ལི་ན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ལི་ན།
མོ་ནི་སྤྱི་ལོ1982ལོར་ཧུའུ་པའེ་གྲོང་ཁྱེར་དུ་སྐྱེས། མོའི་ཕ་ཡང་ཞིང་ཆེན་རིམ་པའི་རུ་ཁག་ཏུ་ཞུགས་མྱོང་པའི་ལུས་རྩལ་པ་ཞིག་ཡིན། ཆུང་དུས་ཨ་ཕའི་ཤུགས་རྐྱེན་ཐེབས་ཏེ། སྤྱི་ལོ1988ལོ་ནས་བཟུང་བྱ་སྒྲོ་སྤོ་ལོ་སྦྱང་མགོ་བརྩམས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
李娜
རྒྱལ་ཁབ།
ཀྲུང་གོ།
མི་རིགས།
རྒྱ་རིགས།
གཟུགས་ཚད།
172cm
ལྕི་ཚད།
65kg
1 ​ངོ་སྤྲོད། 

མོ་ནི་སྤྱི་ལོ1982ལོར་ཧུའུ་པའེ་གྲོང་ཁྱེར་དུ་སྐྱེས། མོའི་ཕ་ཡང་ཞིང་ཆེན་རིམ་པའི་རུ་ཁག་ཏུ་ཞུགས་མྱོང་པའི་ལུས་རྩལ་པ་ཞིག་ཡིན། ཆུང་དུས་ཨ་ཕའི་ཤུགས་རྐྱེན་ཐེབས་ཏེ། སྤྱི་ལོ1988ལོ་ནས་བཟུང་བྱ་སྒྲོ་སྤོ་ལོ་སྦྱང་མགོ་བརྩམས། སྤྱི་ལོ1989ལོའི་སྐབས་སུ། ལུས་རྩལ་དགེ་རྒན་ཞ་ཞིས་ཡའོ་ལགས་ཀྱིས་མོའི་ཆ་རྐྱེན་ལེགས་པ་མཐོང་སྟེ་ཝང་ཆིའུ་སྤོ་ལོ་ཁྲིད། སློབ་ཆུང་མཐར་ཕྱིན་ཏེ། སྤྱི་ལོ1996ལོར་ཞིང་ཆེན་རྩལ་སྦྱོང་རུ་ཁག་གི་གྲས་སུ་ཞུགས། དེར་ལུས་རྩལ་འཚོ་བའི་ཁྲོད་ཀྱི་དགེ་རྒན་བཀའ་དྲིན་ཅན་ཡུས་ལི་ཆའོ་དང་ཕྲད། ལོ་དེར་ཨ་ཕ་ཚེ་ལས་འདས། དགེ་རྒན་ཡུས་ལི་ཆའོ་ཡི་མཛུབ་སྟོན་འོག མོས་དཀའ་སྤྱད་འབད་བརྩོན་བྱས་མཐར། ཨ་ཕ་འདས་རྗེས་ཀྱི་ཕྱི་ལོར། རྒྱལ་ཡོངས་ཀྱི་བྱ་དགའ་ཨང་དང་པོ་བླངས། འདི་ནི་རྒྱལ་ཡོངས་རིམ་པའི་བྱ་དགའ་ཐེངས་དང་པོའང་རེད། 

