དྲུ་གུའི་མི་སྡེ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

དྲུ་གུའི་མི་སྡེ།
ཐོག་མར་རུས་རྒྱུད་དམ་ཚོ་བ་ཞིག་གི་མིང་ཡིན་ལ། རིམ་བཞིན་འགྱུར་ནས་མི་རིགས་ཤིག་གི་མིང་དུ་གོ་བ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
突厥人、突厥语民族
ཕྱི་ཡིག་གི་མིང་།
Turkut peoples
ཁྱབ་ཁོངས།
བོད་བྱང་རྒྱུད་དང་། ཤིན་ཅང་། མཚོ་སྔོན་བཅས་ཀྱི་ས་འབྲེལ་ཁུལ།
མི་རིགས།
དྲུ་གུ་མི་རིགས།
1 དྲུ་གུ་ཞེས་པའི་མི་སྡེ།

“དྲུ་གུ”ཞེས་པ་ནི་ཐོག་མར་རུས་རྒྱུད་དམ་ཚོ་བ་ཞིག་གི་མིང་ཡིན་ལ། རིམ་བཞིན་འགྱུར་ནས་མི་རིགས་ཤིག་གི་མིང་དུ་གོ་བ་ཡིན། དུང་དཀར་ཚིག་མཛོད་དུ “དྲུ་གུ་ལ་གྲུ་གུ་ཞེས་ཀྱང་བྲིས་ཡོད་ལ།  རྒྱ་ཡིག་ཏུ突厥(དུ་ཅོལ་ལམ་དུ་ཀོལ)ཟེར་ལ། སྐབས་འགར་ཐུ་ཀྱུ་ཝེས་ཞེས་འབོད་པ་ལྟར། ཀྲུང་གོའི་གནའ་རབས་ཀྱི་མི་རིགས་ཤིག་གི་མིང་ཡིན་ཅིང་། འདི་ལ་ཁྱབ་ཆེ་བའི་དབང་དུ་བྱས་ན་ཐུ་གུ་དང་ཐེ་ལི་ཡི་ཚོ་པ་རྣམས་ཀྱང་དེའི་ཁོངས་སུ་འདུས་ལ། ཁྱབ་ཆུང་བའི་དབང་དུ་བྱས་ན་ཐུ་གུ་མི་རིགས་ལ་གོ”ཞེས་གསུངས་པ་དང། གཞན་རྒྱའི་ཚིག་མཛོད་དུའང “གྲུ་གུ་ནི་སྔར་བོད་བྱང་རྒྱུད་དང་། ཤིན་ཅང་། མཚོ་སྔོན་བཅས་ཀྱི་ས་འབྲེལ་ཁུལ་དུ་ཆགས་པའི་རྒྱལ་ཕྲན་ཞིག་ཡིན་ཞེས་བརྗོད་ཀྱང་། རྒྱ་སྐད་དུ་ཐུ་ཡི་ཧོང(吐谷浑)སྟེ། གནའ་བོའི་བོད་ལྗོངས་བྱང་ཕྱོགས་དང་དེང་གི་ཤིན་ཅང་། མཚོ་སྔོན་ལ་འདབས་འབྲེལ་བའི་རྒྱལ་ཕྲན་ཞིག་ཡིན”ཟེར་མོད། ཡིན་ཡང། དྲུ་གུ་དང་འ་ཞ་གཉིས་ནི་ལོ་རྒྱུས་ཀྱི་གནས་བབ་མི་འདྲ་བའི་གནའ་བོའི་རྒྱལ་ཕྲན་གཉིས་ཀྱི་མིང་ཡིན་ཏེ། རྒྱའི་མཁས་པ་ཀྲུག་བའེ་ཀྲིག(周伟洲)གིས། “འ་ཞ་ནི་ཐོག་མར་ཚོ་བ་ཞིག་གི་མིང་ཡིན་པ་ལས། མི་རིགས་ཤིག་གམ་རྒྱལ་ཁབ་ཤིག་གི་མིང་མ་ཡིན་པར་འདོད་ལ། ཁོ་ནི་ཞིན་པེ་རིགས་ཀྱི་མུའུ་རུང་ཚོ་བའི་རུས་རྒྱུད་དུ་བྱུང་བའི་ཚོ་དཔོན་ཞིག་གི་མིང་ཡིན་ལ། སྔར་ལིའོ་ཏུང(辽东)ས་ཁུལ་དུ་འཚོ་གནས་བྱས་མྱོང་ལ།  