མུ་ཉི་ཆིའི་ལྐོག་གཤོམ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

མུ་ཉི་ཆིའི་ལྐོག་གཤོམ།
སྤྱི་ལོ1938ལོའི་ཟླ9པར། དབྱིན་ཇི་དང་ཧྥ་རན་སི། ལྗར་པན། དབྱི་ཐ་ལི་བཅས་རྒྱལ་ཁབ་བཞིའི་མགོ་གཙོ་ཆེམ་པོར་ལིན་དང་ཏཱ་ལ་གཏེར། ཤེ་ཐི་ལེ། མུ་སོ་ལི་ཉི་སོགས་ཀྱིས་ལྗར་པན་གྱི་མུ་ཉི་ཆི་རུ་གྲོས་ཚོགས་བསྡུས་ཏེ། ཅེ་ཁེ་སི་ལོ་ཝ་ཁི་ཡའི་འཐུས་མི་ཞུགས་མེད་པའི་གནས་ཚུལ་འོག སུའུ་ཏེ་ཐེ་སོགས་ས་ཁུལ་བཙན་ཤེད་ཀྱིས་བཅད་དེ་ལྗར་པན་ལ་སྤྲད་པའི་ཆོད་ཡིག་བཞག ལོ་རྒྱུས་སུ་ཐེངས་དེའི་གྲོས་ཚོགས་ལ་མུ་ཉི་ཆིའི་ལྐོག་གཤོམ་ཟེར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
慕尼黑阴谋
ཕྱི་ཡིག་གི་མིང་།
the Munich Crisis
འཐུས་ཞུགས་རྒྱལཁབ།
དབྱིན་ཇི་དང་ཧྥ་རན་སི། ལྗར་པན། དབྱ་ཐ་ལི། ཅེ་ཁེ་སི་ལོ་ཝ་ཁི་ཡ།
དུས་ཚོད།
སྤྱི་ལོ1938ལོའི་ཟླ9པའི་ཚེས29ནས30བར།
ས་གནས།
མུ་ཉི་ཆི།
1 ངོ་སྤྲོད།

སྤྱི་ལོ1938ལོའི་ཟླ9པར། དབྱིན་ཇི་དང་ཧྥ་རན་སི། ལྗར་པན། དབྱི་ཐ་ལི་བཅས་རྒྱལ་ཁབ་བཞིའི་མགོ་གཙོ་ཆེམ་པོར་ལིན་དང་ཏཱ་ལ་གཏེར། ཤེ་ཐི་ལེ། མུ་སོ་ལི་ཉི་སོགས་ཀྱིས་ལྗར་པན་གྱི་མུ་ཉི་ཆི་རུ་གྲོས་ཚོགས་བསྡུས་ཏེ། ཅེ་ཁེ་སི་ལོ་ཝ་ཁི་ཡའི་འཐུས་མི་ཞུགས་མེད་པའི་གནས་ཚུལ་འོག སུའུ་ཏེ་ཐེ་སོགས་ས་ཁུལ་བཙན་ཤེད་ཀྱིས་བཅད་དེ་ལྗར་པན་ལ་སྤྲད་པའི་ཆོད་ཡིག་བཞག ལོ་རྒྱུས་སུ་ཐེངས་དེའི་གྲོས་ཚོགས་ལ་མུ་ཉི་ཆིའི་ལྐོག་གཤོམ་ཟེར།