མོ་རང་ཆུང་དུས་ནས་སྡུག་རུས་ཆེ་ཞིང་། ལོ་དྲུག་ལ་སོན་པ་ནས་བཟུང་ཝང་ཆིའུ་སྤོ་ལོ་སྦྱངས། སྤྱི་ལོ1999ལོ་ནས་ཆེད་ལས་ཀྱི་ལམ་བུར་ཞུགས་པ་དང་། འགྲན་སྡུར་རིམ་པ་དམའ་ཤོས་ནས་མཐར་འཛམ་གླིང་གི་དགའ་རྟགས་ཆེ་གྲས་བཞིའི་གྲས་སུ་ཞུགས་ཐུབ་པའི་ཡ་གླིང་གི་ལུས་རྩལ་པ་དང་པོར་གྱུར། སྤྱི་ལོ2011ལོའི་ཟླ6པར། མོས་རང་ཉིད་ཀྱི་རྩལ་ནུས་དང་དཀའ་སྤྱད་ལ་བརྟེན་ནས། ཧྥ་རན་སེའི་ཝང་ཆིའུ་སྤོ་ལོ་འགྲན་ཚོགས་ཀྱི་དགའ་རྟགས་ཨང་དང་པོ་བླངས་ཏེ་མཚན་སྙན་ཕྱོགས་ཀུན་ཁྱབ། སྤྱི་ལོ2013ལོར། འཛམ་གླིང་ཝང་ཆིའུ་སྤོ་ལོ་ཚོགས་པའི་ལོ་མཇུག་རྟིང་རྩོད་ཀྱི་འགྲན་སྡུར་ཁྲོད་བྱ་དགའ་ཨང་གཉིས་པ་བླངས་ཤིང་། འཛམ་གླིང་གི་རིམ་གྲས་ཀྱང་ཨང་གསུམ་པའི་གྲས་སུ་ཚུད་དེ། ཡ་གླིང་མི་སྒེར་གྱི་ཟིན་ཐོ་གསར་བ་བསྐྲུན། སྤྱི་ལོ2014ལོར། ཨོ་སི་ཁྲུ་ལི་ཡ་ཝང་ཆིའུ་སྤོ་ལོ་འགྲན་ཚོགས་སུ་ཞུགས་པ་དང་། ཐེངས་གསུམ་པར་རྟིང་རྩོད་ཀྱི་གོ་སྐབས་རེག་པར་མ་ཟད། མཐར་ཨང་དང་པོའི་གྲུབ་འབྲས་བླངས། སྤྱི་ལོ2014ལོའི་ཟླ་དང་པོའི་བར་དུ། མོས་སྔ་ཕྱིར་འཛམ་གླིང་ཝང་ཆིའུ་སྤོ་ལོ་ཚོགས་པའི་བྱ་དགའ་ཐེངས་དགུར་བླངས་པ་དང་། དེ་མིན་ཚོགས་པ་གཞན་གྱི་དགའ་རྟགས་ཀྱང་ཐེངས་བཅུ་དགུར་བླངས། ད་བར། མོ་འཛམ་གླིང་གི་རིམ་གྲས་དེའི་ཨང་གཉིས་པར་འཕར་འདུག 

སྤྱི་ལོ2014ལོའི་ཟླ9པའི་ཚེས19ཉིན་ཡ་གླིང་ན་མིང་དུ་གྲགས་པའི་ཝང་ཆིའུ་སྤོ་ལོ་རྒྱག་མཁན་ལི་ན་ཕྱིར་འབུད་བྱས། མོ་ནི་ཡ་གླིང་ན་འགྲན་ཟླ་བྲལ་བའི་སྤོ་ལོ་རྒྱག་མཁན་དེ་ཡིན་ལ། མོའི་འཛམ་གླིང་ལ་བཞག་པའི་བྱས་རྗེས་དེ་ནི་ཀུན་ལ་ངོམ་རིན་ཡོད་པ་ཞིག་ཡིན།

སྤྱི་ལོ2016ལོའི་ཟླ6པའི་ཚེས1ཉིན་ལི་ན་པ་ལའེ་རྒྱལ་ཁབ་ཀྱི་ལའོ་ལུན་སི་འཛམ་གླིང་ལུས་རྩལ་ཚོགས་པའི་གྲལ་དུ་ཞུགས་ནས་ཚོགས་མི་དྲུག་ཅུའི་གྲལ་དུ་ཚུད་པ་རེད། 


བརྡ་འགྲེལ་གདོང་འཛར།

སྤོ་ལོ། ཀྲུང་གོ། མི་སྣ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-10-08

གསར་སྤེལ་མཁན། :དཔལ་ཚེ་རྡོར

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།