རྗེས་སུ་རིམ་བཞིན་ཀྲུང་གོའི་ནུབ་ཕྱོགས་སུ་གནས་སྤར་ཏེ་དེང་སང་གི་མཚོ་སྔོན་གྱི་མཚོ་སྔོན་པོའི་ཉེ་འགྲམ་དུ་དབང་སྒྱུར་བྱས་ནས་བསྡད།”ཞེས་པ་བཞིན་དྲུ་གུ་ལ་འ་ཞ་ཞེས་བརྗོད་ན་མི་འགྲིག་པར་སྣང་། ཡང་རྒྱའི་ལོ་རྒྱུས་ཡིག་ཚང་ལ་ལར“དྲུ་གུ་ནི་ཅིན་ཧྲན་རི་བོའི་འདབས་སུ་གནས་ཡོད་ལ། ཅིན་ཧྲན་རི་བོའི་དབྱིབས་ནི་རྨོག(兜鍪)དང་འདྲ་ཞིང་། ཁོ་ཚོའི་ཡུལ་སྐད་དུ་རྨོག་ལ突厥ཟེར་བས་དེ་ལྟར་བཏགས་པ་ཡིན”ཟེར་བཞིན་འ་ཞ་དང་དྲུ་གུ་ནི། གཅིག་ནས་གནས་ཡུལ་གྱི་ཆ་ནས་མི་འདྲ་བ་དང་། གཉིས་ནས་མིང་སྒྲའི་ཆ་ནས་མི་འདྲ་བ། གསུམ་ནས་དབང་སྒྱུར་གྱི་མངའ་ཁོངས་མི་འདྲ་བ། བཞི་ནས་བྱུང་དུས་ཀྱི་དུས་རབས་མི་འདྲ་བས་གཅིག་ཏུ་བསྲེས་ན་མི་འགྲིག་པར་འདོད། དེ་ཡང་དབྱིན་ཇིའི་སྐད་དུ་དྲུ་གུ་ནི“Turk”ཡི་མང་ཚིག་གི་རྣམ་པ་སྟེ། Turks(ཏུར་ཀི་སི)ཡི་སྒྲ་ཚར་བཏགས་པ་ཞིག་ཡིན་ཟེར་བ་དང་། “Turkut” ནི་དྲུ་གུའི་སྐད་དུ་སྟོབས་ཆེན་ལ་འཇུག་སྟེ། དཔེར་ན། མི་སྟོབས་ཅན་དང་། མི་རིགས་སྙིང་སྟོབས་ཅན་སོགས་ལ་གོ། ད་དུང་རྒྱའི་མཁས་པ་ལ་ལས་དྲུ་གུ་ནི་རྒྱ་སྐད་ཀྱི་དུ་ཅོལ་ལམ་དུ་ཀོལ(突厥)ནས་འགྱུར་བ་ཡིན་ཟེར།  ཡིན་ཡངTurkཡི་མང་ཚིག་གི་རྣམ་པ་ནི Turklarཡིན་པས་རྒྱ་སྐད་ཀྱི་དུ་ཅོལ་ལམ་དུ་ཀོལ་གྱི་སྒྲ་གདངས་དང་མི་འདྲ།  དེ་བས་ཧྥ་རན་སིའི་མཁས་པ་པཱོ་ཞའེ་ཧུ(PaulPelliot)ཡི་བཞེད་ཚུལ་ལྟར་ན་རྒྱ་ཡིག་གི突厥ཞེས་པ་ནི་སོག་སྐད་ཡིན་ལ་རོ་རེན(柔)གྱི་མི་བརྒྱུད་ནས་རྒྱ་ནག་སྐད་དུ་ཟུར་ཆགས་པ་ཞིག་ཡིནཔར་འདོད། དྲུ་གུ་མི་རིགས་འདི་ལ་གནའ་སྔ་མོ་ནས་བཟུང་ཡི་གེ་ཡོད་དེ། རང་རྒྱལ་བྱང་ཕྱོགས་དྲུ་གུ་ཁ་ཧན(552-745)དང་ཧོར9གནའ་བོའི་ཡུ་གུར)ཁ་ཧན(745-840)གཉིས་ཀྱིས་བཀོལ་སྤྱོད་བྱེད་པའི་ཡི་གེ་ལ་ཟེར།  