ཡོམ་མཚུངས་ཐིག
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཡོམ་མཚུངས་ཐིག
ས་འགུལ་ཐེངས་གཅིག་ཁྲོད་ས་གཡོའི་དྲག་ཚད་འདྲ་མཚུངས་ས་གནས་ཁག་ལ་སྦྲེལ་བའི་ཐིག་དང་། ཡང་ན་ས་གཡོའི་དྲག་ཚད་ཁུལ་མི་འདྲ་བའི་འབྲེལ་མཚམས་ཐིག་སྟེ། ས་ཡོམ་ཐིག་ལ་དུས་རྒྱུན་དུ་ཁ་ཟུམ་འཁྱོག་ཐིག་ཟེར་ལ། དེ་ནི་ཡོམ་ལྟེ་བསྐོར་ནས་ལྟེ་བའི་མཚུངས་ཐིག་ཟླུམ་དབྱིབས་ལྟར་མངོན་ནས་ཁྱབ་པ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
等震线
ཕྱི་ཡིག་གི་མིང་།
isoseismal line
1 ​རྒྱས་འགྲེལ།

ཡོམ་མཚུངས་ཐིག་ཅེས་པ་ནི་ས་འགུལ་ཐེངས་གཅིག་ཁྲོད་ས་གཡོའི་དྲག་ཚད་འདྲ་མཚུངས་ས་གནས་ཁག་ལ་སྦྲེལ་བའི་ཐིག་དང་། ཡང་ན་ས་གཡོའི་དྲག་ཚད་ཁུལ་མི་འདྲ་བའི་འབྲེལ་མཚམས་ཐིག་སྟེ། ས་ཡོམ་ཐིག་ལ་དུས་རྒྱུན་དུ་ཁ་ཟུམ་འཁྱོག་ཐིག་ཟེར་ལ། དེ་ནི་ཡོམ་ལྟེ་བསྐོར་ནས་ལྟེ་བའི་མཚུངས་ཐིག་ཟླུམ་དབྱིབས་ལྟར་མངོན་ནས་ཁྱབ་པ་ཡིན། ཡོམ་ལྟེ་ཁུལ་གྱི་དྲག་ཚད་ཆེས་མཐོ་བ་ཡིན་ལ། ཕྱོགས་བཞིར་རིམ་གྱིས་ཇེ་དམའ་རུ་འགྲོ་བཞིན་ཡོད། ཡོམ་ལྟེ་མདའ་རིང་གི་ཁ་ཕྱོགས་ཀྱིས་སྤྱི་བཏང་ས་ཡོམ་ཆད་རིམ་ཁ་ཕྱོགས་མཚོན་པ་ཡིན། ཡོམ་མཚུངས་ཐིག་སོ་སོའི་བར་ཐག་ནི་འགུལ་རིམ་དང་། ཡོམ་ཁུངས་ཀྱི་དྲག་ཚད་དང་འབྲེལ་བ་དམ་ཟབ་ཡོད། སྤྱིར་བཏང་དུ་ཡོམ་ཁུངས་ཀྱི་དྲག་ཚད་ཇི་ཙམ་ཆེ་ན་ཡོམ་མཚུངས་ཐིག་སོ་སོའི་བར་ཐག་དེ་ཙམ་ཆེ་བ་དང་། ཡོམ་མཚུངས་ཐིག་ནི་ས་འགུལ་བྱུང་རྗེས་སུ་སྤྱི་ཁོག་བརྟག་དཔྱད་བྱས་པ་བརྒྱུད་ནས་ཐག་བཅད་པའི་དཔྱད་འབྲས་ཡིན། ཡོམ་མཚུངས་ཐིག་འབྲི་འགོད་བྱས་པའི་དཔེ་རིས་དེ་ལ་ཡོམ་མཚུངས་ཐིག་རིས་ཟེར། ཡོམ་མཚུངས་ཐིག་གི་རྣམ་པ་སོགས་དཔྱད་གཞིའི་ཡིག་རིགས་ལ་གཞིགས་ནས་ཡོམ་ལྟེ་དང་ས་ཡོམ་གྱི་རིམ་ཚད་ཚོད་རྩིས་བྱེད་པ་དང་། ཡོམ་ཁུངས་ཀྱི་དྲག་ཚད་དང་། ས་ཡོམ་ཆད་རིམ་ཁ་ཕྱོགས་སོགས་གཏན་འཁེལ་བྱེད་ཐུབ།

