འབོ་གསེར་དངུལ་ཁང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

འབོ་གསེར་དངུལ་ཁང་།
འབོ་གསེར་རྒྱལ་ཁབ་ཀྱི་གསར་སྤེལ་དངུལ་ཁང་གསར་པ་སྟེ། མིང་གཞན་ལ་འབོ་གསེར་དངུལ་ཁང་ཟེར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
金砖国家新开发银行
ཕྱི་ཡིག་གི་མིང་།
New Development Bank
སྤྱི་ཁྱབ་པུའུ།
ཧྲང་ཧའེ།
འགོ་ཚུགས་པའི་དུས་ཚོད།
སྤྱི་ལོ2014ལོའི་ཟླ7པའི་ཚེས15ཉིན།
དངུལ་ཁང་གི་འགོ་དཔོན།
ཝ་མཱན་ཁ་མ་ཐེ།
རྒྱལ་ཁབ།
ལྷོ་ཨ་ཧྥེ་རི་ཁ། ཀྲུང་གོ། རྒྱ་གར། ཨུ་རུ་སུ། པར་ཙིར།
1 ​ངོ་སྤྲོད།

འབོ་གསེར་དངུལ་ཁང་ནི། འབོ་གསེར་རྒྱལ་ཁབ་ཀྱི་གསར་སྤེལ་དངུལ་ཁང་གསར་པའི་མིང་གཞན་ལ་འབོ་གསེར་དངུལ་ཁང་ཟེར། དེ་ནི་སྤྱི་ལོ་2012ལོར་བཏོན་པ་ཡིན། དམིགས་ཡུལ་ནི་དངུལ་རྩའི་ཉམས་ཉེན་བྱུང་བ་ནས་བཟུང་། འབོ་གསེར་རྒྱལ་ཁབ་ཀྱིས་རེས་སྐོར་རྗེས་མའི་དངུལ་རྩའི་ཉམས་ཉེན་ཁྲོད་དངུལ་ལོར་བརྟན་པོ་མ་བྱུང་བར་ཐེབས་པའི་ཤུགས་རྐྱེན་དོགས་ཟོན་དང་། ཐུན་མོང་གི་འཆར་གཞིའི་ཐོག་དངུལ་རྩའི་བདེ་འཇགས་དྲ་བ་ཞིག་འཛུགས་རྒྱུ་དང་། མ་དངུལ་གསོག་འཇོག་དེ་འདི་ལ་བརྟེན་ནས་ཁག་ཅིག་ཕྱི་རྒྱལ་གྱི་དངུལ་ལོར་ལ་བརྗེས་ཆོག་པའི་རྣམ་པ་ཞིག་ཡིན།

2 རྒྱབ་ལྗོངས།

སྤྱི་ལོ2015ལོའི་ཟླ7པའི་ཚེས21ཉིན། འབོ་གསེར་རྒྱལ་ཁབ་ཀྱི་གསར་སྤེལ་དངུལ་ཁང་གསར་པ་ལས་གཉེར་བྱེད་འགོ་ཚུགས་པ་དང་། སྤྱི་ལོ2017ལོའི་ཟླ9པའི་ཚེས4ཉིན། རང་རྒྱལ་གྱིས་འབོ་གསེར་རྒྱལ་ཁབ་ཀྱི་གསར་སྤེལ་དངུལ་ཁང་གསར་པས་རྣམ་གྲངས་ཀྱིས་ཐེབས་རྩ་ཞལ་འདེབས་ཕུལ་བའི་གྲ་སྒྲིག་མཛད་སྒོ་དེ་ཞ་མོན་དུ་ཚོགས་པ་དང་། ནོར་སྲིད་པུའུ་པུའུ་ཀྲང་གཞོན་པ་ཧྲི་ཡའོ་པིང་དང་གསར་སྤེལ་དངུལ་ཁང་གསར་པའི་ཧང་ཀྲང་ཁ་མ་ཐེས་ཀྲུང་གོས་ཞལ་འདེབས་བརྒྱབ་པའི་ཨ་རིའི་སྒོར་མོ་ཁྲི་བཞི་བརྒྱའི་གྲོས་མཐུན་ལ་མིང་རྟགས་བཀོད་པ་རེད།

