དཔོན་རིགས་འདེམ་བསྐོའི་ལམ་ལུགས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

དཔོན་རིགས་འདེམ་བསྐོའི་ལམ་ལུགས་ནི་ཆབ་སྲིད་ལམ་ལུགས་ཀྱི་གྲུབ་ཆ་གཙོ་བོ་ཞིག་ཡིན་ལ། ཧན་རྒྱལ་རབས་ནས་ཡོན་རྒྱལ་རབས་བར་གྱི་དཔོན་རིགས་ལམ་ལུགས་འཕེལ་རྒྱས་དང་འཐུས་ཚང་དུ་གྱུར་པ་དེས། ཀྲུང་གོའི་གནའ་རབས་ཆབ་སྲིད་ལམ་ལུགས་ཀྱི་ཁྱད་ཆོས་དང་དེའི་དོ་དམ་གྱི་ཆུ་ཚད་མངོན་པར་མཚོན་ཡོད།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
དཔོན་རིགས་འདེམ་བསྐོའི་ལམ་ལུགས།
རྒྱ་ཡིག་གི་མིང་།
官僚选拔制
1 དཔོན་རིགས་འདེམ་བསྐོའི་འགྱུར་ལྡོག

ཕྱོགས་ཡོངས་ནས་འཇོན་ཐང་ཅན་བསྡུ་ལེན་དང་དོ་དམ་བྱེད་པའི་ཆེད་དུ། ཧན་རྒྱལ་རབས་ཀྱིས་དཔོན་རིགས་འདེམ་བསྐོ་བྱེད་སྐབས་གཙོ་བོ་བརྟག་དཔྱད་དང་འོས་སྦྱོར་ལམ་ལུགས་ལག་བསྟར་བྱས། རྒྱལ་ཕྲན་རྒྱལ་ཁབ་ཀྱིས་གོང་མ་ཧན་ཝུའུ་ཏིའི་བཀའ་ལྟར་ལོ་རེར་མི་ཡ་རབས་བློ་དཀར་ཅན་ཞིག་འོས་སྦྱོར་བྱས་ཏེ། འཇོན་ཐང་ཅན་འདེམ་བསྐོ་བྱེད་པའི་ལམ་ལུགས་བཙུགས། ཡ་རབས་བློ་དཀར་ཅན་ནི་དཔོན་རིགས་ཆེ་མ་ཆུང་གསུམ་དཔོན་པོར་འདུག་པའི་ཆ་རྐྱེན་གཙོ་བོ་ཡིན། 

ཝེ་དང་ཅིན། ལྷོ་བྱང་རྒྱལ་རབས་བཅས་ཀྱི་སྐབས་སུ། གོང་མའི་སྲིད་གཞུང་གི་དཔོན་གནས་གལ་ཆེན་མང་ཆེ་བ་དཔོན་རྒྱུད་སྐུ་དྲག་གིས་ཁུར་ཡོད་ལ། དཔོན་རིགས་འདེམ་བསྐོ་བྱེད་པར་རིམ་དགུའི་དཔོན་འདེམ་ལམ་ལུགས་ལག་བསྟར་བྱས། ལམ་ལུགས་དེའི་འོག་ཏུ། དཔོན་རྒྱུད་སྐུ་དྲག་གི་བུ་ཕྲུག་དག་ནི་རིགས་རུས་མཐོ་བར་བརྟེན་ནས་ལམ་སང་དཔོན་ལམ་དུ་ཞུགས་ཐུབ། དེའི་རྐྱེན་གྱིས་ཁོ་ཚོས་ནམ་ཡང་ནུས་པ་མཐོར་འདེགས་བྱེད་པར་མཐོང་ཆེན་མི་བྱེད། སྐྱེ་ཁུངས་རིགས་རུས་དམའ་བར་དོན་ངོ་མར་ཤེས་ཡོན་ལྡན་ནའང་། ཀྲུང་དབྱང་དང་ས་གནས་ཀྱི་དཔོན་གནས་མཐོན་པོར་བསྐོ་མི་ཐུབ། རྒྱུད་འཛིན་དཔོན་རྒྱུད་སྐུ་དྲག་ཉམས་དམས་སུ་གྱུར་པ་དང་བསྟུན་ནས། རིགས་རུས་ལ་བརྟེན་ནས་དཔོན་རིགས་འདེམ་བསྐོ་བྱེད་པའི་རིམ་དགུའི་དཔོན་འདེམ་ལམ་ལུགས་དེའི་རྒྱུན་སྐྱོང་ཐབས་མེད་པར་གྱུར། 

སུའེ་རྒྱལ་རབས་ཀྱི་སྐབས་སུ། གོང་མ་སུའེ་ཝུན་ཏིས་རིམ་དགུའི་དཔོན་འདེམ་ལམ་ལུགས་དོར་ནས། རིག་ཚན་ཕྱེས་ཏེ་རྒྱུགས་ལེན་པའི་ཐབས་ལ་བརྟེན་ནས་དཔོན་རིགས་འདེམ་བསྐོ་བྱེད་པའི་འགོ་ཚུགས། གོང་མ་སུའེ་དབྱང་ཏིའི་སྐབས་སུ་སྲིད་གཞུང་གིས་ཐོག་མར་ཅིང་ཧྲི་སྡེ་བཙུགས་ཏེ། ཚན་འབྱེད་རྒྱུགས་འདེམ་ལམ་ལུགས་བྱུང་། དེ་ནས་བཟུང་ཐང་སུང་ཡོན་རྒྱལ་རབས་སོ་སོས་ཚན་འབྱེད་རྒྱུགས་འདེམ་ལམ་ལུགས་ཀྱི་རྒྱུན་བསྐྱངས་པ་དང་ལམ་ལུགས་དེ་རྒྱལ་རབས་རིམ་བྱོན་གྱིས་བཀོལ་སྤྱོད་རྒྱུན་མཐུད་བྱས་ཤིང་ཤུགས་རྐྱེན་གཏིང་ཟབ་མོ་བཞག་ཡོད། 

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-09-27

གསར་སྤེལ་མཁན། :གདུགས་དཀར་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།