རྩ་འཛུགས་ཚོང་ར།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རྩ་འཛུགས་ཚོང་ར།
ཁེ་ལས་ཀྱིས་ཐོན་སྐྱེད་དང་ཕྱིར་འཚོང་སོགས་ཀྱི་བྱེད་སྒོ་སྤེལ་བ་དང་དེ་མིན་སྲིད་གཞུང་གི་སྡེ་ཁག་དང་ཁེ་སྤོགས་གཉེར་བ་མིན་པའི་རྩ་འཛུགས་ཀྱིས་འགན་ནུས་སྒྲུབ་ཆེད་ཉོ་སྒྲུབ་བྱེད་པའི་ཐོན་རྫས་དང་ཞབས་འདེགས་ལས་གྲུབ་པའི་ཚོང་ར་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
组织市场
ཕྱི་ཡིག་གི་མིང་།
Organizational market
1 རྩ་འཛུགས་ཚོང་རའི་གོ་དོན་དང་རྣམ་པ།

རྩ་འཛུགས་ཚོང་ར་ནི་ཁེ་ལས་ཀྱིས་ཐོན་སྐྱེད་དང་ཕྱིར་འཚོང་སོགས་ཀྱི་བྱེད་སྒོ་སྤེལ་བ་དང་དེ་མིན་སྲིད་གཞུང་གི་སྡེ་ཁག་དང་ཁེ་སྤོགས་གཉེར་བ་མིན་པའི་རྩ་འཛུགས་ཀྱིས་འགན་ནུས་སྒྲུབ་ཆེད་ཉོ་སྒྲུབ་བྱེད་པའི་ཐོན་རྫས་དང་ཞབས་འདེགས་ལས་གྲུབ་པའི་ཚོང་ར་ཞིག་ཡིན།  མདོར་བསྡུས་ནས་བཤད་ན། དེ་ནི་ཁེ་ལས་དང་ཡང་ན་རྩ་འཛུགས་ག་གེ་མོས་ཉོ་སྒྲུབ་སྡེ་ཚན་གྱི་མགྲོན་པོའི་ཆེད་དུ་བཙུགས་པའི་ཚོང་ར་ཞིག་ཡིན་ལ། རྩ་འཛུགས་ཚོང་ར་ནི་ཁྲིམས་མིའི་ཚོང་ར་ཡིན། རྩ་འཛུགས་ཚོང་རའི་ནང་ཐོན་སྐྱེད་མཁན་གྱི་ཚོང་ར་དང་བར་ཚོང་བའི་ཚོང་ར། ཁེ་སྤོགས་གཉེར་བ་མིན་པའི་རྩ་འཛུགས་ཚོང་ར། སྲིད་གཞུང་གི་ཚོང་ར་བཅས་འདུས་ཡོད། ཐོན་སྐྱེད་མཁན་གྱི་ཚོང་ར་ནི་ཐོན་རྫས་དང་ཞབས་ཞུ་ཉོས་ནས་གཞན་གྱི་ཐོན་རྫས་བཟོ་སྐྲུན་བྱེད་པ་དང་། རྗེས་སུ་དེ་ཕྱིར་འཚོང་དང་ཡང་ན་གཞན་པར་བོགས་མར་གཏོང་བར་བརྟེན་ནས་ཁེ་སྤོགས་ལེན་པའི་སྡེ་ཚན་དང་མི་སྒེར་ལ་ཟེར། ཐོན་སྐྱེད་མཁན་གྱིས་གྲུབ་པའི་ཚོང་རར་ཐོན་ལས་གཙོ་བོ་བཟོ་ལས་དང་ཞིང་ལས། ནགས་ལས། ཉ་ལས། གཏེར་འདོན་ལས་རིགས། ཨར་སྐྲུན་ལས་རིགས། སྐྱེལ་འདྲེན་ལས་རིགས། འཕྲིན་གཏོང་ལས་རིགས། སྤྱི་པའི་ལས་དོན། དངུལ་རྩའི་ལས་རིགས། ཞབས་འདེགས་ལས་རིགས་གཞན་དག་སོགས་ཡོད།

