ཧྲི་ཡུས་ཀྲུའུ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཧྲི་ཡུས་ཀྲུའུ།
ཁོང་ནི་སྤྱི་ལོ1962ལོར་ཨན་ཧོས་ཞིང་ཆེན་དུ་སྐྱེས། སྤྱི་ལོ1984ལོར་ཀྲའེ་ཅང་སློབ་ཆེན་རྩིས་རིག་སྡེ་ཁག་གི་དངོས་གཞིའི་ཚན་པ་ལས་མཐར་ཕྱིན་ཏེ། ཨན་ཧོས་ཞིང་ཆེན་བསྡོམས་རྩིས་ཅུས་སུ་ལས་བགོས་བྱས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
史玉柱
རྒྱལ་ཁབ།
ཀྲུང་གོ།
མི་རིགས།
རྒྱ་རིགས།
སྐྱེས་ལོ།
སྤྱི་ལོ1962ལོའི་ཟླ9པའི་ཚེས15ཉིན།
ལས་རིགས།
མི་ཆེན་དྲ་རྒྱའི་ཚོགས་པའི་འགན་འཛིན་པ།
ཚབ་མཚོན་བརྩམས་ཆོས།
བདག་གི་ཚོང་གཉེར་མྱོང་ཚོར།
1 ​ངོ་སྤྲོད། 

ཁོང་ནི་སྤྱི་ལོ1962ལོར་ཨན་ཧོས་ཞིང་ཆེན་དུ་སྐྱེས། སྤྱི་ལོ1984ལོར་ཀྲའེ་ཅང་སློབ་ཆེན་རྩིས་རིག་སྡེ་ཁག་གི་དངོས་གཞིའི་ཚན་པ་ལས་མཐར་ཕྱིན་ཏེ། ཨན་ཧོས་ཞིང་ཆེན་བསྡོམས་རྩིས་ཅུས་སུ་ལས་བགོས་བྱས། དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་པ་དང་དགུ་བཅུ་པའི་དུས་མགོར། ཚོང་ལས་བརྡ་ཁྱབ་དར་སྤེལ་གཏོང་བའི་སྲོལ་དེ་མི་རྣམས་ལ་མཚོན་ན་ཆ་མེད་དགུ་མེད་དུ་སྣང་པ་རེད། སྣ་གཅིག་རྐྱང་ཅན་གྱི་བརྡ་ཁྱབ་འགྲོ་གྲོན་ལ་མཚོན་ནའང་། རང་རྒྱལ་གྱི་གསར་དར་ཁེ་ལས་ཁག་དང་ཐ་ན་ལག་རྩལ་ཅན་གྱི་ཁེ་ལས་དག་ཀྱང་དེའི་ཕྱོགས་སུ་གོམ་པ་ཙམ་ཡང་སྤོས་མྱོང་མེད། ཆུང་དུས་ནས་སྤོབས་སེམས་ཆེ་བའི་ཧྲི་ཡུས་ཀྲུའུ་ལགས་ཀྱིས་དེའི་དུས་ནས་བཟུང་སྟེ། ཐོག་པར་དོམ་པ་བླངས་ཤིང་བརྡ་ཁྱབ་སྤེལ་རྗེས་ད་གཟོད་བུ་ལོན་འཇལ་བའི་བྱེད་ཐབས་སྣ་ཚོགས་སྤྱད། ཁོང་ནི་ན་གཞོན་སློབ་མ་དག་གི་ཁེ་ལས་དཔེ་བཟང་ཅན་དང་ཁ་མིག་ཡར་ལྟ་བྱེད་ས་རེད། ལོ་ལྔ་ཁོ་ནའི་རིང་། ཁོང་གི་འབྱོར་ཕྱུག་དེ་རྒྱལ་ཡོངས་ཀྱི་རིམ་གྲས་བརྒྱད་པར་འཕགས་མྱོང་། ཁོང་ནི་ཁེ་ལས་པ་མང་པོའི་ཕམ་ཁའི་དཔེ་མཚོན་དང་དམོད་མོ་འབོར་སའང་རེད་དེ། ཞག་གཅིག་གི་དུས་ཡུན་ཙམ་ལ་སྒོར་མོ་དུང་ཕྱུར་གཉིས་ལྷག་གི་བུ་ལོན་ཁུར་མྱོང་། གང་ལྟར་ཀྱང་། དུས་ད་ལྟ་ཁོང་ཉིད་སླར་ཡང་རྒུད་པའི་གཡང་ལས་བུད་དེ་དར་བའི་རྩེ་མོར་སོན་ཅིང་། ལུས་ཁམས་བདེ་གསོ་དང་དྲ་བའི་རྩེད་རིགས་ཕྱོགས་ཀྱི་ཁེ་ལས་པ་ཆེན་པོར་གྱུར་ཡོད་དོ། །

