གྱི་ཨེ་ཤ་ཡའི་འཁྲབ་ཁྲིད་པ་གསར་པའི་རྩེ་གྲའི་བྱ་དགའ།” “གསེར་བུམ་རྟགས་མའི་བྱ་དགའ།”སོགས་མང་པོ་ཐོབ་མྱོང་ལ། དེའི་ནང“གྲངས་ཉུང་མི་རིགས་རྩོམ་རིག་གསར་རྩོམ་གྱི་རྟ་མཆོག་བྱ་དགའ”ཐོབ་མཁན་མི་གསུམ་བཅས་ཡོད། 

དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-11-05

གསར་སྤེལ་མཁན། :རྒྱ་ལོ་རྟ་མགྲིན་ཚེ་བརྟན།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།