སྐྲན་ནད།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྐྲན་ནད།
ཕྲ་ཕུང་ཞིག་རྒྱུན་ལྡན་མ་ཡིན་པར་མང་དུ་འཕར་བ་ཞིག་ལ་ཟེར་ཞིང་། ང་ཚོའི་ལུས་གཟུགས་ཀྱི་དབང་བོ་ཡོངས་ཕྲ་ཕུང་གིས་གྲུབ་པ་ཡིན་ལ། རྒྱུན་ལྡན་གྱི་གནས་ཚུལ་འོག ཕྲ་ཕུང་མང་འཕར་དང་སོ་སོ་བྱས་ན་ལུས་ཕུང་གི་དགོས་མཁོ་སྐོང་ཐུབ་པ་དང་འདི་འདྲའི་རྒྱུད་རིམ་ལྡན་པའི་གོ་རིམ་གྱིས་ང་ཚོའི་ལུས་ཕུང་བདེ་ཐང་ཡོང་བར་འགན་སྲུང་བྱེད་ཐུབ།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
癌症
ཕྱི་ཡིག་གི་མིང་།
cancer
1 ​གོ་དོན།

སྐྲན་ནད་ཟེར་བ་ནི་ཕྲ་ཕུང་ཞིག་རྒྱུན་ལྡན་མ་ཡིན་པར་མང་དུ་འཕར་བ་ཞིག་ལ་ཟེར་ཞིང་། ང་ཚོའི་ལུས་གཟུགས་ཀྱི་དབང་བོ་ཡོངས་ཕྲ་ཕུང་གིས་གྲུབ་པ་ཡིན་ལ། རྒྱུན་ལྡན་གྱི་གནས་ཚུལ་འོག ཕྲ་ཕུང་མང་འཕར་དང་སོ་སོ་བྱས་ན་ལུས་ཕུང་གི་དགོས་མཁོ་སྐོང་ཐུབ་པ་དང་འདི་འདྲའི་རྒྱུད་རིམ་ལྡན་པའི་གོ་རིམ་གྱིས་ང་ཚོའི་ལུས་ཕུང་བདེ་ཐང་ཡོང་བར་འགན་སྲུང་བྱེད་ཐུབ། འོན་ཀྱང་ཕྲ་ཕུང་ལ་གློ་བུར་དུ་འགྱུར་ལྡོག་བྱུང་ནས། ལུས་ཕུང་གིས་ཚོད་འཛིན་མི་ཐུབ་པར་རྒྱུན་མི་ཆད་པར་ཁ་བྲལ་བྱུང་བའི་དགོས་མེད་ཀྱི་ཕྲ་ཕུང་མང་པོ་འདི་དག་གིས་སྐྲན་འབྲས་གྲུབ་པ་ཡིན།

སྐྲན་ནད་ཚབས་ཆེན་ཟེར་བ་དེ་ནི་ང་ཚོའི་རྒྱུན་དུ་བཤད་པའི་འབྲས་སྐྲན་ཟེར་བ་དེ་རེད། དེ་ནི་མིའི་རིགས་ཀྱི་ལུས་ཕུང་བདེ་ཐང་དང་ཚེ་སྲོག་ལ་གནོད་པ་བཟོ་བའི་ནད་རིགས་ཤིག་ཡིན་ཞིང་། ལུས་ཀྱི་གནས་སོ་སོ་རུ་རིགས་མི་འདྲ་བའི་སྣ་ཁ100ལྷག་གི་སྐྲན་ནད་ཡོད།

2 ནད་ཐོག་སྨན་བཅོས།

སྐྲན་ནད་ཚབས་ཆེན་དེ་དག་ནི་ངོ་བོ་དང་འབྱུང་གནས། འཕེལ་རིམ་སོགས་མི་འདྲ་བའི་དབང་གིས་ནད་ཐོག་སྨན་བཅོས་བྱེད་པའི་རྣམ་པ་རིགས་མང་པོ་ཡོད།

ཆ་ཤས་མཚོན་ཐབས།

སྐྲངས་འབུར་དང་མར་གནོད་པའི་ནད་རྟགས། མགོ་ན་བ་དང་ཞེན་པ་ལོག་པ། སྐྱིག་པ། སྐད་འགགས་པ་། དབུགས་ལེན་པ་དང་ཟས་མིད་དཀའ་བ། དབུགས་འཚང་བ། གཅིན་གཏོང་དཀའ་བ། གྲིབ་སྐྱོན་ཤོར་བ། ཐོགས་འགགས་ནད་རྟགས། རྒྱུ་འགག་དང་མཁྲིས་སེར་སོགས་དང་ན་ཟུག་རྒྱས་པ། ཟགས་རལ་དང་ཁྲག་འཛག་པ།

ལུས་ཡོངས་ཀྱི་ནད་རྟགས།

ཐང་ཆད་པ་དང་ལུས་སྐམ་པ། ཚ་རྒྱས་པ། ཁྲག་ཞན་པ། ནད་རིད།

མ་ལག(རྒྱུད་ཁོངས)གི་ནུས་པ་རྙོག་དྲར་འགྱུར་པ།

སྐྲན་ནད་གྲུབ་པའི་དབང་རྩའི་དེའི་མ་ལག(རྒྱུད་ཁོངས)དང་ལུས་ཁམས་ཀྱི་ནུས་པ་རྙོག་འཛིང་ཅན་དུ་འབྱུང་ངེས།

