ཨ་ཐེན་སིའི་དམངས་གཙོའི་ཆབ་སྲིད།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཨ་ཐེན་སིའི་དམངས་གཙོའི་ཆབ་སྲིད།
འདིར་ཨ་ཐེན་སིའི་སྲིད་སྐྱོང་དཔོན་པོ་སུའོ་ལུན་དང་ཁོ་ལི་སི་ཐི་ཉི་བྱ་བ་གཉིས་ཀྱི་བཅོས་སྒྱུར་འོག་སྤྱི་དམངས་ལ་དམངས་གཙོའི་ཆབ་སྲིད་ལམ་ལུགས་ཤིག་ཚུགས་པའི་གནས་ཚུལ་རགས་ཙམ་བརྗོད་ཡོད།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
ཨ་ཐེན་སིའི་དམངས་གཙོའི་ཆབ་སྲིད།
རྒྱ་ཡིག་གི་མིང་།
雅典民主政治
1 ཨ་ཐེན་སིའི་དམངས་གཙོའི་ཆབ་སྲིད་དངོས་སུ་བཙུགས་པ།

ཨ་ཐེན་སིའི་མཁར་གྲོང་རྒྱལ་ཁབ་ཏུ། གདུང་རྒྱུད་རྙིང་བའི་སྐུ་དྲག་གིས་སྒེར་གཅོད་དབང་སྒྱུར་ལག་བསྟར་བྱས་པས། གསར་དར་བཟོ་ཚོང་ལས་རིགས་པའི་སྐོར་ཧ་ཅང་ཡི་མ་རང་ལ། མི་སེར་དཀྱུས་མར་སྡུག་བསྔལ་བཟོས་པ་དེ་བས་ཀྱང་ཚབས་ཆེན་ཡིན་པས། མི་མང་པོ་ཞིག་བུན་ཚབ་བྲན་གཡོག་ཏུ་གྱུར་ཏེ། སྤྱི་ཚོགས་ཀྱི་འགལ་བ་ཛ་དྲག་ཏུ་གྱུར། སྤྱི་ལོ་སྔོན་གྱི་དུས་རབས6པའི་དུས་འགོར། སྲིད་སྐྱོང་དཔོན་པོ་སུའོ་ལུན་བྱ་བས་བཅོས་སྒྱུར་བྱས་པ་སྟེ། ཁོས་རྒྱུ་ནོར་གྱི་མང་ཉུང་ལ་བལྟས་ནས། སྤྱི་དམངས་རིམ་པ་བཞིར་ཕྱེས་ཏེ། རྒྱུ་ནོར་ཅི་འདྲ་མང་ན་རིམ་པ་དེ་འདྲ་མཐོ་ལ་དབང་ཆ་ཡང་དེ་ལྟར་ཆེ་བ་དང་། སྤྱི་དམངས་ཚོགས་ཆེན་ནི་ཆེས་མཐོའི་སྲིད་འཛིན་ལས་ཁུངས་སུ་གྱུར་ཅིང་། རིམ་པ་སོ་སོའི་སྤྱི་དམངས་ཚང་མ་དེར་ཞུགས་ཆོག་པ། མི་གྲངས་བཞི་བརྒྱའི་གྲོས་དོན་ཚོགས་པ་བཙུགས་ཤིང་། རིམ་པ་གསུམ་གྱི་སྤྱི་དམངས་ཚང་མ་དེའི་ནང་དུ་གདམ་ཆོག་པ། སྤྱི་དམངས་འདྲི་གཅོད་ལས་རོགས་ཀྱི་ཁྲིམས་ཁང་བཙུགསས་པ། བུན་ཚབ་བྲན་གཡོག་ལམ་ལུགས་དོར་བ་སོགས་བྱས། བཅོས་སྒྱུར་དེས་གདུང་རྒྱུད་རྙིང་བི་སྐུ་དྲག་གི་རྒྱུད་འཛིན་ཁྱད་དབང་ལ་གཡོ་འགུལ་བཏང་པ་དང་། སྤྱི་དམངས་ཀྱི་དམངས་གཙོའི་དབང་ཆར་འགན་སྲུང་བྱས་ཏེ་ཨ་ཐེན་སིའི་དམངས་གཙོའི་ཆབ་སྲིད་ལ་རྨང་གཞི་གཏིང་། 

སྤྱི་ལོ་སྔོན་གྱི་དུས་རབས6པའི་དུས་མཇུག་ཏུ་སྲིད་སྐྱོང་དཔོན་པོ་ཁོ་ལི་སི་ཐི་ཉི་བྱ་བས་མུ་མཐུད་དུ་བཅོས་སྒྱུར་བྱས་ཏེ། ཁོས་ས་ཁུལ་ཚོ་ཤོག་བཙུགས་ཤིང་ཚོ་ཤོག་རེ་སྡེ་ཚན་དུ་བགོས་ནས་འདེམ་སྐོ་བྱས་པ་དང་། མི་ལྔ་བརྒྱའི་གྲོས་དོན་ཚོགས་པ་བཙུགས་ནས་ཚོ་ཤོག་སོ་སོས་སྲིད་སྐྱོང་རེས་བྱེད་པ། ཚོ་ཤོག་རེས་དམག་དཔོན་རེ་བདམས་ནས་དམག་དཔོན་བཅུའི་ཨུ་ཡོན་ལྷན་ཁང་གྲུབ་པ། མུ་མཐུད་དུ་སྤྱི་དམངས་ཚོགས་ཆེན་གྱི་དབང་ཆ་ཇེ་ཆེར་བཏང་། བཅོས་སྒྱུར་ཐེངས་དེས་གདུང་རྒྱུད་རྙིང་བའི་སྐུ་དྲག་གི་ཁྱད་དབང་ཧ་ལམ་མེད་པར་བཟོས་ཤིང་། སྤྱི་དམངས་ཀྱི་སྲིད་ཞུགས་དབང་ཆ་སྔར་མེད་རྒྱ་བསྐྱེད་དེ་ཨ་ཐེན་སིའི་དམངས་གཙོའི་ཆབ་སྲིད་དངོས་སུ་ཚུགས། 

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-09-27

གསར་སྤེལ་མཁན། :གདུགས་དཀར་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།