ཚོང་རའི་གཉེར་སྐྱོང་རིག་པའི་བྱུང་འཕེལ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཚོང་རའི་གཉེར་སྐྱོང་རིག་པའི་བྱུང་འཕེལ།
ཚོང་རའི་གཉེར་སྐྱོང་རིག་པ་དེ་དུས་རབས་ཉི་ཤུ་པའི་དུས་འགོར་ཨ་མེ་རི་ཁ་ནས་གསར་དུ་བཏོད་ཅིང་། རིམ་བཞིན་ཡོ་རོབ་གླིང་དང་འཇར་པན་སོགས་རྒྱལ་ཁབ་གཞན་དུ་ཁྱབ་པ་རེད། རིག་པ་དེ་ལག་ལེན་ཁྲོད་དུ་མུ་མཐུད་འཐུས་ཚང་དང་འཕེལ་རྒྱས་བྱུང་། ཚོང་རའི་གཉེར་སྐྱོང་རིག་པ་དེ་ཕལ་ཆེར་སྤྱི་ལོ1900--1930ལོའི་བར་དུ་བྱུང། དུས་རབས་ཉི་ཤུ་པའི་དུས་འགོར། འཛམ་གླིང་གི་མ་རྩ་རིང་ལུགས་ཀྱི་རྒྱལ་ཁབ་གཙོ་བོ་དག་གིས་སྔ་གཞུག་ཏུ་བཟོ་ལས་གསར་བརྗེ་ལེགས་གྲུབ་བྱུང་ནས་རང་དབང་འགྲན་རྩོད་ནས་སྒེར་སྡེམ་མ་རྩ་རིང་ལུགས་སུ་བར་བརྒལ་བྱས། སྒེར་སྡེམ་རྩ་འཛུགས་ཀྱིས་མ་རྩ་གསོག་བསྡུ་དང་གཅིག་བསྡུས་ཇེ་མགྱོགས་སུ་བཏང་བས་ཐོན་སྐྱེད་གཞི་ཁྱོན་མྱུར་དུ་རྒྱ་སྐྱེད་བྱུང་བ་དང་ལྷན་འཁོར་རྒྱུགས་ཁྱབ་ཁོངས་སུའང་སྔ་ན་མེད་པའི་ཤུགས་རྐྱེན་ཐེབས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
市场营销学
ཕྱི་ཡིག་གི་མིང་།
Marketing
1 ཚོང་རའི་གཉེར་སྐྱོང་རིག་པའི་བྱུང་བ།

