ལའོ་ཧྲེ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ལའོ་ཧྲེ།
ཁོང་གི་མཚན་དངོས་ལ་ཧྲུའུ་ཆིན་ཁྲུན་ཞེས་ཞུ་བ་དང་། ལའོ་ཧྲེ་ཞེས་པ་ནི་ཁོང་གི་པིར་མིང་ཡིན། ཀྲུང་གོའི་དེང་རབས་སྒྲུང་གཏམ་བྱུང་འཕེལ་གྱི་ཁྲོད་དུ་ཁོང་གིས་གོ་གནས་གལ་ཆེན་ཟིན་ཡོད་ཅིང་། ཁོང་གི་བརྩམས་ཆོས་དང་མའོ་ཏུང་། པ་ཅིན་གྱི་སྒྲུང་རིང་བཅས་ཀྱིས་ཀྲུང་གོའི་སྒྲུང་གཏམ་སྒྱུ་རྩལ་གྱི་ཆེས་མཐོ་བའི་གྲུབ་འབྲས་མཚོན་འདུག ལའོ་ཧྲེ་ཁོང་ཉིད་རྩོམ་པའི་དུས་འདའ་བར་བྱེད་པ་ཞིག་སྟེ། མི་ལོ་བཞི་བཅུ་ལྷག་གི་རིང་ལ་བརྩམས་ཆོས་སྟོང་ཕྲག་བརྒལ་བ་བརྩམས་གྲུབ་གནང་ཞིང་། ཡིག་གྲངས་ས་ཡ་བདུན་བརྒྱད་ལྷག་མཆིས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
老舍
འཁྲུངས་འདས།
སྤྱི་ལོ1899-1996ལོ།
མཚན་དངོས།
ཧྲུའུ་ཆིན་ཁྲུན།
ཕྱི་ཡིག་གི་མིང་།
Colin C.Shu、Lau Shaw
མི་རིགས།
མན་ཇུའི་རིགས།
སྐྱེ་ཡུལ།
པེ་ཅིང་།
ལས་རིགས།
རྩོམ་པ་པོ།
དད་མོས།
ཡེ་ཤུའི་ཆོས་ལུགས།
1 ​ངོ་སྤྲོད།

