ཧྥུན་ཅུན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཧྥུན་ཅུན།
ཁོ་ནི་སྤྱི་ལོ1969ལོར་ཞི་ཨན་གྲོང་ཁྱེར་དུ་སྐྱེས། སྤྱི་ལོ1992ལོར་ཆིན་ཧྭ་སློབ་ཆེན་ནས་མཐར་ཕྱིན་ཅིང་། སྤྱི་ལོ1993ལོར་ཧྭ་ཆི་ཚན་རྩལ་ཀུང་ཟི་བཙུགས། སྤྱི་ལོ1997ལོར་རང་ཉིད་ལ་དབང་བའི་ཚོང་གས་རྒྱལ་གཅེས་པ་ཞེས་པ་གསར་དུ་བཏོད། སྤྱི་ལོ2006ལོར། ཀྲུང་དབྱང་བརྙན་འཕྲིན་ཁང་གིས་བསྡུས་པའི་ལོ་རེའི་ཕུལ་བྱུང་གསར་གཏོད་མི་སྣའི་གྲས་སུ་བདམས་ཐོན་བྱུང་། ད་ལྟ། ཧྭ་ཆི་ཁེ་ལས་ཚོགས་པའི་སྤྱི་གཉེར་ཆེན་པོར་བཞུགས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
冯军
རྒྱལ་ཁབ།
ཀྲུང་གོ།
སྐྱེས་ལོ།
སྤྱི་ལོ1969-6-16ཉིན།
ལས་རིགས།
རྒྱལ་གཅེས་པའི་སྤྱི་གཉེར་བ་ཆེན་མོ།
1 ​ངོ་སྤྲོད།

ཁོ་ནི་སྤྱི་ལོ1969ལོར་ཞི་ཨན་གྲོང་ཁྱེར་དུ་སྐྱེས། སྤྱི་ལོ1992ལོར་ཆིན་ཧྭ་སློབ་ཆེན་ནས་མཐར་ཕྱིན་ཅིང་། སྤྱི་ལོ1993ལོར་ཧྭ་ཆི་ཚན་རྩལ་ཀུང་ཟི་བཙུགས། སྤྱི་ལོ1997ལོར་རང་ཉིད་ལ་དབང་བའི་ཚོང་གས་རྒྱལ་གཅེས་པ་ཞེས་པ་གསར་དུ་བཏོད། སྤྱི་ལོ2006ལོར། ཀྲུང་དབྱང་བརྙན་འཕྲིན་ཁང་གིས་བསྡུས་པའི་ལོ་རེའི་ཕུལ་བྱུང་གསར་གཏོད་མི་སྣའི་གྲས་སུ་བདམས་ཐོན་བྱུང་། ད་ལྟ། ཧྭ་ཆི་ཁེ་ལས་ཚོགས་པའི་སྤྱི་གཉེར་ཆེན་པོར་བཞུགས་ཡོད།

