འཛམ་གླིང་དཔེ་ཀློག་ཉིན་མོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

 འཛམ་གླིང་དཔེ་ཀློག་ཉིན་མོ།
འཛམ་གླིང་དཔེ་ཀློག་ཉིན་མོའི་མིང་ཆ་ཚང་ལ་འཛམ་གླིང་དཔེ་དེབ་དང་པར་དབང་ཉིན་མོ་རུ་འབོད་ཅིང་། འཛམ་གླིང་གི་དཔེ་དེབ་ཉིན་མོའང་ཟེར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
世界图书与版权日
ཕྱི་ཡིག་གི་མིང་།
World Book and Copyright Day
དུས་ཚོད།
ལོ་རེའི་ཟླ4བའི་ཚེས23ཉིན།
ཐོག་མར་ཚུགས་གནས།
ཧྥ་རན་སིའི་ཕ་རི་སི།
1 གོ་དོན།

འཛམ་གླིང་དཔེ་ཀློག་ཉིན་མོའི་མིང་ཆ་ཚང་ལ་འཛམ་གླིང་དཔེ་དེབ་དང་པར་དབང་ཉིན་མོ་རུ་འབོད་ཅིང་། འཛམ་གླིང་གི་དཔེ་དེབ་ཉིན་མོའང་ཟེར།

2 དུས་ཆེན་གྱི་བྱུང་རིམ།

སྤྱི་ལོ1972ལོར་མཉམ་འབྲེལ་རྒྱལ་ཚོགས་ཚན་སློབ་རིག་གསུམ་རྩ་འཛུགས་ཀྱིས་འཛམ་གླིང་ཡོངས་ལ་དཔེ་ཀློག་སྤྱི་ཚོགས་སུ་བསྐྱོད་པའི་འབོད་སྐུལ་བཏང་བར་མ་ཟད། སྤྱི་ཚོགས་ཀྱི་ཁོངས་མི་ཚང་མས་དཔེ་ཀློག་བྱ་དགོས་པ་དང་། དཔེ་ཀློག་ནི་མི་རེ་རེའི་རྒྱུན་ལྡན་འཚོ་བ་ཡི་གྲུབ་ཆ་གལ་ཆེན་ཞིག་ཏུ་འགྱུར་དགོས་པའི་བླང་བྱ་བཏོན་པ་རེད།

སྤྱི་ལོ1995ལོའི་ཟླ11པའི་ཚེས15ཉིན། རྒྱལ་སྤྱིའི་དཔེ་སྐྲུན་ཚོང་བའི་མཐུན་ཚོགས་ཀྱི་གོ་ལ་ཧྲིལ་བོའི་ཚོགས་ཆེན་སྐབས་ཉེར་ལྔའི་སྟེང་འཛམ་གླིང་དཔེ་དེབ་ཉིན་མོ་འཛུགས་པར་འཆར་འགོད་བཟོས་པ་དང་བསྟུན། སི་ཕེན་སྲིད་གཞུང་གིས་མཉམ་འབྲེལ་རྒྱལ་ཚོགས་ཚན་སློབ་རིག་གསུམ་རྩ་འཛུགས་ལ་དཔེ་དེབ་ཉིན་མོའི་ཇུས་གཞི་ཐོག་མ་ཕུལ་བ་དང་། རྗེས་སུ་ཨུ་རུ་སུས་དེ་ལ་ད་རུང་པར་དབང་ཁ་སྣོན་བྱ་དགོས་པའི་རེ་བ་བཏོན་པ་བཞིན། མཉམ་འབྲེལ་རྒྱལ་ཚོགས་ཚན་སློབ་རིག་གསུམ་རྩ་འཛུགས་ཀྱིས་ལོ་རེའི་ཟླ4བའི་ཚེས23ཉིན། འཛམ་གླིང་དཔེ་དེབ་དང་པར་དབང་ཉིན་མོ་རུ་གཏན་ཁེལ་བ་ཁྱབ་བསྒྲགས་བྱས།

