རྒན་གསོ་ཁག་ཁུར།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རྒན་གསོ་ཁག་ཁུར།
རྒྱལ་ཁབ་དང་སྤྱི་ཚོགས་ཀྱིས་བཅའ་ཁྲིམས་དང་ཁྲིམས་སྲོལ་ངེས་ཅན་ཞིག་གཞིར་བྱས་ཏེ། ངལ་རྩོལ་པ་རྒྱལ་ཁབ་ཀྱིས་གཏན་ལ་ཕབ་པའི་ངལ་རྩོལ་འོས་འགན་ལས་གྲོལ་བའི་ལོ་ནར་སོན་པ་དང་། ཡང་ན་ལོ་རྒས་ཏེ་ངལ་རྩོལ་ནུས་པ་ཉམས་ཏེ་ངལ་རྩོལ་གྱི་ལས་གནས་ནས་བུད་རྗེས། ཁོ་ཚོའི་གཞི་རྩའི་འཚོ་བ་ཐག་གཅོད་བྱར་བསྐྲུན་པའི་སྤྱི་ཚོགས་ཁག་ཁུར་གྱི་ལམ་ལུགས་ཤིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
养老保险
ཕྱི་ཡིག་གི་མིང་།
Endowment Insurance
བྱེད་ནུས།
ངལ་རྩོལ་གྱི་ཐོན་སྐྱེད་བསྐྱར་མ་འགན་ལེན་བྱེད་པར་ཕན་པ་ཡོད་པ།
1 གོ་དོན།

རྒྱལ་ཁབ་དང་སྤྱི་ཚོགས་ཀྱིས་བཅའ་ཁྲིམས་དང་ཁྲིམས་སྲོལ་ངེས་ཅན་ཞིག་གཞིར་བྱས་ཏེ། ངལ་རྩོལ་པ་རྒྱལ་ཁབ་ཀྱིས་གཏན་ལ་ཕབ་པའི་ངལ་རྩོལ་འོས་འགན་ལས་གྲོལ་བའི་ལོ་ནར་སོན་པ་དང་། ཡང་ན་ལོ་རྒས་ཏེ་ངལ་རྩོལ་ནུས་པ་ཉམས་ཏེ་ངལ་རྩོལ་གྱི་ལས་གནས་ནས་བུད་རྗེས། ཁོ་ཚོའི་གཞི་རྩའི་འཚོ་བ་ཐག་གཅོད་བྱར་བསྐྲུན་པའི་སྤྱི་ཚོགས་ཁག་ཁུར་གྱི་ལམ་ལུགས་ཤིག་ཡིན། 

2  འགན་བཅོལ་ནང་ཞུགས་རྒྱུའི་ཁྱབ་ཁོངས་དང་འགྲོ་གྲོན་འཇལ་དངུལ།

1.ལས་བཟོ་བ་གཞི་རྩའི་རྒན་གསོ་ཁག་ཁུར་གྱི་ཁྱབ་ཁོངས་སུ་ཞུགས་པ་དང་། ལས་ཁུངས་དང་བཟོ་བ་ཚོ་དང་མཉམ་དུ་རྒན་གསོ་ཁག་ཁུར་གྱི་གསོག་དངུལ་སྤྲོད་དགོས།

2.སྒེར་བཟོ་ཚོང་ཐེམ་དུད་དང་ལས་ཁུངས་ཀྱི་རྒན་གསོ་ཁག་ཁུར་མ་དངུལ་མ་སྤྲད་པའི་སྐོར། ཉིན་ཧྲིལ་བོའི་ལམ་ལུགས་མ་ཡིན་པའི་ལས་ཞུགས་མི་སྣ་དང་དེ་བཞིན་སྐབས་བསྟུན་གྱིས་ལས་ཞུགས་བྱས་ཡོད་པའི་ལས་ཞུགས་མི་སྣ་སོགས་རྒན་གསོ་ཁག་ཁུར་གྱི་གསོག་མ་དངུལ་དུ་ཞུགས་ཆོག་པ་དང་། མི་སྒེར་ནས་གཞི་རྩའི་རྒན་གསོ་ཁག་ཁུར་གྱི་གསོག་དངུལ་འཇལ་དགོས།