གཞུང་རྒྱུད་དྲང་ཞིང་ཁ་ཁོག་མེད་པའི་ཁེ་ལས་པ་ཁོང་ཉིད་ལ་མཚོན་ན། དང་ཐོག་རྐང་གསུམ་འཁོར་ལོ་བསྐོར་ནས་གློག་ཀླད་ཀྱི་གཏགས་གཞོང་འཚོང་མཁན་ཞིག་སྟེ། སྐར་ལྔ་ཧྥུན་ཞེས་པ་ནས་རིམ་གྱིས་རྒྱལ་གཅེས་པ་ཞེས་པའི་ཚོང་རྟགས་གསར་བཏོད་མཁན་གྱི་ཁེ་ལས་པ་ཆེན་པོ་ཞིག་ཏུ་གྱུར་ཅིང་། ཁོང་གི་ཐོན་རྫས་དེ་དག་ད་ལྟ་རྒྱལ་ནང་ཙམ་དུ་མ་ཟད། ཧྥ་རན་སེ་དང་འཇར་མན། དབྱིན་ཇི། ཨ་རི་སོགས་སུ་འགྲེམས་བཞིན་མཆིས། ཚོང་གཉེར་གྱི་ལམ་དུ་ཞུགས་པའི་ཤེས་ལྡན་མི་སྣ་རབས་དང་པོ་བ་ཞིག་ལ་མཚོན་ན། ཧྥུན་ཅིན་ཁོང་ཉིད་ཁེ་ལས་པ་ཆེན་པོའམ་རྒྱལ་ཕྱིའི་ཁེ་ལས་དག་ཏུ་ལས་གཡོག་མ་བརྒྱུགས་པར་འགྱོད་པ་དང་ཕངས་སེམས་དུས་མཉམ་དུ་སྐྱེས། དེ་བས་ཁོང་གིས་བཤད་རྒྱུར། ཁེ་ལས་ཆེན་པོའི་བདག་གཉེར་དོ་དམ་གྱི་ཕྱོགས་ནས་ཁོ་བོར་ཉམས་མྱོང་ཅི་ཡང་མེད། གལ་སྲིད་ཁེ་ལས་པ་ཆེན་པོ་ཞིག་ཏུ་བསྡད་ཡོད་ཚེ། ད་ལྟའི་འཕེལ་རྒྱས་ཐད་ཕན་ཐོགས་ངེས་ཅན་འབྱུང་ངེས་ཟེར། ཁོང་གིས་དུས་རྒྱུན་བདག་གཉེར་དོ་དམ་སྐོར་གྱི་དཔེ་ཀློག་རྒྱུན་མི་ཆད་པར་བྱེད་ཅིང་། དེ་ལས་རང་ཉིད་ཀྱི་ཁྱད་ཆོས་འཛོམས་པའི་བདག་དམ་བྱེད་ཐབས་ཀྱི་ཉམས་མྱོང་ཕྱོགས་བསྡོམས་གནང་སྟེ། ཁེ་ལས་འཕེལ་རྒྱས་ཀྱི་ཐད་ནུས་པ་མི་དམན་པ་བཏོན་དང་འདོན་བཞིན་མཆིས། ཆིན་ཧྭ་སློབ་ཆེན་ནས་མཐར་ཕྱིན་པའི་ཁོ་རང་ལ་མཚོན་ན། འབད་འབུངས་ལྷོད་མེད། བློ་ལྡན་གཞན་ཕན་ཞེས་པའི་མན་ངག་དེ་ནམ་ཡང་བརྗེད་མེད་ཡིད་ལ་བཅངས་ཡོད་དེ། ནམ་ཞིག་གི་ཚེ། རྒྱལ་གཅེས་པ་ཞེས་པའི་ཚོང་རྟགས་དེ་རྒྱལ་སྤྱིའི་སྟེང་མིང་དུ་གྲགས་པའི་ཚོང་རྟགས་ཤིག་ཏུ་འགྱུར་བར་བརྩོན་ལེན་བྱས་ཐོག ཀྲུང་གོ་བའི་གཟི་བརྗིད་ཞིག་ཏུ་བརྩིས་རུང་བར་འབད་འབུངས་བྱེད་ཅིང་མཆིས། མི་ལ་ཤས་ཤིག་ཁོང་གི་བྱེད་སྟངས་དེར་ཡིད་འཐད་མེད་ནའང་། ལོ་ངོ་ཉི་ཤུ་ལྷག་རིང་གི་ལག་ལེན་བརྒྱུད། ཁོང་གི་གྲུབ་འབྲས་དང་དཀའ་སྤྱད་འབད་འབུངས་ཀྱི་སྙིང་སྟོབས་དེ་ནི་ཀུན་གྱིས་མིག་མཐོང་ལག་ཟིན་དུ་གྱུར་ཡོད་པ་རེད། ཁོང་ནི་དང་ཐོག་དཀའ་སྤྱད་སྡུག་རུས་བྱས་ཏེ་དཀའ་ངལ་ཅི་ཙམ་འཕྲད་ཀྱང་དཔའ་མི་ཞུམ་པའི་སྙིང་སྟོབས་ཆེར་སྐྱེད་དེ་མདུན་དུ་སྐྱོད་པས་མཐར་རང་དང་མི་གཞན་ལ་ཕན་བདེའི་སྐྲུན་པའི་སྐྱེས་བུ་མཆོག་ཏུ་གྱུར་བ་ཞིག་ཏུ་གྱུར་བ་རེད། 


བརྡ་འགྲེལ་གདོང་འཛར།

མི་སྣ། གྲགས་ཅན། གཏམ་རྒྱུད།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-09-27

གསར་སྤེལ་མཁན། :དཔལ་ཚེ་རྡོར

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།