ཞའོ་ཡིའུ་ཚའེ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཞའོ་ཡིའུ་ཚའེ།
སྤྱི་ལོ1965ལོའི་ཟླ10པར་སྐྱེས། སི་ཁྲོན་ཆུ་ཆེན་རྫོང་གི་མི་ཡིན། སྤྱི་ལོ1986ལོའི་ཟླ7པར་བྱ་བར་ཞུགས་ཤིང་སྤྱི་ལོ1985ལོའི་ཟླ11པར་ཀྲུང་གོ་གུང་ཁྲན་ཏང་ནང་དུ་ཞུགས། ཞིང་ཆེན་ཏང་གི་སློབ་གྲྭའི་ཡིག་སྤྲིངས་སློབ་གླིང་གི་དཔལ་འབྱོར་དོ་དམ་ཆེད་ལས་ནས་མཐར་ཕྱིན། ཏང་གི་སློབ་གྲྭ་ནས་ཞིབ་འཇུག་སློབ་མ་མཐར་ཕྱིན། ད་ལྟ་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་དང་ཁུལ་དཔོན། ཁུལ་སྲིད་གཞུང་གི་ཏང་ཙུའི་ཧྲུའུ་ཅིའི་འགན་བཞེས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
肖友才
མི་རིགས།
བོད་རིགས།
སྐྱེས་ཡུལ།
སི་ཁྲོན་ཆུ་ཆེན།
སྐྱེས་ལོ
སྤྱི་ལོ1965ལོའི་ཟླ10པ།
1 ​ངོ་སྤྲོད།

སྤྱི་ལོ1965ལོའི་ཟླ10པར་སྐྱེས། སི་ཁྲོན་ཆུ་ཆེན་རྫོང་གི་མི་ཡིན། སྤྱི་ལོ1986ལོའི་ཟླ7པར་བྱ་བར་ཞུགས་ཤིང་སྤྱི་ལོ1985ལོའི་ཟླ11པར་ཀྲུང་གོ་གུང་ཁྲན་ཏང་ནང་དུ་ཞུགས། ཞིང་ཆེན་ཏང་གི་སློབ་གྲྭའི་ཡིག་སྤྲིངས་སློབ་གླིང་གི་དཔལ་འབྱོར་དོ་དམ་ཆེད་ལས་ནས་མཐར་ཕྱིན། ཏང་གི་སློབ་གྲྭ་ནས་ཞིབ་འཇུག་སློབ་མ་མཐར་ཕྱིན། 

ད་ལྟ་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་དང་ཁུལ་དཔོན། ཁུལ་སྲིད་གཞུང་གི་ཏང་ཙུའི་ཧྲུའུ་ཅིའི་འགན་བཞེས་ཡོད།

2 བྱ་བའི་བརྒྱུད་རིམ།

སྤྱི་ལོ1982ལོའི་ཟླ8པ་ནས་སྤྱི་ལོ1986ལོའི་ཟླ7པའི་བར་དུ་རྔ་བ་དགེ་ཐོན་སློབ་གྲྭའི་རྒྱ་ཡིག་སྡེ་ཁག་ནས་རྒྱའི་སྐད་བརྡ་རིག་པའི་ཆེད་ལས་ལ་སློབ་སྦྱོང་བྱས།

སྤྱི་ལོ1986ལོའི་ཟླ7པ་ནས་སྤྱི་ལོ1991ལོའི་ཟླ10པའི་བར་དུ་སི་ཁྲོན་ཞིང་ཆེན་ཟུང་ཆུ་རྫོང་ཅུན་འན་ཞང་གི་ཞང་ཀྲང་གཞོན་པ་དང་ཀྲང་ཅིན་ཞང་ཨུའི་ཏང་ཨུའི་ཧྲུའུ་ཅིའི། རྫོང་ཐོན་ཨུའི་ཧྲུའུ་ཅི་དང་ཐོན་ཨུའི་ཞིང་བཟོ་པུའི་པུའུ་ཀྲང་། ཁུལ་ཐོན་ཨུའི་ཧྲུའུ་ཅི་གཞོན་པའི་འགན་བཞེས། 