སི་ཕེན་རྒྱལ་ཁབ་ཀྱིས་འཛམ་གླིང་དཔེ་ཀློག་ཉིན་མོ་འཛུགས་པའི་གྲོས་འགོ་བཏོན་པའི་རྒྱུ་མཚན་ནི། སི་ཕེན་གྱི་ཅ་ཐའེ་ལུའོ་ཉི་ཡ་ས་ཁུལ་དུ་གཏམ་རྒྱུད་འདི་འདྲ་ཞིག་བཤད་རྒྱུན་འདུག་སྟེ། སྐྱེ་ཁམས་རྫུབས་སྟུག་པོའི་རི་སུལ་ཅིག་ཏུ་ཡིད་འོང་སྲས་མོར་ཁྱུང་འབྲུག་གིས་གནོད་འཚེ་གཏོང་རྩིས་བྱེད་སྐབས། དཔའ་ཐུལ་ཆའོ་ཀྲིས་རང་གི་ཚེ་སྲོག་ལ་མ་འཛེམ་པར་ཁྱུང་འབྲུག་དང་འཛིངས་ནས་སྲས་མོའི་ཚེ་སྲོག་བསྐྱབས་ཤིང་། སྲས་མོ་སྲོག་ཉེན་ལས་ཐར་རྗེས། ཆའོ་ཀྲི་ལ་དྲིན་ལན་འཇལ་བའི་ལེགས་སྐྱེས་སུ་དཔེ་དེབ་ཅིག་བྱིན་པ་རེད། དུས་དེ་ནས་བཟུང་དཔེ་དེབ་དེ་ཉིད་བློ་རྒྱ་དང་སྟོབས་ཤུགས་ཀྱི་མཚོན་བྱེད་དུ་གྱུར་ལ། སི་ཕེན་རྒྱལ་ཁབ་ཏུ་ཟླ4ཚེས་23ཉིན་ཡང་དཔའ་བརྟུལ་ཆའོ་ཀྲིའི་དུས་ཆེན་དུ་གྱུར་བ་དང་། དུས་ཆེན་རིང་ཅ་ཐའེ་ལུའོ་ཉི་ཡ་ས་ཁུལ་གྱི་སྐྱེ་བོ་ཚང་མས་དགའ་ཉེ་སྤུན་མཆེད་ཕན་ཚུན་ལ་རྒྱ་སེ་མེ་ཏོག་དང་དཔེ་དེབ་ལེགས་སྐྱེས་སུ་འབུལ་བའི་གོམས་སྲོལ་དར།

3 དུས་ཆེན་གྱི་བྱེད་སྒོ།

ལོ་རེའི་ཉིན་མོ་འདིར། འཛམ་གླིང་སྒང་གི་རྒྱལ་ཁབ་སོ་སོས་དཔེ་ཀློག་དང་དཔེ་སྦྱིན། དཔེ་དེབ་འོས་སྦྱོར། གོང་གཅོག་དཔེ་འཚོང་སོགས་ཀྱི་བྱེད་སྒོ་སྣ་ཚོགས་སྤེལ་བ་བརྒྱུད་དགའ་སྟོན་རྟེན་འབྲེལ་ཞུ་བ་རེད། 

4 དུས་ཆེན་གྱི་དམིགས་ཡུལ།

འཛམ་གླིང་གི་མི་ཚང་མས་ཤེས་བྱ་ལ་བརྩི་མཐོང་བྱས་ཏེ་དཔེ་ཀློག་དང་རྩོམ་འབྲིའི་ལས་སུ་ཞུགས་པར་སྐུད་འདེད་གཏང་རྒྱུ་དེ་རེད།

