དཔེ་རས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

དཔེ་རས།
དཔེ་རས་ཀྱི་བྱེད་ནུས་གཙོ་བོ་ནི་གནའ་དཔེ་དེར་རྡུལ་དྲེག་མི་ཡོང་བ་དང་ཙི་ཙི་དང་འབུའི་གནོད་པ་མི་ཡོང་བའི་ཆེད་དུ་ཡིན་ལ། བོད་ཀྱི་གསུང་རབ་ལ་གྲུབ་མཐའ་མི་འདྲ་བའི་དབང་གི་དཔེ་རས་ཡང་ཁ་དོག་མི་འདྲ་བ་བསྒྲོན་སྲོལ་ཡོད་པ་སྟེ། དགེ་ལུགས་ཡིན་ན་སེར་པོ། རྙིང་མ་ཡིན་ན་དམར་བོ། བོན་པོ་ཡིན་ན་སྔོན་པོ་སོགས་འདུག
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
包书布
ཁོངས་གཏོགས།
གནའ་དཔེ།
རིགས་དབྱེ།
དཔེ་རས།
1 དཔེ་རས་ཀྱི་བྱེད་ནུས།

དཔེ་རས་ཀྱི་བྱེད་ནུས་གཙོ་བོ་ནི་གནའ་དཔེ་དེར་རྡུལ་དྲེག་མི་ཡོང་བ་དང་ཙི་ཙི་དང་འབུའི་གནོད་པ་མི་ཡོང་བའི་ཆེད་དུ་ཡིན། 

2 དཔེ་རས་ཀྱི་བྱུང་བ།

བཙན་པོ་ཁྲི་རལ་བ་ཅན་གྱི་བླ་འབུམ་དེར་ན་བཟའ་དུས་རབས13པའི་ནང་གི་གསུང་རབ་ལྟར་སྤུས་ལེགས་ཀྱི་གོས་ཆེན་མེད་ཀྱང་ཡུལ་དུས་ཀྱི་ཐོན་འབབ་དང་བསྟུན་ཏེ། ན་བཟའ་ཀོ་བ་མཉེས་ནས་ཕུལ་ཡོད་ཙང་ཤ་སྒྲོ་ཅན་ཞེས་ཐོགས་པ་རེད། ན་བཟའ་ཤ་སྒྲོ་ཅན་གྱི་གནའ་དཔེ་གཙིགས་ཆེན་དེ་འདྲ་ད་ལྟ་དཔལ་ལྡན་འབྲས་སྤུངས་དང་ས་སྐྱ་དགོན་སོགས་སུ་ཡོད་ཅེས་དེ་གའི་ལས་གཉེར་མཁན་པོ་དག་གི་ཞལ་ལས་ཐོས་པ་མ་ཟད། བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་དུ་བཞུགས་པའི་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པས་མཛད་པའི་ཆོས་དབྱིངས་མཛོད་བྲིས་མ་དེའི་ན་བཟའ་ཤ་སྒྲོ་ཅན་གྱི་དཔེ་གཟུགས་དེ་དང་ལྷག་དོན་དུ་ལྷོ་ཁ་མཚོ་སྣ་རྫོང་གི་ཞེ་བོ་དགོན་དུ་བཞུགས་པའི་དཀར་ཆག་ཚིགས་ཀྱི་གྲོས་མེ་ལས་ཞེས་པའི་ལྡེབ་གྲངས5ཅན་དེའི་ན་བཟའ་ཤ་སྒྲོ་ཅན་སྔོན་གྱི་དཔེ་རིས་སུ་བཀོད་པ་ཡོད། དེར་བརྟེན་བོད་ཀྱི་གསུང་རབ་ལ་དུས་རབ8པའི་སྐབས་ནས་སྐབས་དེའི་སྤྱི་ཚོགས་ཀྱི་དཔལ་འབྱོར་དང་ཡུལ་དུས་ཀྱི་ཐོན་འབབ་སོགས་ལས་གསུང་རབ་ལ་ན་བཟའ་འམ་དཔེ་རས་བསྒྲོན་སྲོལ་ཡོད་པ་དེ་ཤེས། དེ་རྗེས་དུས་རབས13པའི་སྐབས་ནས་བཟུང་བོད་ཀྱི་གསུང་རབ་ལ་ན་བཟའ་གོས་ཆེན་སྤུས་ལེགས་བསྒྲོན་པའི་སྲོལ་དེ་དར་ཁྱབ་ཤིན་ཏུ་ཆེན་པོ་བྱུང་ཡོད་པ་ས་སྐྱར་བཞུགས་པའི་སྔགས་འཆང་ངག་དབང་ཀུན་དགའ་རྣམ་རྒྱལ་གྱི་ཡུམ་མཆོག་བསྟན་འཛིན་བསོད་ནམས་བཟང་པོས་བཞེངས་པའི་བཀའ་འགྱུར་བསྟན་འགྲོའི་དཔལ་མགོན་གྱི་ན་བཟའ་དང་། དུས་རབས16པར་དཔལ་ལྡན་འབྲས་སྤུངས་དགོན་དང་ཕོ་བྲང་པོ་ཏ་ལར་བཞུགས་པའི་ལྔ་བ་ཆེན་པོའི་སྐུ་སྒེར་གྱི་གསུང་དཔེ་ཁག་ལ་དཔེ་རས་ལྔ་སྒྲིལ་དུ་བྱས་ཞེས་པ་ལས་དཔེ་རས་རྒྱས་ཤོས་དེ་ཅི་ཞིག་ཡིན་པ་ཤེས། དེ་མིན་བོད་ཀྱི་གསུང་རབ་ལ་གྲུབ་མཐའ་མི་འདྲ་བའི་དབང་གི་དཔེ་རས་ཡང་ཁ་དོག་མི་འདྲ་བ་བསྒྲོན་སྲོལ་ཡོད་པ་སྟེ། དགེ་ལུགས་ཡིན་ན་སེར་པོ། རྙིང་མ་ཡིན་ན་དམར་བོ། བོན་པོ་ཡིན་ན་སྔོན་པོ་སོགས་འདུག 


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-09-28

གསར་སྤེལ་མཁན། :སེང་ལྡེང་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།