ལི་ཅཱ་ཁྲེང།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ལི་ཅཱ་ཁྲེང།
ཁོང་ནི་སྤྱི་ལོ1928ལོར་ཀོང་ཏུང་ཞིང་ཆེན་དུ་སྐྱེས། སྤྱི་ལོ1940ལོར་འཇར་པན་བཙན་འཛུལ་པར་གཡོལ་ཆེད་ཁྱིམ་མི་ལྷན་རྒྱས་ཞང་ཀང་དུ་བྲོས། སྤྱི་ལོ1979ལོར། ཁོང་གི་ཁེ་ལས་ཚོགས་པ་འབྲི་ཆུ་ཞེས་པ་དེས་དབྱིན་ཐི་བའི་ཁེ་ལས་ཆེན་པོ་ཧི་ཅི་སི་ཞེས་པའི་མ་རྐང་ཉོས་ཏེ། དབྱིན་ཇིའི་ཁེ་ལས་བླུས་པའི་ཀྲུང་གོ་པ་ཐོག་མར་གྱུར། ད་ལྟ་ཁོང་གིས་འབྲི་ཆུ་ཁེ་ལས་ཚོགས་པའི་སྤྱི་གཉེར་ཆེན་པོའི་འགན་བཞེས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
李嘉诚
ཕྱི་ཡིག་གི་མིང་།
Li Ka-shing
མི་རིགས།
རྒྱ་རིགས།
1 ངོ་སྤྲོད།

ཁོང་ནི་སྤྱི་ལོ1928ལོར་ཀོང་ཏུང་ཞིང་ཆེན་དུ་སྐྱེས། སྤྱི་ལོ1940ལོར་འཇར་པན་བཙན་འཛུལ་པར་གཡོལ་ཆེད་ཁྱིམ་མི་ལྷན་རྒྱས་ཞང་ཀང་དུ་བྲོས། སྤྱི་ལོ1979ལོར། ཁོང་གི་ཁེ་ལས་ཚོགས་པ་འབྲི་ཆུ་ཞེས་པ་དེས་དབྱིན་ཐི་བའི་ཁེ་ལས་ཆེན་པོ་ཧི་ཅི་སི་ཞེས་པའི་མ་རྐང་ཉོས་ཏེ། དབྱིན་ཇིའི་ཁེ་ལས་བླུས་པའི་ཀྲུང་གོ་པ་ཐོག་མར་གྱུར། ད་ལྟ་ཁོང་གིས་འབྲི་ཆུ་ཁེ་ལས་ཚོགས་པའི་སྤྱི་གཉེར་ཆེན་པོའི་འགན་བཞེས་ཡོད། ཁོང་གི་གཞུང་ལས་ཁང་དེ་འདྲ་ཆེ་རྒྱུ་མེད་མོད། འོན་ཀྱང་དཔེ་ཆ་སྣ་ཚོགས་ཀྱིས་བཀང་ནས་ཡོད་དེ། སློབ་ཆུང་གི་རིག་གནས་ཆུ་ཚད་ལས་མེད་པའི་ཚོང་དཔོན་ཆེན་པོ་འདིས་བྱ་བའི་ཁོང་གསེང་དག་ཏུ་སྐོམ་པའི་ཆུ་འདོད་བཞིན་དུ་དཔེ་ཀློག་བྱེད་ཅིང་མཆིས། ད་ལྟ། དགུང་ལོ་གྱ་གསུམ་བཞེས་པའི་ལི་ཅཱ་ཁྲེང་ཁོང་ཉིད་སྔར་བཞིན་འབྱུང་ཁམས་བདེ་ཐང་ཡིན་ལ། ཉིན་ལྟར་གཞུང་ལས་ཁང་དུ་ཕྱག་ལས་གནང་བར་ཕེབས་པ་རེད། ཁོང་གི་ཉེ་འཁོར་གྱི་ལས་བྱེད་མི་སྣ་དག་གིས་བཤད་པ་ལྟར་ན། ཁོང་ཉིད་བྱ་བའི་འགྲོ་རིམ་མ་ལུས་པར་ནང་བྱན་ཆུད་ཅིང་། དེ་ནི་ལོ་ངོ་བཅུ་ཕྲག་ལྷག་གི་རིང་ལ་མུ་རུ་བསྐྱངས་པའི་གོམས་གཤིས་དང་འབྲེལ་བ་དམ་ཟད་ཡོད་སྐད།

