མཛའ་གྲོགས་དུས་ཆེན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

མཛའ་གྲོགས་དུས་ཆེན།
མཛའ་གྲོགས་དུས་ཆེན་ལ་དབྱིན་ཡིག་གིསValentine's Dayཟེར་ཞིང་། མིང་གཞན་ལ་བ་ལེན་ཏིན་དུས་ཆེན་ཡང་ཟེར། དེ་ཡང་ལོ་ལྟར་ཟླ2པའི་ཚེས14ཉིན་དུས་ཆེན་དེར་རོལ་ཞིང་། ནུབ་ཕྱོགས་པའི་སྲོལ་རྒྱུན་དུས་ཆེན་གྱི་གྲས་ཤིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
情人节
ཕྱི་ཡིག་གི་མིང་།
Valentine‘s Day
དུས་ཚོད།
ནུབ་ཕྱོགས་ཀྱིས་ཟླ2པའི་ཚེས14ཉིན་རོལ།ཀྲུང་གོས་ཟླ7པའི་ཚེས7ཉིན་རོལ།
རྣམ་པ།
སྲོལ་རྒྱུན་དུས་ཆེན།
བྱ་འགུལ།
ཕན་ཚུན་ལ་མེ་ཏོག་སྟེར་བ།
ཆོས་ལུགས།
ཡེ་ཤུའི་ཆོས་ལུགས།
དར་ཁྱབ་ཆེ་བའི་ས་ཁུལ།
ཡོ་རོབ་གླིང་།
འགོ་ཚུགས་པའི་དོན་རྐྱེན།
མཛའ་མོའི་ཆེད་རང་སྲོག་བློས་བཏང་བའི་ཡེ་ཤུའི་ཆོས་པ་བ་ལེན་ཏིན་རྗེས་དྲན་བྱེད་ཆེད། ཁོང་ཁྲིམས་གསོད་གཏོང་བའི་ཉིན་མོ་དེ་ཟླ 2 པའི་ཚེས 14ཉིན་མཛའ་གྲོགས་དུས་ཆེན་དུ་བརྩིས།
འགོ་ཚུགས་པའི་དུས་ཚོད།
སྤྱི་ལོ 270ལོའི་ཟླ 2 པའི་ཚེས 14ཉིན།
མིང་གཞན་ལ།
བ་ལེན་ཏིན་དུས་ཆེན།
1 ​ངོ་སྤྲོད་མདོར་བསྡུས།

མཛའ་གྲོགས་དུས་ཆེན་ལ་དབྱིན་ཡིག་གིསValentine's Dayཟེར་ཞིང་། མིང་གཞན་ལ་བ་ལེན་ཏིན་དུས་ཆེན་ཡང་ཟེར། དེ་ཡང་ལོ་ལྟར་ཟླ2པའི་ཚེས14ཉིན་དུས་ཆེན་དེར་རོལ་ཞིང་། ནུབ་ཕྱོགས་པའི་སྲོལ་རྒྱུན་དུས་ཆེན་གྱི་གྲས་ཤིག་ཡིན། མཛའ་གྲོགས་དུས་ཆེན་ཉིན་མོར་མི་རྣམས་ཀྱིས་རང་གི་མཛའ་གྲོགས་དང་ཡང་ན་སེམས་སོང་མི་དག་ལ་ལྕོག་ལེ་དང་མཚམས་འདྲིའི་སྨོན་ཤོག མེ་ཏོག་སོགས་ལེགས་སྐྱེས་འདྲ་མིན་ཕུལ་བ་དང་། ཕྱི་རོལ་དུ་ལྷན་དུ་སྤྲོ་འཆམ་དུ་འགྲོ་བ། དགོང་ཟས་ལ་རོལ་བ། ཕན་ཚུན་སྙིང་གཏམ་གླེང་སོགས་བྱས་ཏེ་ཕན་ཚུན་ལ་བཅངས་བའི་བརྩེ་དུང་དང་མཛའ་བརྩེ་མཚོན་པར་བྱེད།

མཛའ་གྲོགས་དུས་ཆེན་ནི་ཡོ་རུབ་རྒྱལ་ཁབ་ཁག་གི་གཞོན་ནུ་རྣམས་ཀྱིས་དགའ་མོས་ཆེ་ཤོས་ཀྱི་དུས་ཆེ་ཞིག་ཏུ་ཆགས་ཡོད་པ་མ་ཚད། འཛམ་གླིང་གི་རྒྱལ་ཁབ་གཞན་དང་གཞན་ལ་ཡང་དར་ཁྱབ་ཆེ་ཆེར་འགྲོ་བཞིན་ཡོད། ཀྲུང་གོ་ལ་མཚོན་ན་རྒྱལ་ཁབ་རང་གི་ཁྱད་ཆོས་ལྡན་པའི་སྲོལ་རྒྱུན་དུས་ཆེན་ཏེ། བདུན་བདུན་དུས་ཆེན(七夕节)ལ་མཛའ་གྲོགས་དུས་ཆེན་རོལ་སྲོལ་ཡོད། མིའི་རིགས་ཀྱི་ཐུན་མོང་གི་ནང་སེམས་ཀྱི་བརྩེ་བ་མཚོན་ཕྱིར། འདིར་ལྟར་འཛམ་གླིང་རྒྱལ་ཁབ་ཁག་གིས་རང་རང་གི་ཡུལ་སྲོལ་གོམས་གཤིས་དང་འཚམ་པའི་མཛའ་གྲོགས་དུས་ཆེན་ལ་རོལ་བ་རེད།

2 དུས་ཆེན་གྱི་འབྱུང་ཁུངས།

དུས་ཆེན་འདི་ནི་ནུབ་ཕྱོགས་པའི་བཤད་རྒྱུན་ལྟར་ན་སྤྱི་ལོ་དུས་རབས་གསུམ་པའི་ནང་རོ་མ་རྒྱལ་ཁབ་ཀྱི་རྒྱལ་པོ་ཞིག་གིས་དམག་འཁྲུགས་སྐབས་སྐྱེས་པ་ཚོས་གཉེན་སྟོན་བྱེད་མི་ཆོག་པའི་ཁྲིམས་བཞག་པར་བརྟེན། བ་ལེན་ཏན་ཟེར་བའི་ཡེ་ཤུས་ཆོས་པ་ཞིག་གིས་རང་གི་མཛའ་གྲོགས་བློས་གཏོང་མ་ཐུབ་པར་ཁྲིམས་འགལ་བྱས་པའི་རྐྱེན་ལས་སྤྱི་ལོ 270ལོའི་ཟླ2པའི་ཚེས14 ཉིན། ཁྲིམས་ཕོག་ནས་སྐུ་སྲོག་བཅད། ཕྱིས་སུ་དམ་པ་ཁོང་རྗེས་དྲན་བྱེད་ཆེད་དང་། འཇིག་རྟེན་ཁམས་ཀྱི་བརྩེ་དུང་གི་རིན་ཐང་ནི་རིན་ཆེན་སྲོག་ལས་ཀྱང་རིན་ཐང་ཆེ་བ་ཞིག་ཡིན་པ་མཚོན་བྱེད་དུ་ཟླ2པའི་ཚེས14ཉིན་མཛའ་གྲོགས་དུས་ཆེན་དུ་གཏན་འཁེལ་བྱས་པ་ནང་བཞིན་རྒྱལ་ཁབ་གང་མང་ཞིག་ལ་དར་ཁྱབ་སོང་བ་རེད།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-10-23

གསར་སྤེལ་མཁན། :བོན་སྐོར་པད་མ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།