ཕྱོགས་ལྔ་གཞི་གཅིག
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཕྱོགས་ལྔ་གཞི་གཅིག
ཚོགས་ཆེན་བཅོ་བརྒྱད་པའི་སྙན་ཞུ་བྱས་པའི་བཤད་སྟངས་གསར་པའི་གྲས་ཤིག་ཡིན། དཔལ་འབྱོར་འཛུགས་སྐྲུན་དང་། ཆབ་སྲིད་འཛུགས་སྐྲུན། རིག་གནས་འཛུགས་སྐྲུན། སྤྱི་ཚོགས་འཛུགས་སྐྲུན། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བཅས་སོ། །
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
五位一体
ཕྱི་ཡིག་གི་མིང་།
Five in One
1 ​ངོ་སྤྲོད།

ཕྱོགས་ལྔ་གཞི་གཅིག་ནི། ཚོགས་ཆེན་བཅོ་བརྒྱད་པའི་སྙན་ཞུ་བྱས་པའི་བཤད་སྟངས་གསར་པའི་གྲས་ཤིག་ཡིན། དཔལ་འབྱོར་འཛུགས་སྐྲུན་དང་། ཆབ་སྲིད་འཛུགས་སྐྲུན། རིག་གནས་འཛུགས་སྐྲུན། སྤྱི་ཚོགས་འཛུགས་སྐྲུན། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་སོགས་ལ་དམིགས་ཏེ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་དང། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་སྙན་ཞུ་ལྟར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་གི་ཆེད་དུ་ཕྱོགས་ལྔ་གཞི་གཅིག་གི་སྤྱིའི་བཀོད་པ་ཁྱབ་གདལ་འཕེལ་རྒྱས་སུ་གཏོང་བ་ལ་སྐུལ་འདེད་བྱ་དགོས།

ཕྱོགས་ལྔ་གཞི་གཅིག་གི་སྤྱིའི་བཀོད་ཁྱབ་ནི། ཀྲུང་གོ་གུང་ཁྲན་ཏང་གིས་འཕེལ་རྒྱས་ག་འདྲ་ཞིག་མངོན་འགྱུར་བྱ་རྒྱུ་དང་། འཕེལ་རྒྱས་ཇི་ལྟར་གཏོང་བ་བཅས་ཀྱི་གལ་ཆེན་ཐབས་ཇུས་གནད་དོན་ལ་ཚན་རིག་གི་སྒོ་ནས་ལན་བཏབ་པ་ཡིན། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་གཞུང་ལུགས་མ་ལག་བཀོལ་སྤྱོད་པའི་བསམ་བློ་ལ་དྲག་ཆས་སྤྲས་རྒྱུ་དང་། ལག་ལེན་ལ་མཛུབ་སྟོན། ལས་དོན་ལ་སྐུལ་འདེད་གཏོང་བཅས་བྱས་ཏེ་བསམ་པའི་མཚོན་ཆ་སྟོབས་ལྡན་དུ་གཏོང་དགོས།

ཕྱོགས་ལྔ་གཞི་གཅིག་ནི་དེང་རབས་ཅན་དུ་འགྱུར་བའི་ཆེས་ཕུན་སུམ་ཚོགས་པའི་རིགས་པའི་གཞུང་ལུགས་ཀྱི་མ་ལག་ཅིག་ཡིན། དེའི་སྔོན་གྱི་བརྗོད་སྟངས་གཙོ་བོ་ནི་དཔལ་འབྱོར་དེང་རབས་ཅན་དེ་ཡིན་ལ། ཚོགས་ཆེན་བཅུ་དྲུག་པའི་སྙན་ཞུ་ལས་གནས་གསུམ་གཞི་གཅིག(དཔལ་འབྱོར་འཛུགས་སྐྲུན། ཆབ་སྲིད་འཛུགས་སྐྲུན། རིག་གནས་འཛུགས་སྐྲུན།)བཏོན་པ་དང་། ཚོགས་ཆེན་བཅུ་བདུན་པའི་སྐབས་སུ། གནས་བཞི་གཞི་གཅིག( དཔལ་འབྱོར་འཛུགས་སྐྲུན། ཆབ་སྲིད་འཛུགས་སྐྲུན། རིག་གནས་འཛུགས་སྐྲུན། སྤྱི་ཚོགས་འཛུགས་སྐྲུན།)ཅེས་པ་བཏོན། ཐེངས་འདིར་སྔར་ལས་རྒྱ་ཆེར་འཕེལ་ནས་ཕྱོགས་ལྔ་གཞི་གཅིག(དཔལ་འབྱོར་འཛུགས་སྐྲུན། ཆབ་སྲིད་འཛུགས་སྐྲུན། རིག་གནས་འཛུགས་སྐྲུན། སྤྱི་ཚོགས་འཛུགས་སྐྲུན། སྐྱེ་ཁམས་འཛུགས་སྐྲུན)བཏོན། སྤྱིའི་བཀོད་ཁྱབ་འདིས་ཀྲུང་གོ་དུས་རབས་ཉེར་གཅིག་པར་སླེབས་པ་ན། ཕྱོགས་རེ་བའི་ཆ་ནས་དེང་རབས་ཅན་དུ་མངོན་འགྱུར་བྱེད་པ་དང་། ཁྱོན་ཡོངས་ནས་དེང་རབས་ཅན་དུ་མངོན་འགྱུར་བྱེད་པ། རྒྱུན་མི་ཆད་པར་མཐུན་སྦྱོར་གྱི་དེང་རབས་ཅན་དུ་འགྱུར་བ་ནས་ཁྱོན་ཡོངས་ནས་མཐུན་སྦྱོར་གྱི་དེང་རབས་ཅན་དུ་འགྱུར་བ་མཚོན།

2 ཕན་ཚུན་བར་གྱི་འབྲེལ་བ།

དེ་ནི་ཕྱོགས་ལྔ་གཞི་གཅིག་གི་གཞི་མཐུན་གྱི་ཆ་ཅན་ཞིག་ཡིན། དེའི་ནང་གི་དཔལ་འབྱོར་འཛུགས་སྐྲུན་ནི་རྩ་བ་དང་། ཆབ་སྲིད་འཛུགས་སྐྲུན་ནི་འགན་ལེན་དང་། རིག་གནས་འཛུགས་སྐྲུན་ནི་བླ་སྲོག སྤྱི་ཚོགས་འཛུགས་སྐྲུན་ནི་ཆ་རྐྱེན། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ནི་རྨང་གཞི་བཅས་ཡིན།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-10-23

གསར་སྤེལ་མཁན། :བོན་སྐོར་པད་མ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།