བདེ་སྐྱིད་ཐང་། ནི་མིང་གཅིག་དོན་མང་ལ་འཇུག་སྟེ། དེར་དོན་གྱི་འཇུག་ཚུལ3ཡོད།

བདེ་སྐྱིད་ཐང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།
(མཚོ་ལྷོ་ཁུལ་གསེར་ཆེན་རྫོང་ཆབ་ཆ་གྲོང་རྡལ་གྱི་ཐང་ཞིག)

བདེ་སྐྱིད་ཐང་།
བདེ་སྐྱིང་ཐང་ནི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གསེར་ཆེན་རྫོང་ཆབ་ཆ་གྲོང་རྡལ་སྲིད་གཞུང་གི་བྱང་ཤར་ཕྱོགས་སུ་སྤྱི་ལེ2ཙམ་གྱི་མཚམས་ན་ཡོད་ཅིང་། 1980ལོར་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གིས་ཐེངས་དང་པོར་མཚོ་ལྷོར་ཞབས་ཀྱི་པདྨོ་བཀོད་དུས། མཚོ་ལྷོའི་དད་ལྡན་མང་ཚོགས་ཁྲི་ཕྲག་དུ་མས་ཁོང་ལ་མཇལ་ཕྱག་ཞུས་ས་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
幸福滩 德吉滩
སྲིད་འཛིན་ཁོངས་གཏོགས།
མཚོ་ལྷོ་ཁུལ་གསེར་ཆེན་རྫོང་ཆབ་ཆ་གྲོང་རྡལ།
གནས་ཡུལ།
ཆབ་ཆ་གྲོང་རྡལ་སྲིད་གཞུང་གི་བྱང་ཤར་ཕྱོགས་སུ་སྤྱི་ལེ2ཙམ་གྱི་མཚམས།
1 ངོ་སྤྲོད་གནད་བསྡུས།

ཐང་འདི་ནི་ཆབ་ཆ་གྲོང་རྡལ་སྲིད་གཞུང་གི་བྱང་ཤར་ཕྱོགས་སུ་སྤྱི་ལེ2ཙམ་གྱི་མཚམས་ན་ཡོད། སྔོན་དུས། ཐང་འདི་ནི་རྩི་ཏོག་ཐ་ཐོར་ཙམ་ལས་སྐྱེས་མེད་ས་ཞིག་ཡིན་པའི་ཁར། ཐང་འདིའི་ས་མདོག་ཀྱང་སྐྱ་ཤས་ཆེ་བ་ཞིག་ཡིན་པས་ཀུན་གྱིས་འདི་ལ་ཐང་ཧྲེ་རུའུ(སྲེ་རུལ)ཟེར། ཐང་ཧྲེ་རུའུ་ནི1980ལོར་པཎ་ཆེན་སྐུ་ཕྲེང་བཅུ་བ(1938-1989)མཆོག་གིས་ཐེངས་དང་པོར་མཚོ་ལྷོར་ཞབས་ཀྱི་པདྨོ་བཀོད་དུས། མཚོ་ལྷོའི་དད་ལྡན་མང་ཚོགས་ཁྲི་ཕྲག་དུ་མས་ཁོང་ལ་མཇལ་ཕྱག་ཞུས་ས་ཡིན་ཞིང་། ཁོང1987ལོར་ཐེངས་གཉིས་པར་ས་འདིར་ཕེབས་དུས། ཁོང་གིས་ཐང་འདི་ལ་བདེ་སྐྱིད་ཐང་ཞེས་མིང་གསར་བ་ཞིག་འདོགས་གནང་མཛད།

1989ལོར། པཎ་ཆེན་རིན་པོ་ཆེའི་སྐུ་མྱ་ངན་ལས་འདས་རྗེས། མཚོ་ལྷོའི་རིགས་སོ་སོའི་མང་ཚོགས་ཀྱིས་རྣམ་པ་མི་འདྲ་བར་བརྟེན་ནས་མྱ་ངན་ཞུ་བའི་བྱ་འགུལ་སྤེལ་ཅིང་།  1990ལོར། མཚོ་ལྷོ་ཁུལ་ནང་བསྟན་མཐུན་ཚོགས་ཀྱིས་རྒྱ་ཆེ་བའི་དད་ལྡན་མང་ཚོགས་ཀྱི་རེ་འདུན་ལྟར། ཁུལ་ཨུ་ལ་བདེ་སྐྱིད་ཐང་དུ་པཎ་ཆེན་རྗེས་དྲན་མཆོད་རྟེན་བཞེངས་རྒྱུའི་རེ་བ་ཞུས་པར། མཚོ་ལྷོ་ཁུལ་ཨུས་ཆོག་མཆན་བཀོད་པ་བརྒྱུད་ནས། བདེ་སྐྱིད་ཐང་དུ་ད་ལྟའི“པཎ་ཆེན་རྗེས་དྲན་མཆོད་རྟེན”འདི་ཉིད་བཞེངས།  དེ་རྗེས། དད་ལྡན་མང་ཚོགས་ཀྱིས“པཎ་ཆེན་མཆོད་རྟེན”ལ་ཕུལ་བའི་འབུལ་བར་བརྟེན་ནས། ལོ་རེར་གཙུག་ལག་ཁང་རེ་བཞེངས་ཏེ་ལོ་ངོ་ཉི་ཤུ་ཙམ་གྱི་རིང་རིམ་གྱིས་འཕེལ་རྒྱས་སུ་སོང་ནས་ད་ལྟའི“པཎ་ཆེན་བདེ་སྐྱིད་དགོན་པ”འདི་ཉིད་ཆགས་པ་ཡིན།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-09-04

གསར་སྤེལ་མཁན། :བདེ་ཆེན་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།