དངུལ་རྩའི་ཉམས་ཉེན་བྱུང་བ་ནས་བཟུང་། ཨ་མེ་རི་ཁའི་དཔལ་འབྱོར་སྲིད་ཇུས་ལ་བྱུང་བའི་དབང་གིས་འཛམ་གླིང་གི་རྒྱལ་སྤྱིའི་ཚོང་རའི་མ་དངུལ་ཐད་འཕར་ཆག་ཆེན་པོ་བྱུང་། གསར་དར་ཚོང་རའི་རྒྱལ་ཁབ་བར་འཛའ་ཐང་ཡོང་བར་གནོད་སྐྱོན་ཆེན་པོ་ཐེབས། ཀྲུང་གོའི་དངུལ་འཕར་ཆག་བྱུང་བ་ཅུང་ཆུང་མོད། འོན་ཀྱང་རྒྱ་གར་དང་། ཨུ་རུ་སུ། པར་ཙིར་རྒྱལ་ཁབ་བཅས་ཀྱི་དངུལ་ལོར་གྱི་འཛའ་ཐང་ལ་ཆག་སྐྱོན་ཆེན་པོ་ཤོར་བ་བརྒྱུད། དངུལ་ལོར་འགྲེམས་ཐལ་ཤོར་བ་རེད། དེ་ཡངIMFལ་བརྟེན་ནས་རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་ཀྱིས་སྐྱོབ་རོགས་དུས་ཐོག་ཏུ་མི་བྱེད་པ་དང་བྱེད་ཤུགས་མི་འདང་བ་བཅས་ཀྱི་གནད་དོན་གནས་ཐེབས་བཞིན་ཡོད། འབོ་གསེར་རྒྱལ་ཁབ་ཀྱིས་རེས་སྐོར་རྗེས་མའི་དངུལ་རྩའི་ཉམས་ཉེན་ཁྲོད་དངུལ་ལོར་བརྟན་པོར་མ་བྱུང་བར་ཐེབས་པའི་ཤུགས་རྐྱེན་ལ་དོགས་ཟོན་བྱས། ཐུན་མོང་གི་འཆར་གཞིའི་ཐོག་དངུལ་རྩའི་བདེ་འཇགས་དྲ་བ་བསྐྲུན་དགོས། དངུལ་ལོར་བརྟན་པོར་མ་བྱུང་ཚེ།  མ་དངུལ་གསོག་འཇོག་དེ་འདི་ལ་བརྟེན་ནས་ཁག་ཅིག་ཕྱི་རྒྱལ་གྱི་དངུལ་ལོར་ལ་བརྗེས་ཆོག་པའི་རྣམ་པ་ཞིག་ཡིན།

འཕྲལ་སྡོམ་གསོག་འཇོག་ཐེབས་རྩ་དེ་ནི་ཀྲུང་གོས་བཏོན་པའི་གྲོས་གཞི་གཙོ་བོ་ཞིག་ཡིན་ལ། དེ་ནི་འབོ་གསེར་རྒྱལ་ཁབ་ཀྱི་དུས་ཐུང་དངུལ་རྩའི་ཉམས་ཉེན་ཐག་གཅོད་བྱ་ཆེད། རོགས་སྐྱོར་བྱེད་ཐབས་ཤིག་ཡིན་པ་ལས་ཁེ་སྤོགས་ལམ་སྲོལ་འཛུགས་བྱེད་པ་ཞིག་མིན། འཕྲལ་སྡོམ་གསོག་འཇོག་ཐེབས་རྩའི་མཚོན་བྱེད་རང་བཞིན་གྱི་ཁ་ཤས་ལ་དོན་སྙིང་ཆེན་པོ་ལྡན་པ་རེད། འབོ་གསེར་རྒྱལ་ཁབ་ཀྱི་གོང་འཕེལ་ཡིན་པའི་དབང་དུ་བཏང་ན། ཡང་ཇེ་དལ་དུ་སོང་བ་རེད། ཡང་དེ་ཨ་མེ་རི་ཁའི་ལས་དོན་འཕར་ཚད་དང་བསྡུར་ན་ལྡབ3ཡིས་མཐོ་རུ་སོང་ཡོད་པ་རེད།

3 འཕེལ་རྒྱས་ཀྱི་བརྒྱུད་རིམ།

འབོ་གསེར་རྒྱལ་ཁབ་གསར་སྤེལ་དངུལ་ཁང་གི་མཚན་ཉིད་ནི་སྤྱི་ལོ2012ལོར་བཏོན་པ་རེད། ལོ་དེར་དབྱིན་ཇིའི《དངུལ་རྩའི་ཚགས་པར》གྱི་གདེང་འཇོག་ཁྲོད་འདི་ལྟར་བཀོད་ཡོད་དེ། འབོ་གསེར་རྒྱལ་ཁབ་ཀྱི་གསར་སྤེལ་དངུལ་ཁང་ནི་སྤྱི་ལོ1991ལོའི་ཡོ་རོབ་བསྐྱར་དར་གསར་སྤེལ་དངུལ་ཁང་བཙུགས་པའི་རྗེས་ཀྱི་ཕྱོགས་མང་དངུལ་བུན་གཏོང་བའི་གལ་ཆེན་གྱི་ལས་ཁུངས་ཨང་དང་པོ་དེ་ཡིན།