ཁོང་གི་མཚན་དངོས་ལ་ཧྲུའུ་ཆིན་ཁྲུན་ཞེས་ཞུ་བ་དང་། ལའོ་ཧྲེ་ཞེས་པ་ནི་ཁོང་གི་པིར་མིང་ཡིན། ཀྲུང་གོའི་དེང་རབས་སྒྲུང་གཏམ་བྱུང་འཕེལ་གྱི་ཁྲོད་དུ་ཁོང་གིས་གོ་གནས་གལ་ཆེན་ཟིན་ཡོད་ཅིང་། ཁོང་གི་བརྩམས་ཆོས་དང་མའོ་ཏུང་། པ་ཅིན་གྱི་སྒྲུང་རིང་བཅས་ཀྱིས་ཀྲུང་གོའི་སྒྲུང་གཏམ་སྒྱུ་རྩལ་གྱི་ཆེས་མཐོ་བའི་གྲུབ་འབྲས་མཚོན་འདུག ལའོ་ཧྲེ་ཁོང་ཉིད་རྩོམ་པའི་དུས་འདའ་བར་བྱེད་པ་ཞིག་སྟེ། མི་ལོ་བཞི་བཅུ་ལྷག་གི་རིང་ལ་བརྩམས་ཆོས་སྟོང་ཕྲག་བརྒལ་བ་བརྩམས་གྲུབ་གནང་ཞིང་། ཡིག་གྲངས་ས་ཡ་བདུན་བརྒྱད་ལྷག་མཆིས། ཁོང་གི་བྱས་རྗེས་གཙོ་བོ་དེ་ཐུན་མིན་གྱི་རྩོམ་ལུས་སྟེང་ཡོད་དེ། བརྩམས་ཆོས་མང་ཆེ་བ་ནི་པེ་ཅིང་གི་འབངས་ཕལ་བའི་འཚོ་བ་བརྗོད་བྱར་བཟུང་ཞིང་། ས་གནས་རང་བཞིན་དང་དངོས་ཡོད་འཚོ་བའི་བྲོ་བ་ཤིན་ཏུ་སྟུག ཁོང་གི་བརྗོད་བྱེད་ལ་རྩེད་མཚར་དང་དྭངས་གསལ། ཅིན་སྐད་བཅས་ཀྱི་ཁྱས་ཆོས་འཛོམས་པ་དང་། དེང་རབས་རྩོམ་རིག་གི་བྱུང་འཕེལ་ཁྲོད་དུ་ཐུན་མིན་རྩོམ་གཤིས་ཀྱིས་མཛེས་འདུག་པར་མ་ཟད། དེང་རབས་སྒྲུང་རིང་གསར་རྩོམ་དེ་མི་རིགས་རང་བཞིན་དང་སྒེར་གཤིས་རང་བཞིན་གྱི་ལམ་བུར་ཕྱོགས་པའི་དཀྱོགས་མཚམས་ལྟ་བུ་ཡིན། 《ལའོ་ཐའོ་ཤང་ཙི》ཞེས་པ་སྤེལ་རྗེས། མཚན་སྙན་གང་སར་རྒྱས་ཤིང་སྐད་ཡིག་བཅུ་ཕྲག་ལྷག་ལ་བསྒྱུར། ཁོང་གི་ཀུ་རེ་འདྲེས་མའི་ཟུར་ཟ་དང་སྙིང་ཉེ་གསོན་ཉམས་ལྡན་པའི་ཁྱད་ཆོས་དེས་ཀློག་མཁན་ཀུན་གྱི་ཡིད་དབང་བཀུག་ཅིང་། མི་དམངས་ཀྱི་སྒྱུ་རྩལ་པ་ཞེས་པའི་བསྔགས་པ་བརྗོད། ལའོ་ཧྲེ་ཁོང་གི་ཁྱིམ་ཚང་འཚོ་བའི་སྐོར་ལ་ངག་རྒྱུན་འདི་འདྲ་མཆིས་ཏེ། ཁོང་གིས་ཧུའུ་ཅའེ་ཆིན་རང་གི་ཆུང་མར་མ་བསུས་གོང་། སྡོམ་ཁྲིམས་གསུམ། ཐག་གིས་བཅད་པར་སྐད། གཅིག་ནི་དཀའ་སྡུག་ལ་མི་འཛེམ་པ་དང་གོ་རེ་ཅོང་རྡོག་བཟའ་ནུས་པ། གཉིས་ནི་སྡུག་རུས་ཆེར་བསྐྱེད་ཀྱིས་ཆེད་ལས་ཤེས་བྱ་སྣ་གཅིག་སྦྱང་དགོས་པ། གསུམ་ནི་བཟའ་ཟླ་ཕན་ཚུན་ཁ་རྩོད་མི་རྒྱག་པ་དང་འགྲིག་མཐུན་ཡོང་རྒྱུ་བཅས་སོ། ། སྤྱི་ལོ1931ལོར། ལའོ་ཧྲེ་དང་ཧུའུ་ཅའེ་ཆིན་གཉིས་གཉེན་བསྒྲིགས་པ་དང་། ཉིན་གཉིས་པར། ལའོ་ཧྲེ་ལགས་ནས་ཁ་གསབ་རྒྱག་རྒྱུར། དོན་དག་ཅིག་ཡོད་པ་ངས་ཁྱོད་ལ་ངེས་པར་གསལ་བཤད་བྱ་དགོས་ཏེ། དུས་རྒྱུན་ང་རང་གནས་དེར་ཙོག་ཅིང་ཅི་ཡང་མི་སྨྲ་བའི་ཚེ་ན། དེ་ནི་ངས་རྩོམ་ཡིག་བློས་བསླང་བྱེད་ཀྱིན་པ་ལས་ཁྱོད་དང་གློད་མ་འདོད་པ་ཡེ་ནས་མིན། དེའི་དུས་ཁྱོད་ཀྱིས་ང་ལ་ཁ་ཡ་བྱེད་མི་དགོས་ཟེར། སྐད་ཆ་དེ་ནི་ཆུང་མའི་བརྩི་བྱ་ཉག་གཅིག་ཏུ་གྱུར་ཅིང་། མི་ལོ་སོ་ལྔའི་འཚོ་བའི་ཁྲོད་དུ། སྐུ་ལྕམ་ཧུའུ་ལགས་ཀྱིས་རྩོམ་པ་པོར་བར་ཆད་ནམ་ཡང་བཏང་མ་མྱོང་ཞིང་དུས་རྟག་ཏུ་རྒྱབ་སྐྱོར་བྱས་སོ། ། 


བརྡ་འགྲེལ་གདོང་འཛར།

རྩོམ་པ་པོ། མི་སྣ། ཀྲུང་གོ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-09-25

གསར་སྤེལ་མཁན། :དཔལ་ཚེ་རྡོར

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།