སྐྱེས་བུ་གསུམ་གྱི་ལམ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྐྱེས་བུ་ཆེ་འབྲིང་ཆུང་གསུམ་གྱི་ལམ་སྟེ། སྙིང་རྗེ་ཆེན་པོའི་གཞན་དབང་དུ་གྱུར་བའི་སྒོ་ནས་སེམས་ཅན་གཞན་གྱིས་སངས་རྒྱས་ཐོབ་ཕྱིར་རྣམ་མཁྱེན་དོན་དུ་གཉེར་བའི་ཆ་ནས་བཞག་པའི་བསམ་པ་ནི་སྐྱེས་བུ་ཆེན་པོའི་ལམ་དང་། འཁོར་བའི་ཕུན་ཚོགས་ལ་བློ་ལོག་པའི་སྒོ་ནས་རང་ཁོ་ནའི་དོན་དུ་ཐར་བ་གཙོ་བོར་དོན་དུ་གཉེར་བའི་ཆ་ནས་བཞག་པའི་བསམ་པ་སྐྱེས་བུ་འབྲིང་དང་། ཚེ་ཕྱི་མའི་འཁོར་བའི་མངོན་མཐོ་ཙམ་གཙོ་བོར་དོན་དུ་གཉེར་བའི་ཆ་ནས་བཞག་པའི་བསམ་པ་སྐྱེས་བུ་ཆུང་ངུའི་ལམ་ཡིན་ནོ། །
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
三士道
ཁོངས་གཏོགས།
ནང་བསྟན་གྱི་བརྡ་ཆད།
1 རྒྱས་འགྲེལ།

1.《བྱང་ཆུབ་ལམ་གྱི་སྒྲོན་མ》ལས། གང་ཞིག་ཐབས་ནི་གང་དག་གིས། ། འཁོར་བའི་བདེ་བ་ཙམ་དག་ལ། ། རང་ཉིད་དོན་དུ་གཉེར་བྱེད་པ། ། སྐྱེས་བུ་དེ་ནི་ཐ་མར་ཤེས། ། གང་ཞིག་རང་ཞི་ཙམ་དོན་གཉེར། ། སྲིད་པའི་བདེ་ལ་རྒྱབ་ཕྱོགས་ཤིང༌། ། སྡིག་པའི་ལས་ལས་ལྡོག་བདག་ཉིད། ། སྐྱེས་བུ་དེ་ནི་འབྲིང་ཞེས་བྱ། ། རང་རྒྱུད་གཏོགས་པའི་སྡུག་བསྔལ་གྱིས། ། གང་ཞིག་གཞན་གྱི་སྡུག་བསྔལ་ཀུན། ། ཡང་དག་ཟད་པར་ཀུན་ནས་འདོད། ། སྐྱེས་བུ་དེ་ནི་མཆོག་ཡིན་ནོ། ། ཞེས་གསུངས་སོ། ། 

2.《གངས་ལྗོངས་མཁས་དབང་རིམ་བྱོན་གྱི་རྩོམ་ཡིག་གསེར་གྱི་སྦྲམ་བུ》ལས། སྐྱེས་བུ་ཆེ་འབྲིང་ཆུང་གསུམ་གྱི་ལམ་སྟེ། སྙིང་རྗེ་ཆེན་པོའི་གཞན་དབང་དུ་གྱུར་བའི་སྒོ་ནས་སེམས་ཅན་གཞན་གྱིས་སངས་རྒྱས་ཐོབ་ཕྱིར་རྣམ་མཁྱེན་དོན་དུ་གཉེར་བའི་ཆ་ནས་བཞག་པའི་བསམ་པ་ནི་སྐྱེས་བུ་ཆེན་པོའི་ལམ་དང་། འཁོར་བའི་ཕུན་ཚོགས་ལ་བློ་ལོག་པའི་སྒོ་ནས་རང་ཁོ་ནའི་དོན་དུ་ཐར་བ་གཙོ་བོར་དོན་དུ་གཉེར་བའི་ཆ་ནས་བཞག་པའི་བསམ་པ་སྐྱེས་བུ་འབྲིང་དང་། ཚེ་ཕྱི་མའི་འཁོར་བའི་མངོན་མཐོ་ཙམ་གཙོ་བོར་དོན་དུ་གཉེར་བའི་ཆ་ནས་བཞག་པའི་བསམ་པ་སྐྱེས་བུ་ཆུང་ངུའི་ལམ་ཡིན་ནོ། །

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-08-17

གསར་སྤེལ་མཁན། :བླ་མ་གཡང་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།