ཚོང་རའི་གཉེར་སྐྱོང་རིག་པ་དེ་དུས་རབས་ཉི་ཤུ་པའི་དུས་འགོར་ཨ་མེ་རི་ཁ་ནས་གསར་དུ་བཏོད་ཅིང་། རིམ་བཞིན་ཡོ་རོབ་གླིང་དང་འཇར་པན་སོགས་རྒྱལ་ཁབ་གཞན་དུ་ཁྱབ་པ་རེད། རིག་པ་དེ་ལག་ལེན་ཁྲོད་དུ་མུ་མཐུད་འཐུས་ཚང་དང་འཕེལ་རྒྱས་བྱུང་། ཚོང་རའི་གཉེར་སྐྱོང་རིག་པ་དེ་ཕལ་ཆེར་སྤྱི་ལོ1900--1930ལོའི་བར་དུ་བྱུང། དུས་རབས་ཉི་ཤུ་པའི་དུས་འགོར། འཛམ་གླིང་གི་མ་རྩ་རིང་ལུགས་ཀྱི་རྒྱལ་ཁབ་གཙོ་བོ་དག་གིས་སྔ་གཞུག་ཏུ་བཟོ་ལས་གསར་བརྗེ་ལེགས་གྲུབ་བྱུང་ནས་རང་དབང་འགྲན་རྩོད་ནས་སྒེར་སྡེམ་མ་རྩ་རིང་ལུགས་སུ་བར་བརྒལ་བྱས། སྒེར་སྡེམ་རྩ་འཛུགས་ཀྱིས་མ་རྩ་གསོག་བསྡུ་དང་གཅིག་བསྡུས་ཇེ་མགྱོགས་སུ་བཏང་བས་ཐོན་སྐྱེད་གཞི་ཁྱོན་མྱུར་དུ་རྒྱ་སྐྱེད་བྱུང་བ་དང་ལྷན་འཁོར་རྒྱུགས་ཁྱབ་ཁོངས་སུའང་སྔ་ན་མེད་པའི་ཤུགས་རྐྱེན་ཐེབས། དེ་དང་བསྟུན་ནས་ཐེ་ལི་ཡི་ངལ་རྩོལ་ཐོན་སྐྱེད་ཀྱི་ལས་ཆོད་ཇེ་མཐོར་གཏོང་རྒྱུ་དེ་དམིགས་འབེན་གཙོ་བོར་འཛིན་པའི་ཚན་རིག་དོ་དམ་གྱི་གཞུང་ལུགས་དང་བྱེད་ཐབས་དར་ཁྱབ་བྱུང་། དུས་མཚུངས་སུ་ཚན་རིག་ལག་རྩལ་གྱི་འཕེལ་རྒྱས་ལ་བརྟེན་ནས་ཁེ་ལས་ནང་ཁུལ་གྱི་འཆར་གཞི་དང་རྩ་འཛུགས་དམ་ཚགས་བྱུང་བར་བརྟེན། ཚན་རིག་གི་བྱེད་ཐབས་སྤྱད་དེ། ཚོང་རའི་རར་བརྟག་ཞིབ་བྱེད་པ་དང་། ཚོང་རའི་འགྱུར་ལྡོག་ཁ་ཕྱོགས་སྔོན་དཔོག་བྱེད་པ། ཕན་ནུས་ལྡན་པའི་ཐོན་སྐྱེད་འཆར་གཞི་དང་ཕྱིར་འཚོང་འཆར་གཞི་གཏན་འབེབས་བྱེད་པ། ཚོང་རའི་ཚོང་རྫས་བཙོང་བའི་མང་ཉུང་ཚོད་འཛིན་དང་སྙོམས་སྒྲིག་བཅས་བྱེད་ཐུབ། དགོས་མཁོ་དང་ཆ་རྐྱེན་དེ་དག་གི་དབང་གིས་ཚོང་རའི་གཉེར་སྐྱོང་རིག་པ་འདི་རང་རྐྱ་འཕེར་བའི་རིག་ཚན་ཞིག་ཏུ་གྲུབ།

སྤྱི་ལོ1902-1905ལོའི་བར། ཨ་མེ་རི་ཁའི་མུས་ཀྲི་ཨན་ཁུལ་དང་། ཅ་ལེ་ཧྥུ་ནེ་ཡ་ཁུལ། ཡེ་ལིས་ནོ་སི་ཁུལ། ཨུ་ཧེ་ཅུ་ཁུལ་སོགས་ཀྱི་སློབ་གྲྭ་ཆེན་མོ་རུ་སྔ་རྗེས་སུ་ཚོང་རའི་གཉེར་སྐྱོང་གི་སློབ་ཚན་གཉེར་བ་རེད། སྤྱི་ལོ1910ལོར། ཝེ་སི་ཁང་ཞིན་སློབ་གྲྭ་ཆེན་མོའི་སློབ་དཔོན་ཆེན་མོ་པཱ་ཐི་ལེ་ཡིས《ཚོང་རའི་གཉེར་སྐྱོང་བྱེད་ཐབས》ཞེས་པའི་དཔེ་ཆ་དངོས་སུ་དཔར་དུ་སྐྲུན་ཞིང་ཐེངས་དང་པོར་ཚོང་རའི་གཉེར་སྐྱོང(marketing)ཞེས་པ་དེ་རིག་ཚན་གྱི་མིང་དུ་བཏགས། དེའི་རྗེས་སུ། ཧྥོུ་ལེ་ཏེ་ཁོ་ལ་ཁོ་ཡིས་སྤྱི་ལོ1918ལོར《ཚོང་རའི་གཉེར་སྐྱོང་གི་རྩ་བའི་རིགས་པའི་ཁྲིད་དེབ》སྒྲིག་རྩོམ་གནང་བ་སློབ་གྲྭ་ཆེན་མོ་མང་པོ་ཞིག་གིས་བསླབ་དེབ་ཏུ་བཀོལ་བ་རེད།