2 མུ་ཉི་ཆིའི་ཆོད་ཡིག་བཞག་པའི་ཤུགས་རྐྱེན།

ལྗར་མན་གྱིས་སྔར་བས་འཛེམ་བག་མེད་པར་ཅེ་ཁེ་སི་ལོ་ཝ་ཁི་ཡའི་མངའ་ཁོངས་ཡོངས་རྫོགས་དབང་དུ་བསྒྱུར་ཅིང་། དཔལ་འབྱོར་དང་དམག་དོན་གྱི་དངོས་སྟོབས་ཇེ་ཆེར་རྒྱས་ཏེ། བཙན་འཛུལ་རྒྱ་བསྐྱེད་པའི་གོམ་འགྲོས་ཇེ་མགྱོགས་སུ་བཏང་། སུའུ་ལེན་གྱིས་དབྱིན་ཇི་དང་ཧྥ་རན་སིར་ལྷག་ཏུ་ཡིད་མི་ཆེས་པར། རང་གི་རྒྱལ་ཁབ་ཀྱི་བདེ་འཇགས་ལ་དམིགས་ནས། སྤྱི་ལོ1939ལོའི་ཟླ8པར། ལྗར་པན་དང《སུའུ་ལྗར་བར་ཕན་ཚུན་ལ་བཙན་འཛུལ་མི་བྱེད་པའི་ཆིངས་ཡིག》བཞག

《སུའུ་ལྗར་བར་ཕན་ཚུན་ལ་བཙན་འཛུལ་མི་བྱེད་པའི་ཆིངས་ཡིག》དང་དེའི་ཟུར་བཀོད་ཀྱི་གསང་བའི་གྲོད་ཆོད་ནང་། ཕན་ཚུན་ལ་བཙན་འཛུལ་མི་བྱེད་པར་མ་ཟད། ཡོ་གླིང་ཤར་མ་རུ་མཆིས་པའི་རྒྱལ་ཁབ་གཉིས་ཀྱི་སྟོབས་ཤུགས་ཁྱབ་ཁོངས་དབྱེ་འབྱེད་གཏན་འབེབས་བྱས་ཡོད། དེ་ལྟར་ལྗར་པན་གྱིས་དམག་འཁྲུག་སྤེལ་སྐབས་འཐབ་ཕྱོགས་གཉིས་ནས་དམག་རྒྱག་པའི་སེམས་ཁྲལ་སེལ་བྱུང་བ་རེད། དུས་མཚུངས་སུ། སུའུ་ལེན་གྱིས་ཀྱང་ལྗར་དམག་གི་ཐོག་མའི་དཔུང་འཇུག་ཐེབས་པ་ལས་གཡོལ་ནས། དམག་འཁྲུག་ལ་གྲ་སྒྲིག་བྱེད་པའི་གོ་སྐབས་ཐོབ།

དེ་ནས་སྤྱི་ལོ1939ལོའི་ཟླ9པའི་ཚེས1ཉིན། ལྗར་དམག་གིས་དམག་ཤུགས་ཆེན་པོ་གཅིག་ཏུ་བསྡུས་ནས་གནམ་གྲུ་དང་ཐན་ཁེ་འབོར་ཆེན་གྱིས་གཞོགས་འདེགས་བྱས་ཏེ། ཕོ་ལན་ལ་གློ་བུར་དུ་འཇབ་རྒོལ་བྱས། ཕོ་ལན་དམག་གིས་སྟོབས་ཤུགས་ཡོད་རྒུ་བཏོན་ནས་འགོག་རྒོལ་བྱས་ཀྱང་། ཁོ་ཚོའི་གོ་མཚོན་རྙིང་ཞིང་འཐབ་རྩལ་རྗེས་ལུས་ཡིན་ཕྱིར། ལྗར་དམག་གིས་འཕྲལ་རྒོལ་དམག་འཐབ་སྤེལ་བར་ངོ་རྒོལ་བྱེད་པའི་སྟོབས་ཤུགས་ཡེ་ནས་མེད། ཕོ་ལན་དམག་བསྟུད་མར་ཕམ་ནས་ཕྱིར་བཤོལ་བྱས་པས་རྒྱལ་ཁབ་ཀྱི་མངའ་ཁོངས་མང་པོ་ཤོར། དབྱིན་ཇི་དང་ཧྥ་རན་སིས་ལྗར་མན་ལ་དམག་བརྡ་བཏང་སྟེ། འཛམ་གླིང་འཁྲུག་ཆེན་ཐེངས་གཉིས་པ་ཐོལ་གྱིས་ལངས། 


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-10-25

གསར་སྤེལ་མཁན། :བོན་སྐོར་པད་མ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།