3.གཞུང་ཞབས་པ་དང་གཞུང་ཞབས་པའི་བཅའ་ཁྲིམས་གཞིར་བཟུང་ནས་དོ་དམ་བྱེད་པའི་ལས་ཞུགས་མི་སྣས་རྒན་གསོ་ཁག་ཁུར་གསོག་དངུལ་སྤྲོད་དགོས་པ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཏན་འབེབས་བྱ་དགོས།

3 རྒན་གསོ་ཁག་ཁུར་གྱི་གསོག་དངུལ་ལོ་རེར་ག་ཚོད་སྤྲོད་དགོས།

1.གཞི་རྩའི་རྒན་གསོ་ཁག་ཁུར་ལ་ཞུགས་མཁན་མི་སྒེར་ནས་ཁྲིམས་བཀོད་ཀྱི་ལས་འཁྱུར་ངལ་གསོའི་ལོ་ཚོད་ལ་ཐོན་རག་བར། རིམ་རྩིས་ལྟར་ལོ་བཅོ་ལྔ་ལ་གསོག་དངུལ་འཇལ་དགོས་ལ། ལོ་བཅོ་ལྔའི་རྗེས་སུ་ཟླ་རེ་བཞིན་གཞི་རྩའི་རྒན་གསོའི་འཚོ་དངུལ་བླངས་ཆོག

2. གཞི་རྩའི་རྒན་གསོ་ཁག་ཁུར་ལ་ཞུགས་མཁན་མི་སྒེར་ནས་ཁྲིམས་བཀོད་ཀྱི་ལས་འཁྱུར་ངལ་གསོའི་ལོ་ཚོད་ལ་ཐོན་རག་བར་ལོ་བཅོ་ལྔ་མ་ལོན་ན། ལོ་བཅོ་ལྔ་ལོན་ཚོད་བར་དུ་གསོག་དངུལ་འཇལ་དགོས། ལོ་ལོངས་ཚེ་ཟླ་རེ་བཞིན་གཞི་རྩའི་རྒན་གསོའི་འཚོ་དངུལ་བླངས་ཆོག་པ་དང་། ཡང་ན་དཔེ་གསར་གྲོང་གསེབ་སྤྱི་ཚོགས་ཀྱི་རྒན་གསོ་ཁག་ཁུར་གྱི་གསོག་དངུལ་དང་གྲོང་རྡལ་ཅན་གྱི་སྡོད་དམངས་སྤྱི་ཚོགས་ཀྱི་རྒན་གསོ་ཁག་ཁུར་གྱི་གསོག་དངུལ་དུ་བསྒྱུར་ཆོག་པ་མ་ཟད། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཏན་འབེབས་ལྟར་རྒན་གསོ་ཁག་ཁུར་གྱི་འཚོ་དངུལ་གྱི་ཐོབ་ཐང་ལོངས་སུ་སྤྱོད་ཆོག

4 ​རྒན་གསོ་ཁག་ཁུར་ལ་ཞུགས་པར་ཁྲིམས་སྲོལ་གྱི་གཞི་འཛིན་ས་གཙོ་བོ།

《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ངལ་རྩོལ་སྐོར་གྱི་བཅའ་ཁྲིམས》དང《རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བཙུགས་པའི་གཅིག་གྱུར་ཡིན་པའི་ཁེ་ལས་ཀྱི་ལས་བཟོ་བའི་གཞི་རྩའི་རྒན་གསོ་ཁག་ཁུར་གྱི་གསོག་དངུལ་ལམ་ལུགས་ཀྱི་གཏན་འབེབས》(རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྤྱི་ལོ1997ལོར་ཁྱབ་བསྒྲགས་བྱས། ཨང་རྟགས26པ།)《སྤྱི་ཚོགས་འགན་བཅོལ་གྲོན་དངུལ་བསྡུ་འཇལ་བྱེད་པའི་གནས་སྐབས་སྲོལ་ཡིག》(རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བཀའ་རྒྱ་བསྒྲགས་པ། ཨང་རྟགས259པ།)《ཧོ་པེ་ཞིང་ཆེན་གྱི་གཅིག་གྱུར་ངང་ཁེ་ལས་ལས་བཟོ་བའི་གཞི་རྩའི་རྒན་གསོ་ཁག་ཁུར་གྱི་གསོག་དངུལ་གྱི་ལམ་ལུགས་ལག་བསྟར་བྱེད་པའི་ཐབས་ལམ》(ཧོ་པེ་སྲིད་གཞུང་གིས་སྤྱི་ལོ1998ལོར་ཁྱབ་བསྒྲགས་བྱས། ཨང་རྟགས་དང་པོ།)སོགས་བཅའ་ཁྲིམས་ཁྲིམས་སྲོལ།