3 འཚོ་བའི་སྤྱོད་སྟངས་ཀྱི་བྱེད་ཐབས།

1.དུ་བ་འཐེན་པ་དང་ཆང་འཐུང་བ། དེ་མིན་སྐྱེད་སྐྱེད་པ་དང་རླམ་འགྱུར། སྐྱུར་ཚལ། ཚལ་སྙིལ། བསྲེགས་ཟས། སྣུམ་བཙོས་སོགས་ཀྱི་ཟས་རིགས་དུས་ཡུན་རིང་པོར་སྤྱོད་པ།

2.ཟ་མ་དང་སྐོམ་ཆུའི་སྤྱོད་ལམ་མི་འགྲིག་པ།

3.འཚོ་བའི་གོམས་གཤིས་མི་ལེགས་པ་ཡོད་པ་དཔེར་ན། ཉི་མ་ལྡེབ་བ། གཙང་སྦྲ་ལ་མི་དགའ་བ་དང་ལུས་ཕུང་སྦྱོར་བརྡར་ཉུང་དྲག་པ་བཅས་ཡིན།

ཁོར་ཡུག་གི་དངོས་ཁམས་དང་རྫས་འགྱུར་རིག་པའི་རྒྱུ་རྐྱེན།

1.ཁོར་ཡུག་གི་འདྲེས་རྫས། མཁའ་དབུགས་དང་ཆུ། ཟས་རིགས། ས་གཤིན་བཅས་ལ་རྫས་འགྱུར་པེན་པིན་པིས། འཁྱོག་རྩབས་སེར་པོའི་དུག་རྒྱུ་སོགས་ཀྱིས་འབགས་བཙོག་བཟོས་པ།

2.གློག་གི་འགྱེད་འཕྲོའི་བཟོས་པ།

དུག་ནད་སོགས་ཀྱི་སྐྱེ་དངོས་ཀྱིས་རྒྱུ་རྐྱེན།

དུག་ནད། རིམ་པའི་མཆིན་ནད། དོན་སྒོ་དུང་འཁྱིལ་ནར་སྲིན་སོགས་ཡོད།

4 རིམ་པ་དང་པོ་སྔོན་འགོག་བྱེད་ཐབས།

1.ཁོར་ཡུག་ལ་སྲུང་སྐྱོབ་དང་ལེགས་བཅོས་བྱས་ཏེ། ཁོར་ཡུག་ལ་འབག་བཙོག་བཟོས་པ་སྔོན་འགོག་བྱེད་དགོས།

2.འགོག་ཁབ་རྒྱག་པ་དང་སྨན་འཐུང་པའི་བྱེད་ཐབས་སྤྱད་དེ་སྔོན་འགོག་བྱེད་དགོས།

5 སྐྱེ་ཕུང་གི་རྒྱུ་རྐྱེན།

1.རྒྱུད་འདེད་ཀྱི་འགོས་སླ་བའི་རང་བཞིན།

2.བསམ་པའི་རྒྱུ་རྐྱེན། དུས་ཡུན་རིང་པོར་བྲེལ་འཚུབ་དང་རེ་ཐང་ཆད་པ།

3.གཞན་པའི་རྒྱུ་རྐྱེན།

4.དུ་བ་གཅོད་པ་དང་ཆང་ལ་ཚོད་འཛིན་བྱེད་པ། རླམ་འགྱུར་ཟས་རིགས་གཏན་ནས་མི་ཟ་བ་དང་། བདུག་ཟས་དང་སྐྱུར་འགྱུར། བསྙལ་བའི་ཟས་རིགས་ཉུང་དུ་ཟ་བ། ཚོད་མ་དང་སིལ་ཏོག་གསར་བ་མང་ཟ་བྱེད་དགོས།

5.ཟ་མ་འོས་མཐུན་སྒོས་གོ་སྒྲིག་བྱས་ཏེ་ཞག་དང་ཚྭ་ཁུ་ཉུང་ཟ་བྱེད་དགོས།

6 རིམ་པ་གཉིས་པའི་སྔོན་འགོག་བྱེད་ཐབས།

དུས་བཅད་ལྟར་ལུས་ཕུང་ལ་ཞིབ་བཤེར་བྱས་ཏེ། སྔ་མོ་ནས་ཤེས་ན་སྔ་མོ་ནས་རྟོག་ཞིབ་དང་། སྔ་མོ་ནས་སྨན་བཅོས་བྱེད་ཐུབ་པ་བྱེད་དགོས།

7 རིམ་པ་གསུམ་པའི་སྔོན་འགོག་བྱེད་ཐབས།

འབྲས་སྐྲན་བྱུང་བའི་ནད་པའི་བདེ་ཐང་དང་ན་གཟེར་འཇོག་པའི་སྨན་བཅོས་ལ་རྒྱབ་སྐྱོར་དང་ཐུགས་ཁུར་བྱས་ཏེ། འབྲས་སྐྲན་བྱུང་བའི་ནད་པ་སངས་དྲག་བྱུང་ཚད་དང་འཚོ་རྟེན་ཚད། འཚོ་བའི་སྤུས་ཚད་ཇེ་མཐོར་གཏོང་དགོས།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-10-25

གསར་སྤེལ་མཁན། :བོན་སྐོར་པད་མ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།