ཁོང་ཉིད་དགོང་མོ་གཟིམས་ཁར་དུས་ཚོད་ཕྱེད་ཀའི་རིང་ལ་དཔེ་ཀློག་བྱེད་པར་གོམས་ཡོད་དེ། གསར་དར་གྱི་བསམ་བློ་གཞུང་ལུགས་དང་ཚན་རིག་ལག་རྩལ་སྐོར་ལ་བག་ཆགས་རེ་འཇོག་ཅི་ཐུབ་གནང་པ་རེད། ཁོང་རང་ཉིད་ཀྱིས་གསུངས་པ་ལྟར་ན། སྒྲུང་གཏམ་ཕུད་གཞན་ལོ་རྒྱུས་དང་མཚན་ཉིད། ཚན་རྩལ་བཅས་པའི་དཔེ་ཆ་ཐམས་ཅད་བཀླག་པར་སྤྲོ། ཁོང་གིས་འདས་སོང་གི་བྱ་བ་ཕྱིར་དྲན་བྱེད་དུས། ཁོ་བོ་ཆུང་དུས་ཕྱི་ཚུལ་གུས་ཆུང་ཡིན་རུང་ནང་སེམས་ང་རྒྱལ་གྱིས་སྙེམས་འདུག རྒྱུ་མཚན་ཅིའི་ཕྱིར་ང་རྒྱལ་ཆེ་བ་རེད་དམ་ཟེར་ན། སྐབས་དེར་ལས་གྲོགས་གཞན་དག་སྒོ་ཁར་རྩེད་མོར་གཡེང་དུས། ང་རང་ཉིད་ཀྱིས་བརྩོན་པ་ཆུ་བཞིན་བསྟེན་པ་ཡིན་ལ། བློ་སྦྱོང་ཡང་ཡར་ངོའི་ཟླ་བ་བཞིན་དུ་འཕེལ་བ་རེད། དེ་ནི་ཁོ་བོར་མཚོན་ན་ཆེས་གལ་ཆེ་བའི་དུས་སྐབས་ཤིག་ཡིན་པ་སྨོས་མེད་རེད། ད་ལྟའི་ཆུ་ཚད་ཅུང་ཙམ་པོ་འདི་ཡང་ཕ་མ་གཉིས་ཚེ་ལས་འདས་རྗེས། ཁོམ་གསེང་ཉུང་ངུའི་བར་གླགས་ནས་སྦྱངས་པ་ཡིན། རྒྱུ་མཚན་ནི་སྐབས་དེར་ལས་གྲོགས་ཚོས་མ་ཅང་སོགས་ཤོ་རྒྱག་རྒྱལ་སྐུགས་ལ་མགོ་གཡེང་དུས། ང་རང་ཉིད་ཀྱིས་ཚིག་མཛོད་ཆེན་མོ་ཞིག་ལག་ཏུ་ཐོགས་ནས་རང་སྦྱོང་བྱེད་མཚམས་མ་བཞག་ཅེས་གསུངས།

ཁོང་གི་ཐུགས་དགོངས་ལྟར་ན། ཚན་རྩལ་གྱི་འཇིག་རྟེན་ནི་གཏིང་མཐའ་མི་མངོན་པའི་རྒྱ་མཚོ་ཆེན་པོ་ཞིག་དང་འདྲ་ཞིང་། ང་ཚོར་ངེས་པར་བློ་གྲོས་དང་ཤེས་རྒྱ་འཛོམས་དགོས་པ་རེད། གལ་སྲིད་ཁྱོད་ཀྱིས་ཤེས་བྱ་སྣ་གཅིག་གམ་ལག་རྩལ་རིགས་ཤིག་མཁྱེན་པར་གྱུར་ཏེ་ང་རྒྱལ་སྐྱེས་པའི་ཚེ་ན། ད་གཟོད་ཚན་རྩལ་གྱི་འཇིག་རྟེན་ཆེན་པོ་དེ་ཅི་འདྲའི་གཏིང་དཔོག་དཀའ་བ་ཞིག་ཡིན་པའང་རང་བཞིན་ཉིད་དུ་ཤེས་པར་འགྱུར། ཁོ་བོར་མཚོན་ན་ད་དུང་ཡང་ལས་དང་པོ་བ་ཞིག་གི་ཆུ་ཚད་ལས་མེད་ལ། གཞན་དག་ང་ཚོ་ལས་ལོ་ངོ་བཅུ་ཕྲག་ལྷག་གིས་བརྒལ་འདུག་པ་རྟོགས་ཡོད། དེ་བས། ང་ཚོས་མུ་མཐུད་དུ་སློབ་སྦྱོང་ལེགས་པོ་བྱས་ན་འགྲིག་སྙམ། ཁོང་གིས་ནམ་རྒྱུན་དེ་ལྟར་གསུང་བཞིན་ཡོད་དོ། ། 


བརྡ་འགྲེལ་གདོང་འཛར།

དེང་རབས། ཁེ་ལས། མི་སྣ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-09-27

གསར་སྤེལ་མཁན། :དཔལ་ཚེ་རྡོར

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།