སྤྱི་ལོ2014ལོའི་ཟླ7པའི་ཚེས15ནས་ཚེས16ཉིན་བར། འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་ཐུག་འཕྲད་ཐེངས་དྲུག་པ་པར་ཙིར་དུ་འཚོགས་པ་རེད།

སྤྱི་ལོ2014ལོའི་ཟླ11པའི་ཚེས15ཉིན། བློ་མཐུན་ཞི་ཅིན་ཕིང་སྔ་གཞུག་ཏུ་རྒྱལ་ཁབ་ཉི་ཤུའི་པོ་ལི་སི་པན་དབུ་ཚོགས་སུ་ཞུགས་པ་དང་། ཁོང་པར་ཙིར་དང་། ཨུ་རུ་སུ། རྒྱ་གར། ལྷོ་ཨ་ཧྥེ་རི་ཁ་སོགས་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་དང་ཐུག་འཕྲད་བྱས།

སྤྱི་ལོ2014ལོའི་ཟླ7པའི་ཚེས15ཉིན། འབོ་གསེར་རྒྱལ་ཁབ་ཀྱིས《ཕུའུ་ཐ་ལའེ་སའི་བསྒྲགས་གཏམ》ཞེས་པ་ཁྱབ་བསྒྲགས་བྱས། འབོ་གསེར་རྒྱལ་ཁབ་ཀྱི་གསར་སྤེལ་དངུལ་ཁང་གསར་པའི་ཐོག་མའི་མ་དངུལ་ནི་ཨ་སྒོར་དུང་ཕྱུར 1000ཟིན་པ་དང་། དངུལ་ཁང་འཚུགས་མཁན་ཁོངས་མི་ལྔ་ཡིས་ཆ་སྙོམས་ཐོག་མ་རྩ་བཏང་བ་དང་། སྤྱི་ཁྱབ་པུའུ་ཀྲུང་གོའི་ཧྲང་ཧེ་རུ་བཙུགས། སྤྱི་ལོ2014ལོའི་ཟླ12པར། སྔོན་དཔགས་བྱས་པ་ལྟར་ན་སྤྱི་ལོ2016ལོར་སྤྱོད་འགོ་ཚུགས་པའི་འབོ་གསེར་རྒྱལ་ཁབ་ཀྱི་གསར་སྤེལ་དངུལ་ཁང་གི་སྤྱི་ཁྱབ་པུའུ་རིམ་བཞིན་གླིང་ཁུལ་ནང་ཞིབ་ཕྲའི་གནས་ཡུལ་འདེམས་སྒྲིག་བྱེད་ཀྱིན་ཡོད་པ་རེད།

སྤྱི་ལོ2017ལོའི་ཟླ9པའི་ཚེས4ཉིན། ཀྲུང་གོས་འབོ་གསེར་རྒྱལ་ཁབ་ཀྱི་གསར་སྤེལ་དངུལ་ཁང་གསར་པས་རྣམ་གྲངས་ཀྱི་ཐེབས་རྩ་ཞལ་འདེབས་ཕུལ་བའི་གྲ་སྒྲིག་མཛད་སྒོ་དེ་ཞ་མོན་དུ་བསྡུས། ནོར་སྲིད་པུའི་པུའུ་ཀྲང་གཞོན་པ་ཧྲི་ཡའོ་ཝིང་དང་གསར་སྤེལ་དངུལ་ཁང་གསར་པའི་ཧང་ཀྲང་ཁ་མ་ཐེས་ཀྲུང་གོས་ཞལ་འདེབས་ཕུལ་བའི་ཨ་སྒོར་ཁྲི400གྲོས་མཐུན་ལ་མིང་རྟགས་བཀོད་པ་རེད། ཀྲུང་གོ་ནི་ཐོག་མར་རྣམ་གྲངས་འདིར་ཐེབས་རྩ་མ་དངུལ་ཐོག་མར་ཞལ་འདེབས་ཕུལ་མཁན་གྱི་ཁོངས་མིའི་རྒྱལ་ཁབ་གཙོ་བོ་ཡིན།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-10-25

གསར་སྤེལ་མཁན། :བོན་སྐོར་པད་མ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།