5 གསོག་དངུལ་འཇལ་བའི་བསྡུར་ཚད།

འགན་བཅོལ་ལྔ་དང་གསོག་དངུལ་གཅིག་དེའི་ཁག་ཅིག་ལས་ཁུངས་ཀྱིས་འཁུར་དགོས་པ་དང་། དེ་ནི་ལས་ཁུངས་ནས་དངུལ་ཁང་གི་རྩིས་ཁྲའི་ནང་བླུགས་ནས་ཐད་ཀར་འཕྲི་འཐེན་བྱེད་པ་ཡིན། ཁག་ཅིག་ལས་བཟོ་བ་རང་ཉིད་ནས་འགན་འཁུར་དགོས་པ་དང་། ལས་བཟོའི་གླ་ཕོགས་བྱང་བུའི་ནང་ནས་ཐད་ཀར་དུ་འཕྲི་འཐེན་བྱེད་པ་ཡིན།

ས་ཁུལ་རེ་རེའི་གསོག་དངུལ་འཇལ་ཚད་གཅིག་པ་མིན། དཔེར་ན། ང་ཚོའི་པེ་ཅིང་ས་ཁུལ་ལ་མཚོན་ན། བདག་གཉེར་བ་ཞིག་གི་ཟླ་གཅིག་གླ་ཕོགས་སྒོར་ཁྲི་གཅིག་ཡིན་ན། ཟླ་རེར་འཁུར་དགོས་པའི་སྤྱི་ཚོགས་འགན་སྲུང་དང་སྤྱི་བསགས་མ་དངུལ་མ་གནས་ནི་འདི་ལྟ་སྟེ།


དངུལ་སྤྲོད་ཀྱི་རིགས།

གསོག་དངུལ་འཇལ་བའི་བསྡུར་ཚད།


ཟླ་གཅིག་གླ་ཕོགས་སྒོར་ཁྲི་ཅན་གྱི་དངུལ་འཇལ་གྲངས་ཀ

ལས་ཁུངས་ཀྱི་འཇལ་དངུལ་བསྡུར་ཚད།

མི་སྒེར་གྱི་འཇལ་དངུལ་བསྡུར་ཚད།

ལས་ཁུངས་ཀྱི་འཇལ་དངུལ།


མི་སྒེར་གྱི་འཇལ་དངུལ།

རྒན་གསོ་ཁག་ཁུར།

19%

8%

1900

800

ལས་ཤོར་ཁག་ཁུར།

0.8%

0.2%

80
20

རྨས་སྐྱོན་ཁག་ཁུར།

0.5%

མི་འཇལ།

50 0

སྐྱེས་གསོ་ཁག་ཁུར།

0.8%

མི་འཇལ།

80 0

ནད་གསོ་ཁག་ཁུར།

10%

2%+3

1000 203

སྡོད་ཁང་གི་སྤྱི་གསོག་མ་དངུལ།

12%

12%


1200
1200

བསྡོམས་འབོར།

43.1%

22.2%+3

4310 2223

སྤྱི་ལོ2016ལོའི་པེ་ཅིང་གྲོང་ཁྱེར་གྱི་འགན་བཅོལ་ལྔ་དང་གསོག་དངུལ་གཅིག་ཚད་ལྡན་གྱི་དངུལ་སྤྲད་དཔེ་བརྗོད།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-09-26

གསར་སྤེལ་མཁན། :བོན་སྐོར་པད་མ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།