སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྐྱེས་བུ་ཆེ་འབྲིང་ཆུང་གསུམ་གྱི་ལམ་གྱི་རིམ་པ་སྟེ། འཁོར་བའི་ཕུན་ཚོགས་ལ་བློ་ལོག་པའི་སྒོ་ནས་རང་ཁོ་ནའི་དོན་དུ་ཐར་པ་གཙོ་བོར་དོན་དུ་གཉེར་བའི་ཆ་ནས་བཞག་པའི་བསམ་པ་སྐྱེས་བུ་འབྲིང་གི་ལམ་གྱི་མཚན་ཉིདདང་། སྙིང་རྗེ་ཆེན་པོའི་གཞན་དབང་དུ་གྱུར་པའི་སྒོ་ནས་སེམས་ཅན་གཞན་གྱིས་སངས་རྒྱས་ཐོབ་ཕྱིར་རྣམ་མཁྱེན་དོན་དུ་གཉེར་བའི་ཆ་ནས་བཞག་པའི་བསམ་པ་སྐྱེས་བུ་ཆེན་པོའི་ལམ་གྱི་མཚན་ཉིད་སོགས་གསུམ་མོ། །
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
三士道
ཁོངས་གཏོགས།
ནང་བསྟན་གྱི་བརྡ་ཆད།
1 རྒྱས་འགྲེལ།

སྐྱེས་བུ་ཆེ་འབྲིང་ཆུང་གསུམ་གྱི་ལམ་གྱི་རིམ་པ་སྟེ། སྙིང་རྗེ་ཆེན་པོའི་གཞན་དབང་དུ་གྱུར་པའི་སྒོ་ནས་སེམས་ཅན་གཞན་གྱིས་སངས་རྒྱས་ཐོབ་ཕྱིར་རྣམ་མཁྱེན་དོན་དུ་གཉེར་བའི་ཆ་ནས་བཞག་པའི་བསམ་པ་སྐྱེས་བུ་ཆེན་པོའི་ལམ་གྱི་མཚན་ཉིད། འཁོར་བའི་ཕུན་ཚོགས་ལ་བློ་ལོག་པའི་སྒོ་ནས་རང་ཁོ་ནའི་དོན་དུ་ཐར་པ་གཙོ་བོར་དོན་དུ་གཉེར་བའི་ཆ་ནས་བཞག་པའི་བསམ་པ་སྐྱེས་བུ་འབྲིང་གི་ལམ་གྱི་མཚན་ཉིད། རང་ཁོ་ནའི་དོན་དུ་ཚེ་ཕྱི་མའི་འཁོར་བའི་མངོན་མཐོ་ཙམ་གཙོ་བོར་དོན་དུ་གཉེར་བའི་ཆ་ནས་བཞག་པའི་བསམ་པ་སྐྱེས་བུ་ཆུང་བའི་ཁྱད་པར་ཅན་གྱི་ལམ་གྱི་མཚན་ཉིད་དོ། །

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-09-29

གསར་སྤེལ་མཁན། :བླ་མ་གཡང་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།