2 ཤུགས་རྐྱེན་ཐེབས་པའི་རྒྱུ་རྐྱེན།

ཡོམ་མཚུངས་ཐིག་གི་དབྱིབས་ནི་ས་ཡོམ་གྲུབ་ཚུལ་གྱི་གས་སྲུབས་ས་རྒྱུད་དང་ས་ངོས་གས་ཆད་དང་འབྲེལ་བ་དམ་ཟབ་ཡོད་པ་མ་ཟད། ས་དབྱིབས་དང་ས་གཤིས་སོགས་ཀྱི་ཆ་རྐྱེན་ལའང་འབྲེལ་བ་དམ་པོ་ཡོད། དེ་ཡང་ཡོམ་མཚུངས་ཐིག་རིས་མང་ཆེ་བ་ནི་འཇོང་དབྱིབས་ཀྱི་རྣམ་པར་སྣང་མོད། ཡིན་ཡང་དོན་དངོས་ཐོག དེ་ནི་འཛུགས་སྐྲུན་དངོས་རྫས་ཀྱི་ཁྱད་པར་དང་ས་གཤིས་དང་། ས་རྒྱུ་སོགས་རྒྱུ་རྐྱེན་དུ་མའི་དབང་གིས་ཡོམ་མཚུངས་ཐིག་ལ་ལ་ནི་ངེས་བརྟན་མེད་པའི་ཁ་ཟུམ་འཁྱོག་ཐིག་ཅིག་ཡིན། ཡོམ་མཚུངས་ཐིག་གི་འབྱུང་རྐྱེན་དང་གཞི་གྲངས་ནི་ས་གཡོའི་དྲག་ཚད་ལ་རག་ལས།  

ས་འགུལ(earthquake)ནི་སའི་གོ་ལའི་ཕྱི་ངོས་མགྱོགས་མྱུར་ངང་འདར་འགུལ་བྱེད་པ་སྟེ། གནའ་བོའི་དུས་སུ་དེ་ལ་ས་གཡོས་ཞེས་ཀྱང་ཟེར། དེ་ནི་རླུང་རྒྱུ་བ་དང་། ཆར་འབབ་པ། གློག་འཁྱུག་པ། རི་ཉིལ་བ། མེ་རིའི་ཉེན་ཁ་སོགས་དང་འདྲ་བར་སའི་གོ་ལའི་སྟེང་དུས་རྒྱུན་བྱུང་བའི་རང་བྱུང་གི་སྣང་ཚུལ་ཞིག་ཡིན། ས་འགུལ་རང་སྟེང་གི་ཆེ་ཆུང་དེ་ས་ཡོམ་གྱི་ཚད་རིམ་ལ་བརྟེན་ནས་མཚོན་པ་དང་། ས་འགུལ་རྒྱུག་སྐབས་ཀྱི་ས་ངོས་འདར་འགུལ་གྱི་དྲག་ཞན་ཚད་ལ་ས་གཡོའི་དྲག་ཚད་ཟེར།  

ས་ཡོམ་ཚད་རིམ་གྱིས་ས་འགུལ་རང་སྟེང་གི་དྲག་ཞན་ཆེ་ཆུང་མཚོན་ལ། དེ་ནི་ས་འགུལ་བྱུང་སྐབས་ཀྱི་ས་ཡོམ་འགུལ་རླབས་ནུས་ཚད་ཀྱིས་ཐག་གཅོད་པ་ཡིན། ས་ཡོམ་གྱི་དྲག་ཚད་ནི་ས་འགུལ་ཐེངས་གཅིག་ཁྲོད་ས་བབ་དང་བསྟུན་ནས་འགྱུར་བ་ཡིན་ལ། དེ་ལ་ས་ཁུལ་གཅིག་གི་ས་བབ་མི་འདྲ་བའི་རང་བྱུང་གི་སྣང་ཚུལ་དང་མིའི་རིགས་ཀྱི་རང་བྱུང་ཁམས་ལ་སྐྲུན་པའི་ཆ་རྐྱེན་མི་འདྲ་བས་ཤུགས་རྐྱེན་ཐེབས་བཞིན་ཡོད། ས་འགུལ་གྱི་རིམ་ཚད་མཚུངས་པའི་ས་ཡོམ་ལ་མཚོན་ནས་བཤད་ན། གལ་ཏེ་ས་འགུལ་འབྱུང་ཁུངས་ཇི་ལྟར་གཏིང་ཐུང་ན། ཡོམ་ལྟེ་དང་བར་ཐག་དེ་ལྟར་ཐུང་ལ། དྲག་ཚད་ཆེས་མཐོ་བ་ཡིན།  དེ་བཞིན་དུ་ས་ཁུལ་ཞིག་གི་ས་གཤིས་ཆགས་ཚད་བརྟན་རླིང་ཡིན་མིན་དང་། ས་གཤིན་ཆགས་གྲུབ་བརྟན་པོ་ཡིན་མིན། སྡོད་ཁང་དང་བཟོ་བཀོད་ཀྱི་རྒྱུ་ཆ་སྲ་བརྟན་ཡིན་མིན་སོགས་ནི་ས་ཁུལ་དེའི་ས་ཡོམ་དྲག་ཚད་ཀྱི་མཐོ་དམའ་དང་འབྲེལ་བ་དམ་ཟབ་ཡོད། ས་གཡོའི་དྲག་ཚད་དེ་ནི་ས་འགུལ་རིམ་ཚད་དང་འབྲེལ་བ་ཡོད་པ་མ་ཟད། དུས་མཚུངས་སུ་ད་དུང་ས་འགུལ་འབྱུང་ཁུངས་གཏིང་ཟབ་ཚད་དང་། ཡོམ་ལྟེ་ཡི་བར་ཐག་གི་རིང་ཐུང་དང་འབྲེལ་བ་ཡོད་ལ། ས་ཡོམ་གྱི་འགུལ་རླབས་བརྒྱུད་དུས་བར་རྫས་ཀྱི་ཆ་རྐྱེན་གཞན་དག(དཔེར་ན། བྲག་རྡོ་ཀྱི་ངོ་བོ་དང་། བྲག་རྡོའི་ཆགས་སྟངས)དང་བར་འབྲེལ་བ་ཡོད།  སྤྱིར་བཏང་ས་འགུལ་བྱུང་བ་ཆུང་བ་དང་ས་འགུལ་གྱི་རིམ་ཚད་མཐོ་བའི་ས་ཡོམ་ཡིན་ན། ས་བབ་ལ་གཏོར་བཤིག་ཐེབས་ཚུལ་ཅུང་ཆུང་བ་ཡིན། གལ་ཏེ་ས་འགུལ་རྒྱུག་པའི་ས་ཁུལ་ལ་གཏོར་བཤིག་ཐེབས་ཚུལ་ཚབས་ཆེ་ན། ས་འགུལ་འབྱུང་ཚད་ཀྱི་དུས་ཡུན་རིང་བ་དང་། ས་འགུལ་གྱི་རིམ་ཚད་མཐོ་བ་དང་། ཤུགས་རྐྱེན་ཐེབས་པའི་རྒྱ་ཁྱོན་ཀྱང་རྒྱ་ཆེ་བ་ཡིན། ཡིན་ཡང་ཡོམ་ལྟེ་ཡི་དྲག་ཚད་ནི་དེ་འདྲའི་མཐོ་བ་མ་ཡིན་ནོ། །

