དབྱིན་ཇིའི་གྲོས་ཚོགས་ཀྱི་དབང་ཆ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གཟི་བརྗིད་ལྡན་པའི་གསར་བརྗེ་མཇུག་རྫོགས་རྗེས་སུ་གྲོས་ཚོགས་ཀྱི་དབང་ཆ་ཇེ་ཆེར་ཕྱིན་པ་དང་། འབྱོར་ལྡན་གྲལ་རིམ་དང་སྐུ་དྲག་གསར་བས་གྲོས་ཚོགས་བརྒྱུད་དེ་རྒྱལ་བོའི་དབང་ཆ་ཚོད་འཛིན་ལ་དམིགས་པའི་ཁྲིམས་དོན་གྲོས་གཞི་རབ་དང་རིམ་པར་གྲོས་འཆམ་བྱུང་།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
དབྱིན་ཇིའི་གྲོས་ཚོགས་ཀྱི་དབང་ཆ།
རྒྱ་ཡིག་གི་མིང་།
英国会议权力
1 གྲོས་ཚོགས་ཀྱི་དབང་ཆ་དངོས་སུ་ཚུགས་པ། 

གཟི་བརྗིད་ལྡན་པའི་གསར་བརྗེ་མཇུག་རྫོགས་རྗེས་སུ་གྲོས་ཚོགས་ཀྱི་དབང་ཆ་ཇེ་ཆེར་ཕྱིན་པ་དང་། འབྱོར་ལྡན་གྲལ་རིམ་དང་སྐུ་དྲག་གསར་བས་གྲོས་ཚོགས་བརྒྱུད་དེ་རྒྱལ་བོའི་དབང་ཆ་ཚོད་འཛིན་ལ་དམིགས་པའི་ཁྲིམས་དོན་གྲོས་གཞི་རབ་དང་རིམ་པར་གྲོས་འཆམ་བྱུང་། དེ་ལས་སྤྱི་ལོ1689ལོར་བསྒྲགས་པའི《ཁེ་དབང་ཁྲིམས་གཞིའི》ཤུགས་རྐྱེན་ཧ་ཅང་ཟབ། 

《ཁེ་དབང་ཁྲིམས་གཞིའི》བཅའ་ཁྲིམས་དོན་རྐྱེན་གྱིས་རྒྱལ་བོའི་ཁེ་དབང་ལ་ཚོད་འཛིན་བྱས་ཏེ། གྲོས་ཚོགས་ཀྱི་ཁྲིམས་འཛིན་དབང་ཆ་དང་ནོར་སྲིད་དབང་ཆ་སོགས་ལ་ཁག་ཐེག་བྱས། དེ་ལྟར་བཀས་བཀོད་རྒྱུད་འཛིན་དུས་ཀྱི་རྗེ་དབང་ལྷས་བསྩལ་བ་ཞེས་པ་བཀག་སྟེ། རྒྱལ་བོའི་དབང་ཆ་བཅའ་ཁྲིམས་ཀྱིས་སྩོལ་བ་དང་བཅའ་ཁྲིམས་ཀྱིས་ཚོད་འཛིན་ནན་མོ་བྱས། གྲོས་ཚོགས་ཀྱིས་རྩ་ཁྲིམས་གཏན་འཁེལ་གྱི་དབང་ཆ་བཟུང་ཡོད་པར་མ་ཟད། ད་དུང་སྲིད་གཞུང་ལ་ལྟ་སྐུལ་དང་དཔལ་འབྱོར་སྲིད་ཇུས་གལ་ཆེན་ཐག་གཅོད་བྱས་ཆོག་པས། གྲོས་ཚོགས་ཀྱི་དབང་ཆ་ཉིན་རེ་བཞིན་རྒྱལ་བོའི་དབང་ཆ་ལས་བརྒལ་ཏེ། རྒྱལ་བོ་རིམ་གྱིས“དབང་སྒྱུར་པ་ཡིན་རུང་སྐྱོང་དབང་མེད་པའི”གནས་སུ་བཅར་འགོ་བརྩམས་ཤིང་། དབྱིན་ཇིའི་རྩ་ཁྲིམས་ཀྱིས་བཅད་པའི་རྒྱལ་བོའི་ལམ་ལུགས་དངོས་སུ་ཚུགས་པ་རེད། 

གྲོས་ཚོགས་ནི་བདམས་ཐོན་བྱུང་བའི་གྲོས་མིས་གྲུབ་ཅིང་། འདེམ་དམངས་ཀྱི་ཚབ་བྱས་ནས་རྒྱལ་ཁབ་ཀྱི་དབང་ཆ་སྤྱོད་པ་སྟེ། དེ་ནི་ཚབ་གྲོས་ལམ་ལུགས་ཟེར་བ་དེ་ཡིན། ཚབ་གྲོས་ལམ་ལུགས་འོག་འབྱོར་ལྡན་གྲལ་རིམ་གྱིས་གྲོས་ཚོགས་བརྒྱུད་ནས་རྒྱལ་ཁབ་ལ་ཐུན་མོང་གིས་དབང་སྒྱུར་བྱེད་པ་ལག་བསྟར་བྱས་ཏེ། སྲིད་དབང་སྒེར་གཅོད་བྱེད་པར་སྔོན་འགོག་བྱས། 

དེའི་རྗེས་སུ་འབྱོར་ལྡན་གྲལ་རིམ་གྱི་ཚོགས་ཁག་མི་འདྲ་བའི་བར་ཁེ་དབང་འཕྲོག་རྩོད་བྱེད་པ་དེ་གྲོས་ཚོགས་ཐོག་ཞི་བའི་ཐབས་ཀྱིས་ཐག་བཅད་པ་དེ་ནི་དྲག་ཤུགས་ཀྱི་གདོང་གཏུག་མི་འབྱུང་བར་ཕན། བཟོ་ལས་གསར་བརྗེའི་རྗེས་སུ་བཟོ་ལས་འབྱོར་ལྡན་གྲལ་རིམ་ལ་དར་རྒྱས་བྱུང་སྟེ། ཆབ་སྲིད་ཀྱི་དབང་ཆ་སྔར་ལས་མང་བ་ཞིག་འཐོབ་པའི་བླང་བྱ་བཏོན། སྤྱི་ལོ1832ལོར། དབྱིན་ཇིའི་གྲོས་ཚོགས་ཀྱིས་འདེམ་བསྐོ་བཅོས་སྒྱུར་བྱས་ཏེ། བཟོ་ལས་འབྱོར་ལྡན་གྲལ་རིམ་ལ་སྔར་ལས་མང་བའི་གདན་ཐོབ་ཐོབ་པས། གྲོས་ཚོགས་ཁྲོད་ཀྱི་བྱེད་ནུས་ཆེར་བསྐྱེད་དེ། བཟོ་ལས་མ་རྩ་རིང་ལུགས་སྔར་ལས་འཕེལ་རྒྱས་ཡོང་བར་འགན་སྲུང་བྱས། 

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-09-27

གསར་སྤེལ་མཁན། :གདུགས་དཀར་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།