སྤྱི་ལོ1991ལོའི་ཟླ10པ་ནས་སྤྱི་ལོ2000ལོའི་ཟླ7པའི་བར་དུ་སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་ཐོན་ཨུའི་ཧྲུའུ་ཅིའི་འགན་བཞེས།

སྤྱི་ལོ2000ལོའི་ཟླ7པ་ནས་སྤྱི་ལོ2002ལོའི་ཟླ11པའི་བར་དུ་སི་ཁྲོན་ཞིང་ཆེན་ཁྱུང་ཆུ་རྫོང་ཨུའི་ཧྲུའུ་ཅི་གཞོན་པ་དང་རྫོང་དཔོན་ཚབ་མ། རྫོང་དཔོན། ཁུལ་ཨུའི་ཧྲུའུ་ཅི་སོགས་ཀྱི་འགན་བཞེས།

སྤྱི་ལོ2002ལོའི་ཟླ11པ་ནས་སྤྱི་ལོ2005ལོའི་ཟླ4བའི་བར་དུ་སི་ཁྲོན་ཞིང་ཆེན་ཟུང་ཆུ་རྫོང་ཨུའི་ཧྲུའུ་ཅིའི་འགན་བཞེས།

སྤྱི་ལོ2005ལོའི་ཟླ4བ་ནས2011ལོའི་ཟླ9པའི་བར་དུ་སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་ཁུལ་དཔོན་གཞོན་པའི་འགན་བཞེས།

སྤྱི་ལོ2011ལོའི་ཟླ9པ་ནས་སྤྱི་ལོ2016ལོའི་ཟླ12པ་ནས་སི་ཁྲོན་ཞིང་ཆེན་ཀོང་འན་གྲོང་ཁྱེར་ཧྲི་ཨུའི་རྒྱུན་ལས་ཨུ་ཡོན། གྲོང་ཁྱེར་སྒྲིག་ཁྲིམས་ཨུ་ཡོན་གྱི་ཧྲུའུ་ཅི། རྒྱུན་ལས་ཧྲི་ཀྲང་གཞོན་པ། ཧྲི་ཨུའི་ཧྲུའུ་ཅི་གཞོན་པ་སོགས་ཀྱི་འགན་བཞེས།

སྤྱི་ལོ2016ལོའི་ཟླ12པ་ནས་སྤྱི་ལོ2017ལོའི་ཟླ1པོའི་བར་དུ་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་གཞོན་པ། ཁུལ་དཔོན་ཚབ་མ། ཁུལ་སྲིད་གཞུང་ཏང་ཙུའི་ཧྲུའུ་ཅི་བཅས་ཀྱི་འགན་བཞེས།

སྤྱི་ལོ2017ལོའི་ཟླ1པོ་ནས་བཟུང་། སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན། ཁུལ་སྲིད་གཞུང་ཏང་ཙུའི་ཧྲུའུ་ཅི་བཅས་ཀྱི་འགན་བཞེས་ཀྱིན་ཡོད།

སྐབས་བཅུ་གསུམ་པའི་རྒྱལ་ཡོངས་དམངས་ཆེན་འཐུས་མི། སྐབས་བཅུ་པའི་སི་ཁྲོན་ཞིང་ཆེན་སྒྲིག་ཁྲིམས་ཨུའི་ཨུ་ཡོན། ཀྲུང་གུང་སི་ཁྲོན་ཞིང་ཆེན་སྐབས་བཅུ་གཅིག་པའི་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། སི་ཁྲོན་ཞིང་ཆེན་སྐབས་བཅུ་གསུམ་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-09-15

གསར་སྤེལ་མཁན། :རྒྱ་ལོ་རྟ་མགྲིན་ཚེ་བརྟན།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།