3 འཕེལ་རྒྱས་དང་ཉེར་སྤྱོད།

1.མིག་སྔར་རང་རྒྱལ་གྱིས་བེད་སྤྱོད་ཆེས་མང་བའི་ས་འགུལ་དྲག་ཚད་ཉམས་ཆག་དཔེ་དབྱིབས་ནི་གཙོ་བོ་འཇོང་སྒོར་ཉམས་ཆག་གི་དཔེ་དབྱིབས་ཡིན་ལ། དཔེ་དབྱིབས་འདིས་དྲག་ཚད་ཆེ་བའི་ཡོམ་མཚུངས་ཐིག་དང་དྲག་ཚད་འབྲིང་བའི་ཡོམ་མཚུངས་ཐིག་གི་རིགས་ཞིབ་བརྗོད་བྱས་ན་ཅུང་འོས་འཚམས་ཡིན། ཆད་རིམ་རིང་ཚད་ཅུང་ཆེ་བའི་ས་ཡོམ་དྲག་པོའི་ས་ཁུལ་ཞིབ་བརྗོད་བྱེད་པར་དེ་འདྲའི་འོས་འཚམས་མིན་ལ་བར་ཁྱད་ཧ་ཅང་ཆེན་པོ་ཡོད། ས་འགུལ་དྲག་ཚད་མཐོ་བའི་ཡོམ་ཆེན་ཡོམ་མཚུངས་ཐིག་གི་རིས་དབྱིབས་ནི་རྒྱུག་ལམ(跑道)གྱི་དཔེ་དབྱིབས་དང་མཚུངས་ལ། ཡོམ་ལྟེ་དང་ཐག་རིང་བའི་ཡོམ་མཚུངས་ཐིག་གི་རིས་དབྱིབས་ནི་འཇོང་དབྱིབས(椭圆)ཀྱི་རྣམ་པར་སྣང་། ཇི་ལྟར་རིས་དབྱིབས་རིགས་འདི་གཉིས་དུས་མཉམ་དུ་བྱུང་བའི་དྲག་ཚད་ཉམས་ཆག་རིས་དབྱིབས་ཤིག་བཟོ་རྒྱུ་ནི་མྱུར་དུ་ཐག་གཅོད་དགོས་པའི་གནད་དོན་ཞིག་ཡིན་ནོ། །  

2.རིམ་བྱུང་ལོ་རྒྱུས་ས་ཡོམ་གྱི་ཡོམ་མཚུངས་ཐིག་ནི་ས་ཁུལ་གཅིག་མཚུངས་ཀྱི་བསྡུར་ཚད་འོག་ཏུ་ཡོད་པ་མ་ཟད། ད་དུངGISལས་སྟེགས་སྟེང་གི་རིགས་མི་འདྲ་བའི་ཡོམ་མཚུངས་ཐིག་གི་རིང་ཐུང་དང་། དྲག་ཚད་ཁུལ་མི་གཅིག་པའི་ས་ཡོམ་གྱི་རྒྱ་ཁྱོན་རྩི་ཚད་ནི་གསར་གཏོད་ཀྱི་ཁག་ཅིག་ཡིན།  


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-10-25

གསར་སྤེལ་མཁན། :བོན་སྐོར་པད་མ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།