ཁའེ་ཡོན་ཁྲི་ལོའི་སྲིད་སྐྱོང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཁའེ་ཡོན་ཁྲི་ལོའི་སྲིད་སྐྱོང་།
ཐང་ཞོན་ཙུང་གིས་ད་དུང་ཕོ་བྲང་ནང་གི་མུ་ཏིག་ནོར་བུ་དང་གཡང་ཊི་ཡག་པོ་སྐོར་ཞིག་མེར་བསྲེགས་པའི་བཀའ་ཕབ་སྟེ། རྒྱས་ཤོམ་ཆེ་བའི་དངོས་རྫས་མི་སྤྱོད་པའི་ཆོད་སེམས་མཚོན་པར་བྱས། བཅོས་བསྒྱུར་བྱེད་ཐབས་དེ་དག་གིས་ཁའེ་ཡོན་ཁྲི་ལོའི་དུས་སྐབས་ཀྱི་ཆབ་སྲིད་ཀྱི་རྣམ་པ་གསར་བ་ཞིག་ཏུ་བཏང་། ལོ་རྒྱུས་སུ་དེར་ཁའེ་ཡོན་ཁྲི་ལའི་སྲིད་སྐྱོང་ཟེར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
开元盛世
ཕྱི་ཡིག་གི་མིང་།
Kaiyuan flourishing age
འགོ་ཁྲིད་པ།
ཐང་ཞོན་ཙུང་།
1 ​ངོ་སྤྲོད།

རྒྱལ་མོ་ཝུའུ་ཙེ་ཐེན་གྱི་རྗེས་སུ། ཐང་རྒྱལ་རབས་ཀྱི་ཆབ་སྲིད་ལ་གཡོ་འགུལ་བྱུང་ཞིང་། ཐང་ཞོན་ཙུང་ཁྲིར་འཁོད་རྗེས་ལྷིང་འཇགས་སུ་ཕྱིན། ཐང་ཞོན་ཙུང་གིས་དཔོན་སྲོལ་ལམ་ལུགས་ལ་ཆ་རྒྱུས་ཡོད་པ་དང་བཅོས་བསྒྱུར་གྱི་སྙིང་སྟོབས་ལྡན་པའི་ཡའོ་ཁྲུང་སོགས་བློན་ཆེན་དུ་བསྐོས་ཏེ་རྒྱལ་ཁབ་ལེགས་པོར་བསྐྱངས། ཁོས་ལྷག་པར་དུ་ས་གནས་ཀྱི་དཔོན་སྲོལ་ལམ་ལུགས་ལ་མཐོང་ཆེན་བྱས་ཏེ། རྒྱལ་སའི་དཔོན་བློན་ཕུལ་བྱུང་ཅན་ས་གནས་སུ་མངགས་ནས་དཔོན་འགན་འཁུར་དུ་བཅུག་པར་མ་ཟད། རྫོང་དཔོན་གྱི་སྲིད་སྐྱོང་གྲུབ་འབྲས་ལ་དངོས་སུ་དཔྱད་ཞིབ་བྱས། ཁའེ་ཡོན་ཁྲི་ལོའི་དུས་མགོར། ཐང་ཞོན་ཙུང་གིས་ད་དུང་ཕོ་བྲང་ནང་གི་མུ་ཏིག་ནོར་བུ་དང་གཡང་ཊི་ཡག་པོ་སྐོར་ཞིག་མེར་བསྲེགས་པའི་བཀའ་ཕབ་སྟེ། རྒྱས་ཤོམ་ཆེ་བའི་དངོས་རྫས་མི་སྤྱོད་པའི་ཆོད་སེམས་མཚོན་པར་བྱས། བཅོས་བསྒྱུར་བྱེད་ཐབས་དེ་དག་གིས་ཁའེ་ཡོན་ཁྲི་ལོའི་དུས་སྐབས་ཀྱི་ཆབ་སྲིད་ཀྱི་རྣམ་པ་གསར་བ་ཞིག་ཏུ་བཏང་། ལོ་རྒྱུས་སུ་དེར་ཁའེ་ཡོན་ཁྲི་ལའི་སྲིད་སྐྱོང་ཟེར།

2 ཤུགས་རྐྱེན།

ཐང་ཞོན་ཙུང་གི་དུས་སྐབས་སུ། སྤྱི་ཚོགས་དཔལ་འབྱོར་ལ་སྐྱེ་སྟོབས་འབར་བའི་དར་རྒྱས་ཀྱི་རྣམ་པ་བྱུང་། ཞིང་ལས་ཀྱི་ཕྱོགས་སུ། བསྡོམས་པས་ཆུ་བེད་བཟོ་སྐྲུན་ཆེ་རིགས་བཞི་བཅུ་ལྷག་བསྐྲུན་པ་དང་། རྨོ་འདེབས་ལག་རྩལ་ལའང་འཕེལ་རྒྱས་ཆེན་པོ་བྱུང་ཡོད་དེ། ལྷོ་ཕྱོགས་ཀྱི་ཆུ་འབྲས་དེ་རྒྱ་ཁྱབ་ཏུ་ལྗང་མྱུག་གསོས་ནས་སྤོ་འཛུགས་བྱེད་ཅིང་། ཐོན་ཚད་ཆེས་ཆེར་འཕངས་བས། འབྲི་ཆུའི་ལྷོ་རྒྱུད་ས་ཁུལ་དེ་འབྲུ་རིགས་ཐོན་ཁུལ་གཙོ་བོར་གྱུར། སྔོ་ཚོད་ལ་རིགས་གསར་བ་མང་ཞིང་། ཕལ་ཆེ་བ་ནུབ་ཡུལ་ནས་ཁྱེར་ཡོང་བ། ཇ་ལོ་ཐོན་སྐྱེད་བྱེད་པ་དེས་འབྲི་ཆུའི་ལྷོ་རྒྱུད་ཀྱི་ཞིང་ལས་ཁྲོད་དུ་གོ་གནས་གལ་ཆེན་ཟིན་ཡོད་པ་དང་། ཇ་འཐུང་བའི་སྲོལ་རྒྱལ་ཡོངས་སུ་དར་ཡོད།

ཐང་རྒྱལ་རབས་ཀྱི་ཞིང་པས་ཐོང་གཤོལ་བཟོ་གཤོལ་བཟོ་སྟངས་ལེགས་བཅོས་བྱས་ཏེ། ཐོང་གཤོལ་མདའ་སྒུར་མ་བཟོས་པར་མ་ཟད། ད་དུང་ཆུ་འདྲེན་ལག་ཆ་གསར་བ་སྟེ་ཟོ་ཆུན་འཁོར་ལོ་གསར་དུ་བཟོས། དེའི་སྐབས་སུ་མི་རྣམས་ཀྱིས་ཧུར་བརྩོན་སྒོས་ཐན་སྐྱོན་འགོག་པ་དང་། ཆ་ག་པའི་གནོད་འཚེ་སེལ་ཐབས་བྱས་པས། རང་བྱུང་གནོད་འཚེ་འགོག་པའི་ནུས་པ་ཇེ་ཆེར་སོང་།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-10-22

གསར་སྤེལ་མཁན། :བོན་སྐོར་པད་མ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།