ཕྱིའི་རྣམ་པའི་སྟེང་ནས་བལྟས་ན་གནའ་བོའི་འཇར་མན(日耳曼民族)མི་རིགས་ཀྱིས་བཀོལ་སྤྱོད་བྱེད་བཞིན་པའི་རོ་ཉེ(rune)ཡི་གེ་དང་འདྲ་བར་འདུག  ཡིན་ཡང་མཁས་པ་ལ་ལས་འདི་ལ་གནའ་བོའི་དྲུ་གུ་རོ་ཉེ་ཡི་གེ་ཞེས་འབོད་བཞིན་འདུག་ལ། གཙོ་བོ་རྡོ་བརྐོས་ཡི་གེ་ཡིན།  དེ་ནི་མང་གོལ་ཨུ་ཨར་ཧོན(蒙古鄂尔浑)གཙང་བོའི་འགྲམ་རྒྱུད་དུ་རྙེད་པས་ན་དེ་ལ་ཨུ་ཨར་ཧོན་དྲུ་གུའི་ཡི་གེ(Orkhon Turkic Script)འང་ཟེར་བ་དང་། སྐད་དེ་ལའང་ཨུ་ཨར་ཧོན་དྲུ་གུའི་སྐད(Orkhon Turkic)ཟེར། ཡང་ཡི་གེ་འདིའི་སྐོར་ཞིག་ཡེ་ཉེ་ཟེ་གཙང་བོའི(叶尼塞河流)ཉེ་འགྲམ་དུ་རྙེད་པས་ན་དེ་ལ་ཡེ་ཉེ་ཟེ(叶尼塞)ཡི་གེའང་ཟེར། དེ་ཡང་ཉེ་དུས་མཁས་པ་ཚོས་ཡང་བསྐྱར་བརྟག་དཔྱོད་ལྟར་ན་རྒྱ་ཡིག་གི་དྲུ་གུ་ཞེས་པ་ནི་གནའ་བོའི་དྲུ་གུའི་སྐད་དུ་Turk Turukཅན་གྱི་དོན་སྟེ། ནང་དོན་ནི་སྟོབས་ཅན་ནོ། །   ཨ་རབ་སྐད་དུ་དེ་ལTurkདང་། ཞཱ་ལའི་སྐད་དུ་དེ་ལTurkoi ལེགས་སྦྱར་སྐད་དུ་དེ་ལ་ཏུརུཥཀ(तुरक Turushka)སོག་དག་སྐད་དུ་དེ་ལ Twrk བོད་སྐད་དུ་དྲུ་གུ་ཞེས་ཟེར། ད་དུང་བོད་ཀྱི་ལོ་རྒྱུས་ཡིག་དག་ན་འདི་ལ་འབྲི་ཚུལ་མི་འདྲ་བ་མང་པོ་འདུག་སྟེ། ཏུན་ཧོང་ཡིག་རྙིང་དུ“དུར་གུལ” དང“དྲུ་གུ” ཡང་ན“གྲུ་གུ ” ཞེས་པ་དང་། བོད་ཀྱི་རྡོ་རིང་གི་ཡི་གེར“དྲུ་གུ ” དང་། གྲུ་གུ་གོ་རྫོང་དུ“གྲུ་གུ”འམ“དྲུ་གུ”ཞེས་པ་སོགས་གོང་དུ་བཤད་ཟིན་པ་ལྟར་དྲུ་གུ་ཞེས་པའི་མིང་འདི་ལ་བྲི་ཚུལ་མི་འདྲ་མང་པོ་འདུག་མོད། ཡིན་ཡང་མཐར་གཏུགས་ན་དྲུ་དང་གྲུ་འདི་ཚང་མ་ཡིག་རིགས་གཅིག་གི་འབྲི་སྲོལ་མི་འདྲ་བ་དང་། མི་རིགས་སོ་སོའི་གོ་བ་ལེན་སྟངས་མི་འདྲ་བ་དང་ཡིག་རིགས་འབྲི་སྲོལ་མི་འདྲ་བའི་སྒྲ་ཐོན་ཚུལ་མི་འདྲ་བ་མ་གཏོགས། དོན་དམ་པར་དེ་ནི་དྲུ་གུ་རང་གི་སྐད་ཡིག་ལས་སྒྲ་སྒྱུར་བྱས་པའི་ཡུལ་རང་ངོས་ལས་ཐོན་པའི་ཐ་སྙད་ཅིག་ཡིན་ལ། བྲིས་ན་དོན་དང་མཐུན་ཞིང་སྒྲ་གདངས་ཐད་དྲུ་གུའི་སྐད་དང་ཐག་ཉེ་བ་དང་། མི་རིགས་གཞན་གྱི་མིང་གི་འབོད་སྟངས་དང་ཀུན་ནས་མཐུན་ནོ། ། 