2 ཚོང་རའི་གཉེར་སྐྱོང་རིག་པའི་འཕེལ་རྒྱས།

སྤྱི་ལོ1929-1933ལོའི་བར། མ་རྩ་རིང་ལུགས་ཀྱི་དཔལ་འབྱོར་ཉམས་ཉེན་བྱུང་བ་དེས་མ་རྩ་རིང་ལུགས་ཀྱི་རྒྱལ་ཁབ་ཡོངས་ལ་གནོད་པ་ཐེབས། ཐོན་སྐྱེད་མང་པོ་ལྷག་པ་དང་ཐོན་རྫས་བཙོང་མི་ཐུབ་པས། ཁེ་ལས་ཀྱི་འཚོ་གནས་ལ་ཐད་ཀར་འཇིགས་ཉེན་ཐེབས་པ་རེད། ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་ཡོང་བའི་གནད་དོན་ཐག་གཅོད་ཐུབ་ཆེད། ཁེ་ལས་བས་ཚོང་རའི་བརྟག་དཔྱད་ལ་མཐོང་ཆེན་བྱེད་འགོ་བརྩམ་ཞིང་དགོས་འདོད་སྐྲུན་པའི་བསམ་བློ་བཏོན་ཏེ་ཚོང་ལམ་རྒྱ་སྐྱེད་རྒྱུར་བརྩོན་པ་བྱས་མཐར་ལགལེན་ཁྲོད་དུ་ཉམས་མྱོང་ཕུན་སུམ་ཚོགས་པོ་བསགས་པ་རེད།

དེ་དང་མཉམ་དུ། ཚོང་རའི་གཉེར་སྐྱོང་རིག་པའི་ཞིབ་འཇུག་རྒྱ་ཆེར་སྤེལ་བ་རེད། སློབ་གྲྭ་ཆེན་མོའི་སློབ་དཔོན་ཆེན་མོ་ཁག་གཅིག་གིས་ཚོང་རའི་གཉེར་སྐྱོང་ལག་ལེན་ཁྲོད་ཀྱི་གནད་དོན་སོ་སོར་ཞིབ་འཇུག་བྱེད་འགོ་བརྩམ་ཏེ་དོན་དངོས་ཀྱི་ཡིག་ཆ་འབོར་ཆེན་བརྟག་དཔྱད་དང་བེད་སྤྱོད་བྱས་པས་གཞུང་ལུགས་གསར་པ་མང་པོ་གྲུབ། དཔེར་ན། ཧྥོ་ལེ་ཏི་ཁོ་ལ་ཁོ་དང་ཝེ་ཨར་ཧྥ་ཡི《ཞིང་ལས་ཐོན་རྫས་ཀྱི་ཚོང་རའི་གཉེར་སྐྱོང》(སྤྱི་ལོ1932ལོར་དཔར་དུ་བཏབ)ཁྲོད་དུ། མ་ལག་ནང་དུ་གཅིག་བསྡུས(ཞིང་ལས་ཐོན་རྫས་ཉོ་་བསྡུ)དང་། དོ་སྙོམས།(མཁོ་སྤྲོད་སྙོམས་སྒྲིག)ཐར་ཐོར(ཧྲིལ་བོར་ཐོར་བུར་བསྒྱུར་ནས་བཙོང་བ)བཅས་གཅིག་ལ་གཅིག་འབྲེལ་གྱི་བརྒྱུད་རིམ་གསུམ་ཡོད་ལ། གཉེར་སྐྱོང་བས་དེའི་ཁྲོད་དུ་ཚོང་རའི་གཉེར་སྐྱོང་འགན་ནུས་རིགས་བདུན་ལག་བསྟར་བྱ་དགོས། དེ་དག་ནི། གཅིག་བསྡུས་དང་། གསོག་ཉར། མ་དངུལ་མཉམ་འདུ། ཁེ་ཉེན་ཁག་འཁུར། ཚད་ལྡན་ཅན། ཕྱིར་འཚོང་། སྐྱེལ་འདྲེན་བཅས་སོ། །

སྤྱི་ལོ1937ལོར། ཨ་མེ་རི་ཁའི་ཚོང་རའི་གཉེར་སྐྱོང་རིག་པ་དང་ཚོང་ལས་བརྡ་ཁྱབ་རིག་པའི་དགེ་རྒན་མཐུན་ཚོགས་དང་ཨ་མེ་རི་ཁའི་ཚོང་རའི་གཉེར་སྐྱོང་གི་རིག་གཞུང་སློབ་ཚོགས་གཉིས་མཉམ་དུ་སྡེབ་སྟེ། དེང་སྐབས་ཀྱི་ཨ་མེ་རི་ཁའི་ཚོང་རའི་གཉེར་སྐྱོང་རིག་གཞུང་སློབ་ཚོགས(AMA)གྲུབ་པ་རེད། སློབ་ཚོགས་འདིས་ཨ་མེ་རི་ཁར་ཡན་ལག་ཚོགས་པ་བཅུ་གྲངས་འགའ་བཙུགས་ཏེ། ཚོང་རའི་གཉེར་སྐྱོང་ཞིབ་འཇུག་དང་མི་སྣ་སྐྱེད་སྲིང་བྱ་བ་བསྒྲུབས་དང་སྒྲུབ་བཞིན་ཡོད་ལ། ཚོང་རའི་གཉེར་སྐྱོང་ཆེད་རྩོམ་དང་ཚོང་རའི་གཉེར་སྐྱོང་གི་བརྟག་དཔྱད་ཞིབ་འཇུག་དུས་དེབ་དཔར་དུ་བསྐྲུན་ཏེ་ཚོང་རའི་གཉེར་སྐྱོང་རིག་པའི་འཕེལ་རྒྱས་ལ་སྐུལ་འདེད་ཀྱི་ནུས་པ་གལ་ཆེན་བཏོན་ཡོད།

3 དེང་རབས་ཀྱི་ཚོང་རའི་གཉེར་སྐྱོང་རིག་པ།

དེང་རབས་ཚན་རྩལ་གོང་འཕེལ་བྱུང་བ་དང་སྒེར་སྡེམ་མ་རྩའི་འགྲན་རྩོད་ཇེ་དྲག་ཏུ་སོང་བར་བརྟེན། ཁེ་ལས་ཕྱིར་འཚོང་ཐད་ཀྱི་འགལ་ཟླ་སྔར་ལས་མངོན་གསལ་དུ་གྱུར་ཡོད། སྲོལ་རྒྱུན་གྱི་ཚོང་རའི་གཉེར་སྐྱོང་རིག་པ་དེ་གནས་བབ་ཀྱི་དགོས་མཁོ་དང་མི་མཐུན་པས། མཁས་མང་པོས་ལྟ་བ་གསར་པ་རབ་དང་རིམ་པ་བཏོན་ཏེ་ཚོང་རའི་གཉེར་སྐྱོང་གཞུང་ལུགས་མུ་མཐུད་དུ་གསར་བཅོས་མཛད། འཛམ་གླིང་འཁྲུག་ཆེན་གཉིས་པ་ནས་ད་བར་གྱི་ལོ་ལྔ་བཅུ་ལྷག་གི་རིང་ལ། ཚོང་རའི་གཉེར་སྐྱོང་རིག་པ་ཐབས་ཇུས་ནས་འཐབ་ཇུས་དང་། མགྲོན་པོ་ནས་སྤྱི་ཚོགས། ཕྱི་རོལ་ནས་ནང་ཁུལ། ཁེ་ལས་ནས་རྒྱལ་ཁབ་དང་འཛམ་གླིང་བར་འཕོ་འགྱུར་གཏིང་ཟབ་བྱུང་སྟེ་ཕྱོགས་ཡོངས་ནས་གོ་རིམ་ལྡན་པའི་འཕེལ་རྒྱས་བྱུང་། ཚོང་རའི་གཉེར་སྐྱོང་རིག་པས་རིམ་གྱིས་དགོས་འདོད་སྐོང་བ་དང་མགྲོན་པོའི་འདོད་བློ་དང་འཚམས་པ་གཙོ་བོར་འཛིན་པའི་མ་ལག་བཙུགས་ཏེ། ཁེ་ལས་ལས་གཞན་ད་དུང་བྱ་ལས་སྡེ་ཁག་སྲིད་འཛིན་ལས་ཁུངས་སོགས་སུ་རྒྱ་ཁྱབ་ཏུ་བེད་སྤྱོད་བྱས། ཚོང་རའི་གཉེར་སྐྱོང་གི་རིག་གཞུང་ལས་རིགས་སུ་ལོ་འགའ་རེའི་ནང་དུ་གོ་དོན་གསར་པ་ཁག་གཅིག་གི་ལྟ་བ་འདོན་བཞིན་མཆིས། དེའི་སྐོར་རེའུ་མིག1--1ལ་གཟིགས་ན་ཞིབ་མོར་རྟོགས་ཐུབ། 

.jpg

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-10-25

གསར་སྤེལ་མཁན། :བོན་སྐོར་པད་མ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།