བར་ཚོང་བའི་ཚོང་ར་ལའང་བར་ཚོང་རྒྱག་མཁན་གྱི་ཚོང་ར་ཡང་ཟེར། དེ་ནི་ཉོ་སྒྲུབ་བྱེད་པའི་ཐོན་རྫས་དེ་བརྒྱུད་འཚོང་ལ་སྤྱོད་པ་དང་ཡང་ན་བོགས་མར་བཏང་ནས་ཁེ་སྤོགས་ལེན་པའི་སྡེ་ཚན་དང་མི་སྒེར་ལ་ཟེར། དེར་སྡེབ་འཚོང་ཚོང་ར་དང་སིལ་འཚོང་ཚོང་ར་གཉིས་ཡོད།

ཁེ་སྤོགས་གཉེར་བ་མིན་པའི་རྩ་འཛུགས་ནི་སྤྱི་ཁྱབ་ཏུ་ཁེ་གཉེར་སྐྱོང་ཐོབ་རྒྱུ་དམིགས་ཡུལ་མིན་པ་དང་ཁེ་གཉེར་བྱ་འགུལ་མི་སྤེལ་བའི་རྩ་འཛུགས་ལ་བཤད་པ་ཡིན། རང་རྒྱལ་དུ་སྤྱིར་བཏང་ལས་ཁུངས་ཚོགས་པ་དང་བྱ་ལས་སྡེ་ཚན་ཞེས་འབོད། དེས་གྲུབ་པའི་ཚོང་རར་ཁེ་སྤོགས་གཉེར་བ་མིན་པའི་རྩ་འཛུགས་ཚོང་ར་ཞེས་ཟེར།

སྲིད་གཞུང་གི་ཚོང་ར་ནི་སྲིད་གཞུང་གིས་འགན་ནུས་ལག་བསྟར་བྱེད་ཆེད་ཐོན་རྫས་ཉོ་བ་དང་ཡང་ན་བོགས་མར་གཏོང་བའི་རིམ་སོ་སོའི་སྲིད་གཞུང་དང་དེར་གཏོགས་པའི་སྡེ་ཁག་སོ་སོར་གོ། རྒྱལ་ཁབ་སོ་སོའི་སྲིད་གཞུང་གིས་ཁྲལ་བསྡུ་དང་ནོར་སྲིད་སྔོན་རྩིས་བརྒྱུད་དེ་རྒྱལ་དམངས་ཡོང་འབབ་མང་ཆེ་བ་ཁོང་དུ་ཆུད་པས། མི་མངོན་པའི་ནུས་ཤུགས་ཧ་ཅང་ཆེ་བའི་སྲིད་གཞུང་གི་ཉོ་སྒྲུབ་ཚོང་ར་ཆགས། དེར་ཁེ་སྤོགས་གཉེར་བ་མིན་པའི་རྩ་འཛུགས་ཚོང་རའི་གྲུབ་ཆ་གཙོ་བོ་ཟེར།

2 རྩ་འཛུགས་ཚོང་རའི་ཁྱད་ཆོས།

1. ཉོ་མཁན་ཉུང་ཞིང་ཉོས་གྲངས་མང་བ།

2. སྤྲོད་མཁོ་ཕྱོགས་གཉིས་ཀའི་འབྲེལ་བ་དམ་ཟབ་ཡིན་པ།

3. ཉོ་མཁན་གྱི་འཚོ་གནས་བྱེད་ས་བལྟོས་བཅས་ཀྱི་གཅིག་འདུས་ཡིན་པ།

4. སྤྲོད་མཁོའི་བརྐྱང་བསྐུམ་ཆུང་བ། དེ་ནི་ཐོན་རྫས་རིན་གོང་གི་འགྱུར་ལྡོག་གིས་ཉོ་མཁན་གྱི་དགོས་མཁོར་ཤུགས་རྐྱེན་ཐེབས་པ་ཅུང་ཆུང་བར་གོ།

5. ཐོན་ལས་ཚོང་རའི་དགོས་མཁོ་ནི་འཕར་འགྲིབ་ཀྱི་དགོས་མཁོ་ཞིག་ཡིན། དེ་ནི་འཛད་སྤྱོད་པའི་དགོས་མཁོ་ལྡབ་གཅིག་གིས་ཇེ་ཆེར་སོང་ན། ཐོན་ལས་ཐོན་སྐྱེད་མཁན་གྱི་དགོས་མཁོའི་ཚད་ལྡབ་འགྱུར་གྱིས་འཕར་བར་གོ།