སྤྱི་ལོ2007ལོའི་ཟླ11པའི་ཚེས1ཉིན། ཁོང་གི་མི་ཆེན་ཞེས་པའི་ཁེ་ལས་ཚོགས་པའི་མ་རྐང་དེ་ཨ་རིའི་ཉིག་ཡོག་གྲོང་ཁྱེར་གྱི་དངུལ་འཛིན་ཉོ་ཚོང་ལྟེ་གནས་སུ་ཐོ་འགོད་བྱས་ཏེ། ཁོང་གི་མ་རྩའང་རེ་ཞིག་དུང་ཕྱུར་ལྔ་བརྒྱ་ལྷག་ལ་འཕར་བར་མ་ཟད། གཞན་ཕྱུག་བདག་དུང་ཕྱུར་ཅན་ཉེར་གཅིག་དང་ས་ཡ་ཅན་བརྒྱ་དང་གྱ་དྲུག་བསྐྱེད་པར་བྱས་སོ། །

སྤྱི་ལོ2009ལོའི་ཟླ3པའི་ཚེས12ཉིན། ཁོང་རྒྱལ་ཡོངས་ཧྥུའུ་པུའུ་སིའི་ཕྱུག་བདག་རིམ་གྲས་ཀྱི་ཁྲོད་ནས་ཨ་སྒོར་དུང་ཕྱུར15ལས་ཨང468དང་། ཀྲུང་གོའི་སྐམ་ས་ཆེན་པོ་ལས་ཨང14ཟིན་པ་རེད།

སྤྱི་ལོ2017ལོའི་ཟླ5པའི་ཚེས20ཉིན། ཀྲེ་ཅང་སློབ་ཆེན་བཙུགས་ནས་ལོ་འཁོར120ལོན་པའི་ཚོགས་ཆེན་སྟེང་། ཧྲི་ཡུས་ཀྲུའུ་ཡིས་མི་ཆེན་ཁེ་ལས་ཚོགས་པའི་ཚབ་བྱས་ནས་ཀྲེ་ཅང་སློབ་ཆེན་སློབ་གསོ་ཐེབས་རྩ་ཚོགས་པར་དངུལ་སྒོར་ཁྲི་ལྔ་སྟོང་གི་ཞལ་འདེབས་ཕུལ་ཏེ་སློབ་ཆེན་དེ་གའི་གྲངས་རིག་ཚན་རྩལ་སློབ་གླིང་གི་ཐོག་ཁང་གསར་བ་སྐྲུན་པའི་མ་དངུལ་རོགས་སྐྱོར་དུ་ཕུལ་བས་བྱས་རྗེས་བླ་ན་མེད་པ་བཞག་ཡོད།

སྤྱི་ལོ2008ལོའི་ཟླ10པའི་ཚེས28ཉིན། ཧྲི་ཡུས་ཀྲུའུ་ཡིས་མིའི་བདེ་ཐང་ལ་ཕན་པའི་འབྲུ་ལྔའི་ཉིང་ཁུ་གསར་སྤེལ་བྱས་ཏེ་རྒྱལ་ཡོངས་ཁྲོམ་རའི་ཁྲོད་ནས་ནུས་ལྡན་ཡིན་པའི་བདུད་རྩི་གསར་སྤེལ་གྱི་ཁྲོད་ནས་གོ་གནས་ངེས་ཅན་ཞིག་ཟིན་ཡོད་པར་མ་ཟད་ཀུན་གྱིས་དགའ་བསུ་ཆེན་པོ་ཡང་ཐོབ་ཡོད།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-10-08

གསར་སྤེལ་མཁན། :དཔལ་ཚེ་རྡོར

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།