.png

2  དྲུ་གུའི་མངའ་ཁོངས།

དྲུ་གུ་ཞེས་པའི་ཡུལ་ལམ་མངའ་ཁོངས་དེ་ས་ཕྱོགས་གང་ཞིག་ལ་ངོས་འཛིན་དགོས་ཤེ་ན། དྲུ་གུ་ནི་དུས་རབས་དྲུག་པའི་དུས་དཀྱིལ་ནས་དུས་རབས་བརྒྱད་པའི་དུས་དཀྱིལ་བར་བྱང་ཕྱོགས་མོང་གོལ་རྩྭ་ཐང(موڭغۇل يايلاق)དང་ནུབ་ལྗོངས(西域)ས་ཁུལ་བཅས་སུ་འབྲོག་ལས་གཉེར་མཁན་གྱི་གནའ་བོའི་མི་རིགས་ཤིག་ཡིན་ལ།  ལོ་རྒྱུས་ཡིག་ཚང་སོགས་སུ་དྲུ་གུ་ནི་བོད་བྱང་རྒྱུད་དང་། ཤིན་ཅང་། མཚོ་སྔོན་བཅས་ཀྱི་ས་འབྲེལ་ཁུལ་དུ་ཆགས་པའི་རྒྱལ་ཕྲན་ཞིག་ཡིན་པ་དང་། བོད་ཀྱི་བཙན་པོ་ཁྲི་རལ་གྱི་སྐབས་ཏེ་སྤྱི་ལོ823ལོར་ལྷ་སའི་གཙུག་ལག་ཁང་གི་མདུན་ངོས་སུ་བརྩིགས་པའི་རྡོ་རིང་དུ། “བྱང་ཕྱོགས་ཀྱི་དྲུ་གུ”ཞེས་གསལ་བོར་བྲིས་ཡོད་པ་དང་། སྤྱི་ལོ552ལོར་ཨོར་ཧུན་གཙང་པོའི་ཆུ་རྒྱུད་དུ་སྲིད་དབང་བཙུགས་ཤིང་། ད་ལྟའི་ཤིན་ཅང་ལྟེ་བར་བྱས་པའི་མངའ་ཁོངས་གཞི་ཁྱོན་ཆེན་པོར་དབང་སྒྱུར་བའི་གནའ་བོའི་རྒྱལ་ཁབ་ཅིག་ཡིན།  གཞན་ཡང་ཡིག་ཚང་དུ་ “གེ་སར་རྒྱལ་པོ་བོད་ལ་རྟ་ལྟར་འཚུབ། ། རྫུ་འཕྲུལ་ཡ་མ་ཟུང་གིས་གེ་སར་བཏུལ། །འཕྲུལ་ཐབས་སྒྱོགས་དང་ལག་ཆ་གོ་མཚོན་བྱུང་། ། བོད་དཔུང་འདྲིལ་བས་གེ་སར་དབང་འོག་འདུས། ། རྒྱལ་ཁབ་ཀུན་ཀྱང་ས་བཅད་ཡུལ་ཡང་བསྐྱེད། །”ཅེས་པ་དང་།  《མཁས་པའི་དགའ་སྟོན》ལས།  “བྱང་ཕྱོགས་སྐར་མ་སྨིན་བདུན་འཆར་བའི་མཐའ་སྔོན་ནགས་ཤོད་གཟིག་ཕྲེང་ལས་མ་མཆིས་པ་ལ་ག་གོན་དང་། ཧོར་དང་། སོག་པོ་བཏུལ་ཏེ་ད་ཤབ་ཧབ་ཀྱི་ལ་རྒྱུད་ལ་གཏུགས་པར་མངའ་མཛད་དོ། །”ཞེས་བཀོད་འདུག་པ་ལས། ཡུལ་དངོས་ཀྱི་ཆ་ངོས་འཛིན་གསལ་བོ་སྟོན་མ་ཐུབ་ཀྱང“བྱང་ཕྱོགས”དང“ག་གོན”དང“ཧོར”དང“སོག་པོ”ཞེས་པའི་མིང་དེ་དག་གིས་དུས་དེར་བཟུང་བའི་ཡུལ་གསལ་བོར་མཚོན་ཐུབ་ལ། གང་ལྟར་དྲུ་གུ་ནི་སྤྱི་ལོའི་སྔོན་གྱི་དུས་རབས་གསུམ་པའི་སྔོན་རྗེས་ལ་ད་ལྟའི་ཨུ་རུ་སུ་རྒྱལ་ཁབ་ཀྱི་པེ་གལ་མཚོ་མོའི(بايقال كۆلى)མཐའ་འཁོར་དུ་འབྲོག་ལས་གཉེར་མཁན་གྱི་གནའ་བོའི་མི་རིགས་ཐེ་ལོ(铁勒(共有四十多种不同名称的部落,他们的“虽姓氏各别,总谓为铁勒))ཞེས་པའི་རྒྱུད་པ་ཡིན་པ་དང་། ཐེ་ལོ་ཚོ་པ་ཁ་ཤས་ཤིག་རྗེས་སུ་ལྷོ་ཕྱོགས་སུ་གནས་སྤོས་པ་དང་། དེའི་ཁྲོད་ཀྱི་དྲུ་གུའི་ཚོ་བ་ནི་རང་རྒྱལ་ཤིན་ཅང་ས་ཁུལ་གྱི་བྱང་ཤར་ཕྱོགས་ནས་རིམ་བཞིན་འཕེལ་རྒྱས་བྱུང་ཞིང་། དང་ཐོག་ཞོན་ནུའུ་ཞེས་བྱ་བའི་མངའ་འོག་ལ་གཏོགས་པའི་ཚོ་ཁག་ཅིག་ཡིན་པ་དང་། རོ་རེན་བྱ་བས་ཞོན་ནུའུ་ཕམ་རྗེས་རོ་རེན་མི་རིགས་ཀྱི་དབང་འོག་ཏུ་ཚུད། ཁོ་ཚོས་གཙོ་བོ་འབྲོག་ལས་གཉེར་ལ་ལྕགས་རིགས་ཀྱི་ལས་བཟོ་ལ་ཤིན་ཏུ་མཁས། དེ་ནས་རིམ་བཞིན་ཨར་ཐེ་ཧྲན་རི་བོའི་ཉིན་ངོགས་ནས་འཕེལ་རྒྱས་བྱུང་སྟེ། དུས་རབས་དྲུག་པའི་དུས་དཀྱིལ་ལ་སླེབས་སྐབས་དྲུ་གུའི་ཚོ་བའི་སྟོབས་ཤུགས་རིམ་བཞིན་རྒྱས་པར་གྱུར། སྤྱི་ལོ546ལོར་དྲུ་གུའི་ཚོ་དཔོན་ཨ་ཧྲི་ན་ཐུའུ་མོན(阿史那土门)ཟེར་བས་ཉེ་འཁོར་གྱི་ཐོ་ལོ་ཚོ་པ་ཁག་གཅིག་དབང་དུ་བསྡུས་ནས་རོ་རེན་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་འགོ་བརྩམས། སྤྱི་ལོ552ལོར་ཨ་ཧྲི་ན་ཐུའུ་མོན་གྱིས་དྲུ་གུ་དམག་གི་དཔུང་ཁྲིད་དེ་རོ་རེན་རྩ་བ་ནས་ཕམ་པར་བྱས་ཏེ་མོང་གོལ་རྩྭ་ཐང་གཅིག་གྱུར་བྱས་པ་དང་། དྲུ་གུ་ཁ་ཧན་གྱི་རྒྱལ་རབས་ཞེས་པ་དངོས་སུ་བཙུགས་སོ། ། 


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-10-22

གསར་སྤེལ་མཁན། :བོན་སྐོར་པད་མ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།