6. ཐོན་ལས་ཚོང་རའི་དགོས་མཁོ་ནི་འཕར་འགྲིབ་ཀྱི་དགོས་མཁོ་ཞིག་ཡིན། འཛད་སྤྱོད་པའི་དགོས་མཁོ་ཅུང་ཙམ་ཆེ་རུ་སོང་ཚེ་ཐོན་ལས་ཉོ་སྒྲུབ་མཁན་གྱི་དགོས་མཁོ་མྱུར་དུ་འཕེལ་སྲིད་དེ། སྐབས་རེར་འཛད་སྤྱོད་པའི་དགོས་མཁོ10%ཙམ་ལས་འཕར་འགྲིབ་མི་བྱེད་པའང་། ཐོན་ལས་དགོས་མཁོའི་འཕར་འགྲིབ200%ལ་སླེབས་པར་བྱེད། དེའི་དབང་གིས་ཁེ་ལས་ཀྱི་སྤྱིར་བཏང་ནས་བདག་གཉེར་གྱི་ཉེན་ཁ་ཇེ་ཆུང་དུ་གཏོང་དགོས།

7. ཆེད་ལས་མི་སྣའི་ཉོ་སྒྲུབ། ཁེ་ལས་ཀྱིས་ཐོན་རྫས་དང་ཞབས་ཞུ་ཉོ་སྒྲུབ་བྱེད་པའི་ལག་རྩལ་དང་བརྒྱུད་རིམ་ཧ་ཅང་རྙོག་འཛིང་ཆེ་བས། ཉོ་སྒྲུབ་ནང་ཞུགས་པའི་མི་སྣ་ངེས་པར་དུ་སྦྱོང་བརྡར་ཡོད་པའི་ཆེད་ལས་ཅན་ཞིག་ཡིན་དགོས་པའི་བླང་བྱ་བཏོན་པར་མ་ཟད། ད་དུང་ཁེ་ལས་ཀྱི་འབྲེལ་ཡོད་ལས་ལུགས་དང་གོ་རིམ་ལ་བརྩི་སྲུང་བྱས་ཏེ་ཉོ་སྒྲུབ་བྱེད་དགོས། རྒྱུན་དུ་ལག་རྩལ་མི་སྣ་དང་མཐོ་རིམ་དོ་དམ་མི་སྣ་འགའ་ཡིས་གྲུབ་པའི་ཉོ་སྒྲུབ་ཨུ་ཡོན་ལྷན་ཁང་གིས་ཉོ་སྒྲུབ་བྱ་བར་འགོ་ཁྲིད་བྱེད་པ་ཡིན།

8. ཐད་ཀར་ཉོ་སྒྲུབ། སྤྱིར་བཏང་དུ་ཉོ་སྒྲུབ་བྱེད་སྐབས་བར་ཚོང་བའི་གོ་རིམ་མི་བརྒྱུད་པར་ཟེར།

9. གཉིས་ཕན་ཉོ་སྒྲུབ། ཁེ་ལས་ཀྱིས་མཁོ་སྤྲོད་ཚོང་བ་འདེམས་སྐབས་ཕྱོགས་གཉིས་ཀས་ཕན་ཚུན་གྱི་ཐོན་རྫས་ཉོ་རེ་བྱེད་པའི་བླང་བྱ་བཏོན་ཏེ། གཉིས་ཕན་གཉིས་རྒྱལ་ཡོང་བ་དང་། ཉོ་འཚོང་གི་མ་གནས་དང་ཉེན་ཁ་ཇེ་ཆུང་དུ་གཏོང་བ་ཡིན།

10. མཚམས་རེར་བོགས་མར་ལེན་པའི་རྣམ་པ་བརྒྱུད་དེ་ཐོན་རྫས་ཐོབ་ཐབས་བྱེད་པ། དཔེར་ན་རླངས་འཁོར། གནམ་གྲུ་སོགས་རིན་གོང་ཅུང་མཐོ་བའི་རིགས།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-09-25

གསར་སྤེལ་མཁན། :བོན་སྐོར་པད་མ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།