5 དུས་ཆེན་གྱི་བསྒྲགས་གཏམ།

འཛམ་གླིང་གི་ས་ཆ་སོ་སོ་ན་ཡོད་པའི་མི་ཚང་མར་ཁྱེད་རང་བགྲེས་པོ་དང་ན་གཞོན། འབྱོར་ལྡན་དང་དབུལ་བོ། ནད་པ་དང་ཐང་པོ་གང་ཡིན་ཡང་ཆོག་སྟེ། ཚང་མས་དཔེ་ཀློག་གི་སྤྲོ་སྣང་ལོངས་སྤྱོད་སྒོས་མིའི་རིགས་ཀྱི་དཔལ་ཡོན་ཐད་བྱས་རྗེས་རླབས་ཆེན་བཞག་དང་འཇོག་གིན་པའི་རྩོམ་རིག་དང་། རིག་གནས། ཚན་རིག བསམ་བློ་བ་ཆེན་མོ། ཤེས་རིག་བདག་དབང་སྲུང་སྐྱོབ་སོགས་ལ་གུས་བརྩི་དང་དྲིན་གཟོ་མཚོན་པའི་ཆེད་དུ་དཔེ་ཀློག་བྱ་རྒྱུའོ། །

6 དུས་ཆེན་གྱི་མཚོན་དོན།

མཉམ་འབྲེལ་རྒྱལ་ཚོགས་ཚན་སློབ་རིག་གསུམ་རྩ་འཛུགས་ཀྱིས་ལོ་རེའི་ཟླ4བའི་ཚེས23ཉིན།འཛམ་གླིང་དཔེ་ཀློག་ཉིན་མོ། རུ་གཏན་ཁེལ་བྱ་དགོས་དོན་ནི། ཉིན་མོ་འདི་སི་ཕེན་རྒྱལ་ཁབ་ཀྱི་རླབས་ཆེན་རྩོམ་པ་པོ་མི་གེལ•ཊེ•སེར་ཝཱན་ཊེས•སཱ་ཝི་ཊྲཱ།(塞万提斯)སྐུ་གཤེགས་པའི་ཉིན་མོ(1616.4.23)དང་། དབྱིན་ཇིའི་རྩོམ་པ་པོ་གྲགས་ཅན་ཝིལི་ཡམ•ཤེཀྶ་པི་ཡར(莎士比亚)(1564---1616)འཁྲུངས་འདས་ཉིན་མོ། ཨ་མེ་རི་ཀའི་རྩོམ་པ་པོ་གྲགས་ཅན་ཝལཱ་དི་མཱིར•ཝལཱ་དི་མཱི་རོ་ཝིཅ•ནབཱོ་ཀཱོཝ(纳博科夫)ཡི་འཁྲུངས་སྐར(1899.4.23)།  ཧྥ་རན་སིའི་རྩོམ་པ་པོ་གྲགས་ཅན་མཱོརིས•དྲུཨོང་(莫里斯·德吕翁)གི་འཁྲུངས་སྐར(1918.4.23)། འཁྱགས་གླིང་རྒྱལ་ཁབ་ཀྱི་ནོ་འབེར་རྩོམ་རིག་བྱ་དགའ་ཐོབ་མཁན་ཧལླ་ཊོར•ཀིལ་ཇན•ལཀྵ་ནིས(拉克斯内斯)(1902.4.23)འཁྲུངས་སྐར་སོགས་འཛམ་གླིང་ཡོངས་ལ་མཚན་སྙན་རྒྱས་པའི་རླབས་ཆེན་གྱི་སྐྱེས་བུ་དག་གི་འཁྲུངས་འདས་ལ་དཔེ་ཀློག་གིས་རྗེས་དྲན་བྱེད་པ་དང་བསྟུན་མི་སྒེར་རང་ཉིད་ཀྱི་དཔེ་ཀློག་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་མཚོན་ནོ། །


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-10-22

གསར་སྤེལ་མཁན། :བོན་སྐོར་པད་མ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།