སྒྱུར་ཐབས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

མང་ཉུང་འདྲ་བའི་གྲངས་ཀ་དུ་མ་མུ་མཐུད་དུ་སྣོན་པའི་རྩིས་ཐབས་ཀྱི་རྩིས་ཚུལ་སྟབས་བདེ་ཞིག
1 ལོ་ཙཱ།

རྒྱ་ཡིག 乘法

དབྱིན་ཡིག multiplying, multiplication

2 རྒྱས་འགྲེལ།

1.དག་ཡིག་གསར་བསྒྲིགས་ལས།  མང་ཉུང་འདྲ་བའི་གྲངས་ཀ་དུ་མ་མུ་མཐུད་དུ་སྣོན་པའི་རྩིས་ཐབས་ཀྱི་རྩིས་ཚུལ་སྟབས་བདེ་ཞིག་སྟེ། དཔེར་ན་གྲངས་ཀ་གཉིས་ཅན་ལྔ་མུ་མཐུད་དུ་སྣོན་པ་ལས་གཉིས་བསྒྱུར་ན་བཅུ་ཞེས་པའི་སྒྱུར་ཐབས་སྤྱད་ཆོག་པ་ལྟ་བུའོ། ། འདི་ལ་སྒྱུར་རྩིས་ཀྱང་ཟེར།

2.བོད་ཡིག་ཚིག་གཏེར་རྒྱ་མཚོ་ལས།  ཨང་རྩིས་རིག་པའི་ཐ་སྙད་ཅིག དཔེར་ན།  དགུ་གཅིག་གཅིག་དགུ་དགུ་རང་ལ།  དགུ་གཉིས་གཉིས་དགུ་བཅོ་བརྒྱད་ཡིན།  དགུ་གསུམ་གསུམ་དགུ་ཉི་ཤུ་བདུན།  ཞེས་སོགས་ལྟ་བུ་རྣམས་སོ།།

3.བོད་རྒྱ་ཚིག་མཛོད་ཆེན་མོ་ལས།  སྒྱུར་རྩིས་རྒྱག་པའི་ཚུལ་ལུགས། 乘法。数学计算法中基本四则之一。

4.སྨོན་ལམ་ཚིག་མཛོད་ཆེན་མོ་ལས།  མིང་ཚིག རྩིས་རིག  མང་ཉུང་འདྲ་བའི་གྲངས་ཀ་དུ་མ་མུ་མཐུད་དུ་སྣོན་པའི་རྩིས་ཐབས་ཀྱི་རྩིས་ཚུལ་སྟབས་བདེ་ཞིག་སྟེ། དཔེར་ན། གྲངས་ཀ་གཉིས་ཅན་ལྔ་མུ་མཐུད་དུ་སྣོན་པ་ལ་ལྔས་གཉིས་བསྒྱུར་ན་བཅུ་ཞེས་པའི་སྒྱུར་ཐབས་སྤྱད་ཆོག་པ་ལྟ་བུ།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-08-20

གསར་སྤེལ་མཁན། :ཆོས་དབྱིངས།འཕགས་མོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།