ཡུལ་སྨུག་སྐེའི་ཆུ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཆུ་བོ་ཞིག་ཡིན་ཏེ། མདའ་བཞི་རྫོང་ཝ་མགྱོགས་ཡུལ་ཚོ་མི་དམངས་སྲིད་གཞུང་གི་ནུབ་ལྷོ་ནས་འབྱུང་བ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
叶莫给曲
སྲིད་འཛིན་ཁོངས་གཏོགས།
མཚོ་བྱང་ཁུལ་མདའ་བཞི་རྫོང་།
རིགས་དབྱེ།
ཆུ་བོ།
སྤྱིའི་རིང་ཚད།
སྤྱི་ལེ15ཡོད།
གནས་ཡུལ།
མདའ་བཞི་རྫོང་ཝ་མགྱོགས་ཡུལ་ཚོ།
1 ​ངོ་སྤྲོད།

ཡུལ་སྨུག་སྐེའི་ཆུ་ནི་མདའ་བཞི་རྫོང་ཝ་མགྱོགས་ཡུལ་ཚོ་མི་དམངས་སྲིད་གཞུང་གི་ནུབ་ལྷོ་ནས་འབྱུང་ཞིང་། སྨད་རྒྱུད་ལ་གྲེ་མ་ཆུ་རུ་འབོད། འཕྲེད་ཐིག་ཤར་མ36°23′~37°86′དང་། གཞུང་ཐིག་བྱང་མ100°01′~101°67′ལ་གནས་ཡོད། སྤྱིའི་རིང་ཚད་ལ་སྤྱི་ལེ15དང་། ཞེང་ཚད་ལ་སྨི6དང་། ཟབ་ཚད་ལ་སྨི0.3དང་། དར་ཆགས་ཡུན་ཉིན140ཡི་ཡས་མས་ཡིན། ཝ་མགྱོགས་ཐང་བརྒྱུད་ཅིང་མཚོ་བོད་ལྕགས་ལམ་བརྒྱུད་ནས་གྲེ་མ་ཆུ་རུ་འབབ། བྱང་ནས་ལྷོ་རུ་ཆུ་མགོ་ཁྲ་ལྡང་བརྒྱུད་ཅིང་མཚོ་སྔོན་པོར་འབབ། ལོ་མང་རང་བཞིན་གྱི་ཚྭ་མེད་ཆུ་བོར་གཏོགས་ལ། མཚོ་བོད་ལྕགས་ལམ་དང་ཆུ་འདིའི་བསྣོལ་མཚམས་སུ་ལྕགས་ལམ་གྱི་ཟམ་པ་གཅིག་བཙུགས་ཡོད།


བརྡ་འགྲེལ་གདོང་འཛར།

ཆུ་བོ། ཡུལ་ཚོ། མདའ་བཞི་རྫོང་།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-10-16

གསར་སྤེལ་མཁན། :སེང་ལྡེང་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།